ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།

ལོ་ ངོ་ བཅོ་ ལྔའི་ རིང་ བསྟུད་ མར་ རྨིས་ པའི་ རྨི་ ལམ།




ཁོ་ བོ་ སྐྱབས་ བཅོལ་ ལ་ ཡོང་ དུས་ བོད་ མི་ བསོད་ ནམས་ ཅན་ སྐོར་ ཞིག་ ལྟར་ རྒྱ་ ནག་ གི་ ཕྱི་ སྐྱོད་ ལག་ ཁྱེར་ བཟུང་ ནས་ འགྲམ་ འགག་ སྒོ་ བརྒྱུད་ དེ་ ཡོང་ བའམ། ཡང་ ན་ འགྲམ་ བར་ དུ་ འགྲོ་ ཆོག་ པའི་ ལག་ ཁྱེར་ ལ་ བརྟེན་ ནས་ འགྲམ་ འགག་ སྒོར་ འབྱོར་ རྗེས་ བལ་ བོའི་ ལམ་ ཁྲིད་ ཀྱི་ རོགས་ རམ་ ལ་ བརྟེན་ ནས་ ཉི་ མ་ གཉིས་ གསུམ་ གྱི་ རིང་ ལ་ འགྲམ་ གྱི་ རི་ མགོར་ འགོས་ རྗེས་ བལ་ ཡུལ་ ས་ ཐོག་ ལ་ འབྱོར་ ནས་ སྤྱི་ སྤྱོད་ རླངས་ འཁོར་ ལ་ བསྡད་ དེ་ རྒྱལ་ ས་ ཀ ་ ཐུ་ མན་ ཀྲུ་ ལ་ འབྱོར་ བ་ ཞིག་ མིན་ པར། མི་ སྡིག་ སྒྲིབ་ ཅན་ སྐོར་ ཞིག་ གི་ བཞུད་ ལམ་ སྟེ་ ས་ དགའ་ རྫོང་ གི་ ཐག་ ཉེ་ ཞིག་ ནས་ གོམ་ བགྲོད་ ཀྱིས་ བལ་ བོད་ ས་ མཚམས་ བརྒལ་ ཞིང་ ། དེ་ ནས་ ཀྱང་ ཉི་ མ་ འགའ་ ལ་ མཚན་ མོ་ རྐྱང་ རྐྱང་ གི་ རིང་ ལ་ རི་ འཛེག་ གཙང་ བརྒལ་ གྱིས་ སྤྱི་ སྤྱོད་ རླངས་ འཁོར་ ཡོད་ སའི་ སྤོག་ རར་ འབྱོར་ རྗེས་ གཞི་ ནས་ ངལ་ གསོའི་ དབུགས་ དབྱུངས་ རེ་ ཐོབ་ ཐུབ་ པའི་ མི་ དེ་ ཚོའི་ གྲས་ ཀྱི་ གཅིག་ ཡིན།

ང་ དང་ ངའི་ འགྲོ་ རོགས་ ཚོ་ བཀྲ་ ཤིས་ ལྷུན་ པོའི་ ཉེ་ འགྲམ་ ཞིག་ ནས་ ཤར་ རླུང་ རྟགས་ ཅན་ གྱི་ རླངས་ འཁོར་ ཞིག་ གི་ རྒྱབ་ ཕྱོགས་ རས་ ཀྱིས་ བཀབ་ པ་ ཞིག་ ཏུ་ བསྡད་ ཅིང་ ། དེ་ ནས་ མཚན་ གང་ བོར་ འཁོར་ སྒམ་ གྱི་ ནང་ དུ་ ཕར་ གཡུག་ ཚུར་ གཡུག་ བྱེད་ བཞིན་ གཉིད་ ཐུན་ གཅིག་ ཀྱང་ ལོག་ མི་ ཐུབ་ པའི་ ངང་ འགྲུལ་ བཞུད་ དང་ ། ཕྱི་ ཉིན་ ཉིན་ གང་ བོར་ ཡང་ དེ་ བཞིན་ སེམས་ པ་ དངངས་ སྐྲག་ གི་ ངང་ ནས་ བསྐྱོད་ ཅིང་ ། དེའི་ དགོང་ མོར་ ས་ ཚིགས་ ཤིག་ ནས་ མི་ ཚང་ ཞིག་ གི་ རྡོ་ བརྩིགས་ ཀྱི་ ཁང་ པ་ ཞིག་ ཏུ་ ཉལ་ རྒྱུ་ བྱུང་ བར་ དགའ་ སྤྲོ་ ཚོད་ མེད་ སྐྱེས། ས་ མཚམས་ བརྒལ་ དུས་ རྒྱ་ དམག་ གིས་ ཕར་ ཕྱོགས་ ཀྱི་ རི་ ངོས་ ཤིག་ ནས་ མེ་ མདའ་ སྦག་ སྦག་ ཚོད་ མེད་ དུ་ བརྒྱབ་ བྱུང་ ཡང་ ། ཕར་ རི་ ཚུར་ རིའི་ བར་ ཐག་ རིང་ དྲགས་ པའི་ རྐྱེན་ གྱིས་ ང་ ཚོར་ མདེའུ་ ཕོག་ མ་ བྱུང་ ཡང་ འཇིགས་ སྐྲག་ ཆེན་ པོ་ ཞིག་ སྐྱེས་ སོང་ །

གང་ ལྟར་ དེ་ དུས་ ཉི་ མ་ བཅུ་ གྲངས་ ཤིག་ ལ་ སེམས་ པ་ འཇིགས་ སྐྲག་ དང་ བྲེལ་ འཚབ་ ཁོ་ ནའི་ ངང་ དུ་ བསྐྱལ་ བའི་ ཉེན་ ལེན་ གྱིས། ལོ་ ངོ་ དྲུག་ བདུན་ ཞིག་ གི་ རིང་ ལ་ རྒྱ་ གར་ དང་ བལ་ ཡུལ་ དུ་ བསྡད་ པའི་ རིང་ དང་ ། དེ་ རྗེས་ ཨ་ རི་ ནས་ ལོ་ ངོ་ བརྒྱད་ ལ་ བསྡད་ པའི་ རིང་ གཉིས་ ཀར་ མཚམས་ ཚིགས་ མེད་ པར་ རྨི་ ལམ་ གཅིག་ བརྒྱུད་ མར་ བཏང་ བ་ ནི། རྨི་ ལམ་ ནང་ དུ་ གང་ ཡིན་ ཅི་ ཡིན་ མེད་ པར་ བོད་ དུ་ བསླེབས་ འདུག་ ཅིང་ ། ད་ ནི་ ཕྱིར་ རྒྱ་ གར་ དུ་ ཅི་ ལྟར་ འགྲོ་ དགོས་ སྙམ་ པའི་ སེམས་ ཁྲལ་ དང་ ། ཡང་ ལྷ་ ས་ ནས་ རོགས་ པ་ འགའ་ དང་ བསྡེབས་ ནས་ བལ་ བོད་ ས་ མཚམས་ ཤིག་ ལ་ བསླེབས་ རྗེས་ བལ་ དམག་ དང་ རྒྱ་ དམག་ གིས་ རྗེས་ འདེད་ དྲག་ པོ་ བྱེད་ བཞིན་ པ་ སོགས་ རེད།

མདང་ དགོང་ གི་ རྨི་ ལམ་ ནང་ དུ་ ཁོ་ བོ་ ལྷ་ སའི་ མི་ ཚོགས་ ཆེན་ པོ་ ཞིག་ གི་ དཀྱིལ་ དུ་ འདུག་ ཅིང་ ། གློ་ བུར་ དུ་ གྱོན་ ཆས་ དཀྱུས་ མ་ གྱོན་ ཅིང་ བོད་ སྐད་ བཤད་ པའི་ མི་ བཞི་ ཡོང་ ནས་ ཁོ་ བོ་ འཛིན་ བཟུང་ གིས་ ས་ ཆ་ ཞིག་ ཏུ་ ཁྲིད་ སོང་ བ་ དང་ ། དེ་ རུ་ བོད་ པ་ མང་ པོ་ ཞིག་ ལ་ གཅར་ རྡུང་ བྱས་ ནས་ ལུས་ པོ་ ཡོངས་ རྫོགས་ ཁྲག་ གིས་ བརྫིས་ པ་ དག་ མཐོང་ རྒྱུ་ ཡོད་ ཅིང་ ། རང་ སེམས་ ལ་ ད་ ནི་ ཁོ་ བོར་ ཡང་ མི་ འདི་ དག་ ཅི་ བཞིན་ ཁྲག་ དྲི་ འཐུལ་ བའི་ གཅར་ རྡུང་ བྱེད་ རྒྱུ་ རེད་ སྙམ་ པའི་ འཇིགས་ སྐྲག་ ཅིག་ སྐྱེས་ སོང་ ། ཡང་ ཁང་ པ་ ཞིག་ ཏུ་ ཁྲིད་ དེ་ རྒྱ་ དམག་ ཅིག་ གིས་ གློག་ ཀླད་ ཅིག་ གི་ ནང་ དུ་ ཁོ་ བོས་ བྲིས་ པའི་ རྩོམ་ ཡིག་ མང་ པོ་ ཞིག་ སྔོགས་ བཤེར་ བྱེད་ བཞིན་ འདུག་ པ་ དང་ ། མཚམས་ ཤིག་ ལ་ ཏྰ་ ལའི་ བླ་ མ་ ཅིག་ ཅིག་ ཉིག་ ཉིག་ ཅེས་ བྲིས་ ཡོད་ པ་ མང་ པོ་ ཞིག་ ཐོན་ སོང་ ལ། ཡང་ ཡི་ གེ་ མི་ འཆར་ བར་ གོང་ ས་ མཆོག་ གི་ སྐུ་ བརྙན་ ཟུར་ ཟའི་ རི་ མོའི་ རྣམ་ པ་ ཅན་ དང་ འབྲེལ་ བའི་ རི་ མོ་ སྣ་ ཚོགས་ ཤིག་ ཤར་ སོང་ ། དེ་ ནས་ ཡང་ ཁོ་ བོ་ རླངས་ འཁོར་ ཞིག་ ལ་ བསྡད་ དེ་ ས་ ཆ་ ག་ ཤེད་ ཅིག་ ཏུ་ འགྲོ་ བཞིན་ ཡོད་ ཅིང་ ། རླངས་ འཁོར་ དེའི་ ནང་ དུ་ ཆབ་ སྲིད་ ཀྱི་ དོགས་ གཞི་ ཡོད་ པའི་ དངོས་ པོ་ ག་ གེ་ མོ་ ཞིག་ ཡོད་ པའི་ སྟེང་ དུ་ ཤོག་ ཆག་ མང་ པོ་ ཞིག་ སྤུངས་ ནས་ འགེབ་ ཐབས་ བྱེད་ བཞིན་ འདུག ཡང་ ཕྱིར་ རྒྱ་ གར་ དུ་ འགྲོ་ རྒྱུར་ ད་ ལྟ་ དགུན་ ཁ་ ཡིན་ པས་ ས་ མཚམས་ ཡོངས་ རྫོགས་ གངས་ ཀྱིས་ བཟུང་ ཡོད་ པས་ ད་ ནི་ གོམ་ བགྲོད་ ཅི་ ལྟར་ བྱེད་ བསམས་ ཏེ་ སེམས་ ཁྲལ་ བྱེད་ བཞིན་ པ་ ཞིག་ ཀྱང་ འདུག རྨི་ ལམ་ འདི་ དག་ གི་ ནང་ དུ་ རྒྱ་ དམག་ དང་ བལ་ དམག་ གིས་ འཛིན་ གྲབ་ ཡོད་ དུས་ རྨི་ ལམ་ སད་ ཐེངས་ རེ་ རེ་ བཞིན་ སེམས་ ནང་ ལ་ ང་ རང་ བལ་ ཡུལ་ དང་ རྒྱ་ གར། ཡང་ ན་ ཨ་ མེ་ རི་ ཁར་ འདུག་ ཨང་ སྙམ་ པའི་ བདེ་ ཚོར་ བརྗོད་ དུ་ མེད་ པ་ རེ་ ཡང་ ཡོང་ གི་ འདུག

གང་ ལྟར་ ལོ་ ངོ་ བཅོ་ ལྔའི་ རིང་ ལ་ བོད་ དུ་ བསླེབས་ ནས་ ཕྱིར་ ག་ འདྲ་ བྱས་ ནས་ ལོག་ དགོས་ སྙམ་ པའི་ སེམས་ ཁྲལ་ དང་ དངངས་ སྐྲག་ ཁོ་ ན་ སྐྱེས་ པའི་ རྨི་ ལམ་ ནག་ པོ་ འདིས་ ཁོ་ བོར་ དུས་ རྟག་ ཏུ་ ནམ་ གུང་ སྔངས་ ལོག་ བྱེད་ དུ་ བཅུག་ པ་ རྩིས་ ཀྱིས་ མི་ ལངས་ ཤིང་ ། གྲོགས་ པོ་ རེ་ ཟུང་ གིས་ ཀྱང་ ང་ དང་ མཚུངས་ པར་ རྨི་ ལམ་ འདི་ འདྲ་ རྟག་ པར་ རྨི་ བཞིན་ ཡོད་ ལུགས་ བརྗོད་ བྱུང་ ལ། རྨི་ ལམ་ འདི་ དག་ མི་ རྨིས་ པའི་ ཐབས་ ཤེས་ རེ་ ཡོད་ དམ། གལ་ སྲིད་ ང་ རང་ བོད་ དུ་ སོང་ ན་ བོད་ ནས་ ཀྱང་ རྨི་ ལམ་ འདི་ དག་ བརྒྱུད་ མར་ རྨི་ རྒྱུ་ ཨེ་ ཡིན།  ཡང་ ན་ རྨི་ ལམ་ འདི་ དག་ གིས་ མ་ འོངས་ པར་ ངའི་ མི་ ཚེའི་ ནང་ དུ་ འབྱུང་ རྒྱུ་ ཡིན་ པའི་ དོན་ དག་ ཅིག་ དུས་ ད་ ལྟ་ ནས་ སྟོན་ བཞིན་ པ་ ཡིན་ ནམ།

བྲེད་ ཤ་ ལངས་ ཤིང་ འཇིགས་ སྐྲག་ ཅན་ གྱི་ རྨི་ ལམ་ འཚུབ་ པོ་ འདི་ རྨི་ མཁན་ ང་ རང་ དང་ ངའི་ གྲོགས་ པོ་ རེ་ ཟུང་ ཞིག་ ཡིན་ ནམ། ཡང་ ན་ ང་ ཚོའི་ རླབས་ ཆེ་ བའི་ དབུ་ ཁྲིད་ གོང་ ས་ མཆོག་ གིས་ ཀྱང་ སྣ་ ཐོད་ ལ་ ནས་ སྐུ་ འཁོར་ རྣམས་ རྒྱ་ གར་ ས་ ཕྱོགས་ སུ་ ཕེབས་ ཐུབ་ ལ་ མི་ ཐུབ་ པའི་ གཟིམ་ ལམ་ འདི་ འདྲ་ རེ་ རྨིས་ གནང་ གིན་ ཡོད་ དམ། གོང་ ས་ ལྔ་ པ་ ཆེན་ པོའི་ གཟིམ་ ལམ་ ཞིག་ ཏུ་ པོ་ ཏྰ་ ལ་ ནས་ དབུ་ ཞྭ་ དང་ ཞབས་ ལྷམ་ ཙམ་ ཡང་ མེད་ པར་ ཕྱོགས་ ཕེབས་ གནང་ བཞིན་ པ་ ཞིག་ རྨིས་ པ་ དེས་ རྗེས་ མར་ རྒྱལ་ མཆོག་ དྲུག་ པ་ ཆེན་ པོས་ རང་ གི་ གསེར་ ཁྲི་ དང་ མི་ དམངས་ ཤུལ་ དུ་ བཞག་ གནང་ ནས་ ས་ མཐར་ ཕེབས་ དགོས་ བྱུང་ བ་ དེ་ བསྟན་ པར་ གསུངས་ པ་ དེ་ དྲན་ ན། གོང་ ས་ མཆོག་ ལ་ ཡང་ གཟིམ་ ལམ་ དེ་ འདྲ་ རེ་ འབྱུང་ བཞིན་ ཡོད་ ངེས་ ཤིང་ ། དེ་ བཞིན་ ང་ ཚོའི་ བཀའ་ བློན་ ཁྲི་ བར་ ཡང་ རྨི་ ལམ་ འདི་ འདྲ་ རེ་ གཏོང་ གིན་ ཡོད་ དམ། ས་ མཚམས་ ནས་ བྲོས་ བྱོལ་ གྱིས་ ཕེབས་ པའི་ ཆོས་ བརྒྱུད་ ཁག་ གི་ དབུ་ ཁྲིད་ ཚོར་ རྨི་ ལམ་ དེ་ འདྲ་ གཏོང་ གིན་ ཡོད་ དམ། ལྷག་ པར་ དུ་ བྲོས་ བྱོལ་ དུ་ ཕེབས་ སྟངས་ ཤིག་ གིས་ འཛམ་ གླིང་ ལ་ སྐད་ གྲགས་ ཆོད་ པའི་ ཀརྨ་ པར་ རྨི་ ལམ་ འདི་ འདྲ་ རེ་ གཏོང་ བཞིན་ ཡོད་ དམ། ས་ མཚམས་ ནས་ རྐང་ ལག་ གངས་ ལྷགས་ ཀྱིས་ བཤུད་ པའི་ བོད་ ཕྲུག་ ཁྱིམ་ སྡེའི་ སློབ་ མ་ ཚོར་ རྨི་ ལམ་ འདི་ འདྲ་ རེ་ གཏོང་ བཞིན་ ཡོད་ དམ། ཤེས་ རབ་ དགའ་ ཚལ་ གླིང་ གི་ དཔུང་ ཤ་ མཐུག་ ཅིང་ བྲང་ ཤ་ འབུར་ བའི་ གསར་ བུ་ གསར་ མོ་ ཚོས་ ཀྱང་ རྨི་ ལམ་ འདི་ འདྲ་ རེ་ གཏོང་ བཞིན་ ཡོད་ དམ། གྲྭ་ ས་ ཁག་ གི་ སློབ་ གཉེར་ བ་ ཕྱི་ རུ་ ཐལ་ མདོག་ ཐོན་ ཡང་ ནང་ ན་ གཟི་ འོད་ འབར་ བ་ དེ་ ཚོར་ ཡང་ རྨི་ ལམ་ འདི་ འདྲ་ རེ་ གཏོང་ བཞིན་ ཡོད་ དམ། ཆབ་ སྲིད་ བཙོན་ པ་ གྲགས་ ཅན་ སྐུ་ ཞབས་ དཔལ་ ལྡན་ རྒྱ་ མཚོར་ རྨི་ ལམ་ འདི་ འདྲ་ ཞིག་ གཏོང་ བཞིན་ ཡོད་ དམ། ད་ ལྟ་ སྙན་ གྲགས་ རྒྱས་ མགོ་ ཚུགས་ པའི་ བཙོན་ ཟུར་ ངག་ དབང་ ཆོས་ འཕེལ་ ལ་ རྨི་ ལམ་ འདི་ འདྲ་ རེ་ གཏོང་ གིན་ ཡོད་ དམ། གལ་ སྲིད་ གོང་ གསལ་ གྱི་ མི་ སྣ་ འདི་ དག་ ཚང་ མས་ ཀྱང་ ང་ དང་ འདྲ་ བར་ རྨི་ ལམ་ འཚུབ་ པོ་ འདི་ འདྲ་ ཞིག་ དུས་ རྟག་ ཏུ་ རྨི་ བཞིན་ ཡོད་ ཚེ། དུས་ ནམ་ ཞིག་ ལ་ ང་ ཚོ་ ཐུན་ མོང་ གི་ རྨི་ ལམ་ འདི་ རྨི་ མཚམས་ འཇོག་ སྲིད།