ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
ནུ་བོའི་འཕྲིན་ཡིག་དང་ཕ་རྒན་གྱི་གནས་སྟངས། 
ཕུ་བོ་ལགས།
བདག་དེ་རིང་ཆབ་ཆའི་སྨན་ཁང་དུ་ཨ་ཕ་དང་ཨ་ཁུ་བརྩོན་འགྲུས་ གཉིས་ཀྱི་རོགས་པར་ཡོང་ནས་དེ་གར་ཞག་སྡོད་བྱས་ཡོད། ཁོང་གཉིས་ཀའི་སྤྱན་ཡས་གཉིས་ལིང་ཏོག་གིས་བསྒྲིབས་ནས་དེ་ཙམ་མཐོང་གིན་མི་ འདུག    ཐེངས་འདིར་ཨ་རིའི་ཆེད་མཁས་མིག་གཤགས་བཅོས་བྱེད་མཁན་སྨན་པ་རྒན་པ་སྐོར་ཞིག་ འདིར་ཕེབས་ནས་རིན་མེད་ཀྱི་སྨན་བཅོས་བྱེད་ཀྱིན་འདུག་པས། ང་ཚོས་གོ་སྐབས་འདི་དམ་འཛིན་བྱས་ནས་འདིར་ཡོང་བ་ཡིན། སང་ཉིན་ནས་བཟུང་བརྟག་དཔྱད་བྱེད་འཆར་ཡོད་ཅིང་། ཕལ་ཆེར་གཟའ་འཁོར་རྗེས་མའི་ནང་དུ་དངོས་སུ་གཤགས་བཅོས་བྱེད་ཐུབ་པ་འདྲ། ཨ་ཁུ་བརྩོན་འགྲུས་ལོ་རྒན་པ་མ་གཏོགས་ལུས་པོ་བཟང་བོ་འདུག   ཡིན་ནའང་ཐེངས་འདིར་ཕ་རྒན་མཐོང་དུས་ཟླ་གཉིས་ཀྱི་སྔོན་ལས་ལྷག་པར་རྒས་པ་ཧ་ཅང་ མགྱོགས་པའི་སྣང་བ་བྱུང་། ད་དུང་ཁོང་གི་སོ་ན་ནས་མ་བཟོད་པར་ཚང་མ་བལ་འདུག་པས་ད་ལྟ་ཟ་མ་བཟའ་རྒྱུར་དཀའ་ ངལ་འདུག   དེ་རིང་ང་ཚོས་དགོང་ཇ་འཐུང་དུས་ཁོང་གིས་ཁུ་ལྡུར་ཞིག་ལས་ཅང་བཞེས་མ་སོང་བས་ ངའི་སེམས་ཧ་ཅང་སྐྱོ་བར་གྱུར།  ཁྱེད་ལ་ལམ་ཡིག་ཡག་པོ་རེ་རག་ན་གང་མྱུར་ཕ་མ་གཉིས་ལ་ངོ་རེ་ཐུག་ཏུ་ཕེབས་ན་བཟང་ བ་འདྲ་བས་ཐུགས་བསམ་བཞེས་རོགས། ཐེངས་སྔོན་མར་ང་ཕ་རྒན་དང་འཕྲད་དུས་ཁོང་གིས་ང་ལ་ཁྱེད་ཀྱི་གནས་ཚུལ་དྲིས་སོང་། ངས་ཡུན་རིང་ཞིག་ལ་ཡི་གེ་དང་ཁ་པར་གཅིག་ཀྱང་སླེབས་མ་སོང་ཞེས་ལན་བཏབ་པར་ཁོང་ གིས་གསན་རྗེས་ང་ལ་ངས་ངག་དབང་བསྟན་འཛིན་ཕ་ཡུལ་དང་ཁ་བྲལ་བ་ནས་དེ་རིང་བར་མ་དྲན་པའི་ཉི་མ་གཅིག་ཀྱང་མེད་ཅེས་ གསུངས་སོང་། ངས་ནི་ཁོང་གིས་གསུང་དེ་འདྲ་འབྱོན་པ་ཆེས་ཐོག་མར་ཐོས་པ་ཡིན། རང་རེའི་ཕ་རྒན་ནི་ང་ཚོ་ཚང་མས་ཤེས་གསལ་ལྟར་སེམས་སྲ་མོ་ཡོད་མཁན་ཞིག་དང་སྐད་ཆ་ སྙན་མོ་དེ་འདྲ་ལབ་མི་ཤེས་མཁན་ཞིག་ཡིན་ནའང་ད་ལྟ་ལོ་དང་ནམ་ཚས་ཐུབ་ཀྱིན་ཡོད་པ་ འདྲ།
ངས་ནི་ཉེ་སྔོན་མཚན་ཁ་ཤས་ལ་བསྟུད་མར་ཕ་རྒན་རྨི་ལམ་དུ་ རྨིས་སོང་། མི་མང་བོ་ཞིག་གིས་ཁྱེད་ཚང་གི་ཕ་རྒན་ཤི་སོང་བ་རེད་ཟེར་ནས་ཆོ་ག་འདྲ་སྒྲུབ་ ཀྱིན་འདུག་ལ། ང་སེམས་འཚབ་སྟེ་སོང་ནས་གཅིག་ལྟ་དུས་ཕ་རྒན་མ་ཤི་བར་གསོན་པོ་བཞུགས་འདུག  དེ་བས་ཕྱི་ཉིན་ངས་ཕ་རྒན་ལ་ཁ་པར་ཞིག་བཏང་དུས་ཁོང་གིས་ངའི་ལག་ཏུ་ཚེ་ཐར་གྱི་ ཕན་ཡོན་ཡག་པོ་ཞིག་རག་པས་དེ་མང་བོ་ཞིག་བསྐྱར་དཔར་བྱས་ཏེ་རྫོང་ཐོག་གི་གྱང་ ངོས་གང་སར་སྦྱོར་གྱིན་ཡོད་གསུངས་སོང་། ངའི་སེམས་ཅུང་བདེ་རུ་བབས་ཏེ། ཨོ། དེ་ཤིན་ཏུ་ཡག་པོ་འདུག   ཁྱེད་ཀྱིས་ད་རུང་ཞོར་དུ་ཚེ་ལྷ་རྣམ་གསུམ་གྱི་གཟུངས་རེ་སྔར་ནས་འདོན་གྱིན་ཡོད་ པ་དེ་ཇེ་མང་དུ་བཏང་ནས་ཐོན་དང་ཚེ་ཐག་རིང་བོ་ཡོང་ངེས་པ་ཐག་ཆོད་ཡིན་ནི་རེད། ཅེས་ཞུས་པ་ཡིན།  མ་ཟད་ཁོང་གིས་དེ་རིང་ཁུལ་ཐོག་ཏུ་ཡོང་ནས་ཀྱང་ཚེ་ཐར་གྱི་ཕན་ཡོན་ཤོག་བུ་དེ་གང་ སར་སྦྱར་འདུག  དེ་བས་ངས་ནི་ཁོང་གི་ཚེ་ཐག་རིང་བོ་ཡོད་རྒྱུ་དང་རྨི་ལམ་དེ་དག་ཀྱང་ཡག་རྟགས་ ཤིག་རེད་འདོད་ནས་བསྡད་ཡོད། 
དངུལ་དེ་གནས་སྐབས་ང་ལ་ལེན་ཐབས་མེད་པས་ཉིན་བཅུ་ཙམ་གྱི་རྗེས་སུ་ཕྱིར་ཟི་ལིང་དུ་སོང་ན་ལེན་ཐུབ་བམ།