ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
བསྙེན་སྒྲུབ་སྐབས་ཀྱི་དངོས་བྱུང་གནས་ཚུལ་བཅར་འདྲི་བྱས་པ། དང་པོ།

སྤྱིར་ ན་ལྷ་མཐོང་འདྲེ་མཐོང་ཞེས་ཆོས་པ་དང་འཇིག་རྟེན་པ་ཐམས་ཅད་ཀྱིས་རྫུན་དང་རྟོག་ བཟོ་འབའ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ལ། ཐེངས་འདིར་ཁམས་ནང་ཆེན་ཚངས་གསར་གནམ་དགོན་དུ་བསྙེན་བསྒྲུབ་ལ་བཞུགས་མཁན་འགའ་ རེར་ལྷའི་ཆོ་འཕྲུལ་དང་འབྲེལ་བར་ལྷ་ལ་གླེང་མོལ་བྱས་པའི་གནས་ཚུལ་དག་སྤྱི་ལོ་ ༢༠༡༡བོད་ཟླ་༧པའི་ཚེས་༡༢ཉིན་། སྐྱོ་བྲག་བཤད་གྲྭར་བསྙེན་སྒྲུབ་ལ་བཞུགས་མཁན་ཐུབ་བསྟན་དཔལ་བཟང་ལ་བཅར་འདྲི་ བྱས་པ།
རིན་བཟང་།  རྒན་བདེ་མོ། 
ཐུབ་བསྟན་དཔལ་བཟང། བདེ་མོ། བདེ་མོ།
རིན་ བཟང། སྤྱིར་ན་དེང་སང་ལྷ་མེད་སྨྲ་བ་ཧ་ཅང་དར་རྒྱས་ཆེན་པོ་བྱུང་བཞིན་འདུག་པས། ལྷ་དང་ལྷའི་བྱིན་རླབས་དང་སྲུང་མའི་མཐུ་ནུས་སོགས་ལ་ཡིད་ཆེས་ཡོད་པ་མ་རེད། ད་རེབས་ཁྱེད་རང་ཚོ་བསྙེན་སྒྲུབ་ལ་བཞུགས་སྐབས་གཞི་བདག་འགས་ཆོ་འཕྲུལ་དང་ འབྲེལ་བར་བསྙེན་བསྒྲུབ་པ་ཨ་ནེ་བསམ་གཏན་བཟང་མོར་བརྒྱུད་ནས་ཁྱེད་རང་གིས་གཞི་ བདག་འགའ་རེར་གནས་ཚུལ་དག་གླེང་མོར་བྱས་པའི་སྐོར་ནས་བདེན་པ་བདེན་དྲང་དག་ གསུངས་རོགས་གནང།         ཐུབ་བསྟན་དཔལ་བཟང་།  འོ་ལེགས་སོ། ད་ང་རང་གིས་སེམས་ན་ཡོད་པ་དེ་དག་བདེན་པ་བདེན་དྲང་ལབ་ཆོག་གི་རེད།                    

རིན་བཟང།                                    དང་པོ་ཁྱེད་རང་གི་ཕ་ཡུལ་དང་དགོན་པ་གང་དང་གང་ཡིན་པ་འབྲེལ་ནས་མུ་འཐུད་ཏེ་གསལ་བོར་གསུང་རོག་གནང།                    ཐུབ་བསྟན་དཔལ་བཟང།                            ངའི་ཕ་ཡུལ་ཁམས་ནང་ཆེན་སྡོམ་པ་ཞངཡུལ་ཚོ་ དེ་ཡི་ནང་ནས་ཀ་སྨད་སྡེ་བ་ཟེར་བ་དེ་ང་ཡི་སྐྱེ་ས་རེད། ཕ་ཡི་མིང་ལ་ཚེ་རྒྱམ་དང་མ་ཡི་མིང་ཉི་མ་ཟེར་བ་རེད། ང་ལོ་བཞི་ལྔ་མཚམས་ནས་ཨ་མ་འདས་སོང་། ང་ཚོའི་ཕ་ཡུལ་བླ་མ་ཚངས་གསར་བློ་གྲོས་རིན་ཆེན་ཁོང་དུས་ཟིང་སྐབས་ཡུལ་ཕྱོགས་ གཞན་དུ་བྱོན་ནས་དགོན་པ་ལ་ཉམས་རྒུད་ཆེན་པོ་ཕྱིན། ཁོང་ལ་ཡང་དཀལ་ངལ་ཆེན་པོ་འཕྲད་ཡོད། དེ་ཞུ་མ་དགོས་བ་དེ་འདྲ་རེད། རིན་པོ་ཆེེ་ཁོང་ཕ་ཡུལ་ལ་ཚུར་བྱོན་ནས་རང་གི་ཕ་མ་གཉིས་ཆོས་ལ་དད་པ་ཡོད་པའི་ཆ་ ནས་ང་རང་རབ་ཏུ་བྱུངསེར་ གོས་གྱོན་ཤེས་སུ་འཚར་ལུང་བྱུང་ཨེ་ཡོངས་བསམ་ནས་བླ་མ་རིན་པོ་ཆེའི་མདུན་ནས་ སྐྲ་བཅད་མིང་ལ་ཐུབ་བསྟན་དཔལ་བཟང་གནང་བ་དེ་འདྲ་རེད། ང་རང་གི་དགོན་པ་འབའ་རོམ་བཀའ་རྒྱུད་ཀྱི་དགོན་སྡེ་ཚངས་གསར་གནམ་དགོན་ཟེར་བ་དེ་ རེད། དེ་དུས་དགོན་པ་ཉམས་རྒུད་ཆེན་པོ་ཕྱིན་ནས་སྦྲ་ནང་དུ་དུས་མཆོད་འཚོགས་པ་མ་ གཏོགས་ཁང་པ་མི་འདུག དེ་ནས་རིམ་གྱིས་ཁང་པ་ལ་སོགས་པ་བཞེངས་ནས་སྒྲུབ་ཁང་བཞེངས་མཛད་དེ་སྒྲུབ་ཐེངས་ དང་པོ་ལ་སྒྲུབ་བླ་བདུན་ཙམ་བཞུགས། སྐབས་དེར་སྒྲུབ་དཔོན་ཟེར་ན་ཡང་འདྲ། བླ་མ་ཟེར་ན་ཡང་འདྲ་སྟེ་ཚང་མ་བླ་མ་རིན་པོ་ཆེ་ཚངས་གསར་བློ་གྲོས་རིན་ཆེན་ཁོང་ རང་གིས་འགན་ཁུར་མཛད་ནས་ལོ་གསུམ་གྱི་སྒྲུབ་གྲྭ་མཐར་ཕྱིན་པ་རེད། དེ་ཡི་འཇུག་ཏུ་སྒྲུབ་ཐེངས་གཉིས་པ་ལ་ང་ཚོ་གྲས་སྔོན་མ་ལས་མང་བ་མི་བརྒྱད་ སྒྲིག་འཛུགས་མཛད་པ་རེད། ལོ་གསུམ་གྱི་དང་པོ་བློ་ལྡོག་རྣམ་བཞི་སྒོམ་རྒྱུ་ལ་ཐུག་དུས་རིན་པོ་ཆེའི་གདན་ ས་བསམ་འགྲུབ་མཐོང་སྨོན་གླིང་ཟེར་བ་མར་དགོན་ཞིག་ཡོད་པ་རེད། དེ་ལ་ཕྱིར་ཕེབས་ནས་རིན་པོ་ཆེ་དགོངས་པ་གཞན་དོན་མྱ་ངན་ལས་འདས་སོངདུ་ ཕེབས་སོང་། ང་ཚོ་ལོ་གསུམ་ཞག་གསུམ་ཟླ་གསུམ་ཚང་ནས་ང་ལ་ལས་སྣེ་ཞིག་གི་མིང་བཏགས་ནས་དགོན་ པའི་དབུ་མཛད་ལོ་དྲུག་ལ་བྱས་པ་ཡིན། དེ་རྗེས་གསེར་རྟ་བླ་རུང་སྒར་ལ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགསམཇལ་དུ་སོང་། ལོ་གཅིག་ཙམ་སོང་། དེ་ནས་ཡར་ཡོང་དུས་བསམ་འགྲུབ་མཐོང་སྨོན་གླིང་དུ་ཇོ་དགོན་གསར་པ་ཞིག་བཏབས་འདུག་དེར་སོང་སྐབས་སྒྲུབ་བླ་ཆེ་གྲས་རྣམ་པ་འགའ་ཤས་སློབ་གཉེརཐོས་བསམ་ལ་སོང་འགའ་ཤས་ཉམས་ལེན་བྱེད་དུ་སོང་ནས་མ་བཞུགས་པ་དང་ཐུག་དུས་ཡིན་ཅིག་མིན་གཉིས་ངེས་པར་དུབྱིས་པ་ཡིག་གེ་སློབ་མཁན་ཡན་ཆད་དགོས་པས་བསྡོད་གསུངས། ང་རང་སྒྲུབ་ཁང་ནང་ལ་བསྡད་པ་རེད་དེ།  ང་ རང་ལ་སློབ་སྦྱོང་ཆེན་པོ་གང་ཡང་ཡོད་པ་མ་རེད་ཡིན་ན་ཡང་དགེ་མ་རྣམ་པ་ཚང་མ་གསར་ པ་སོང་ཙང་འདོན་ལུགས་བརྗོད་ལུགས་བསླབ་ནས་ལོ་གསུམ་སྒྲུབ་བླ་རྣམ་པ་ཚང་མས་འགན་ ཁུར་དགོས་པས་ཁྱེད་རང་ཡང་བསྡོད་གསུངས་ནས་དགོན་པས་བཀའ་གནང་བྱུང། དེ་དུས་དགེ་མའི་སྒྲུབ་ཐེངས་དང་པོ་ཡོལ་ནས་གཉིས་པ་རེད། སྒྲུབ་ཁང་ནང་ནས་ཉམས་ལེན་ཐབས་ལམ་ནཱ་རོ་ཆོས་དྲུག་དང་གྲོལ་ལམ་ཕྱག་རྒྱ་ཆེན་པོ་ གཉིས་གཙོར་མཛད་ཡི་དམ་གྱི་ནང་ནས་འཁོར་ལོ་བདེ་མཆོག་དེ་དངོས་གཞི་ལ་བསྙེན་པ་ གཏོང་དགོས་པ་དེ་འདྲ་རེད། ལོ་གསུམ་ལ་བཞུགས་རྒྱུ་སྒྲུབ་ཁང་གི་ཚད་གཞི་རེད། ལོ་དང་པོའི་ནང་ལ་ངས་ཏོག་ཙམ་འདོན་ཤེས་པ་དེ་ཚོ་སློབ་པ་མ་གཏོགས་སྒྲུབ་ཁང་ནང་ལ་ མཉམ་དུ་བསྡད་ཡ་རྒྱ་ཆེན་པོ་དེ་འདྲ་རེད་མ་བྱུང་དགེ་མ་རྣམས་ལ་ཡང་ན་ཚ་མང་པོ་མི་ འདུག།  ལོོ་ གསུམ་གྱི་ནང་ནས་བར་པ་ལ་དམ་འཛིན་ཆེན་པོ་ཞིག་བྱེད་ཀྱི་ཡོད་པ་རེད། ང་ཚོས་ནམ་རྒྱུན་སྔོན་འགྲོ་དངོས་གཞི་མཇུག་ཟེར་ནས་བཤད་པ་ནང་བཞིན་སྒྲུབ་ཁང་ནང་ ནས་དངོས་གཞི་ཆོས་དྲུག་དང་ཕྱག་ཆེན་གཉིས་རེད། དེ་ཡི་སྔོན་དུ་འཁོར་ལོ་སྡོམ་པ་ཚད་ལྡན་བསྙེན་པ་གཏོང་དགོས་གསུངས་ནས་བདེ་མཆོག་ སྐབས་གལ་འགངས་ཆེན་པོ་མཛད་ནས་མཚམས་ཐོ་ཁ་གསོ་རྒྱུ་དང་རྒྱག་བསྐྱེལ་བ་སྦྱིན་བདགསྒྲུབ་ཁང་ཕྱི་ལོགས་སུ་ཡོད་པ་རྣམས་དང་ཕྱི་ལོག་གི་ཅ་ཁ་ཅ་ལགནང་ དུ་ཁྱེར་བ་ཚང་མ་ལ་ཁྲུས་དང་བདུག་པ་བྱས་ནང་དུ་ཡོད་པའི་མཚམས་པ་རྣམས་ཀྱིས་ཟླ་བ་ དྲུག་ལ་ངག་བཅད་དགོས་པ་རེད་། ཁོང་རྣམས་ཚང་མ་གསར་པ་ཡིན་དུས་མཚམས་རེར་བསྙེན་པ་བྱེད་སྟངས་སོགས་ཀྱི་ཐད་ལ་ སློབ་ཁྲིད་རེ་མ་བྱས་ན་ཕྱག་ལེན་མང་པོ་ཡོད་པས་ཤེས་ཀྱི་མི་འདུག དེས་ན་ང་རང་ཡང་ཁོང་རྣམས་དང་མཉམ་དུ་བདེ་མཆོག་བསྙེན་ནས་བསྡད་པ་ཡིན། སྤྱིར་གཏང་ཆོས་གང་སྒྲུབ་ལ་བགེགས་ཆེ་ཟེར་བའི་དཔེ་ལྟར་ཡོད་རེད་དེ་ཁྱད་པར་དུ་ སྒྲུབ་ཁང་ནང་དུ་ཅི་ལྟར་དམ་འཛིན་ཆེ་ན་ཡང་བར་ཆད་ཆེན་པོ་འདྲ་བོ་འདུག ང་རང་གིས་བསམ་ཚུལ་ལ་ཡང་དགོན་པས་རང་ལ་འགན་ཞིག་བཀལ་ཡོད་པ་རེད། སྒྲུབ་གྲྭ་རྣམ་པ་ཡིན་ན་ཡང་ཡག་པོ་ཞིག་ཨེ་ཡོང་བསམ་ནས་བསྡད་ཡོད་དུས། དུས་ ཚོད་ཆུད་བཟོས་སུ་མ་སོང་བར་ཡག་པོ་ཞིག་ཨེ་ཡོང་བསམ་ནས་དཀོན་མཆོག་ལ་རེ་ལྟོས་ བཅོལ་ནས་སྒྲུབ་པ་ལ་བར་ཆད་མེད་པར་མཐར་ཕྱིན་པར་ཤོག་བསམ་ནས་གསོལ་འདེབས་སྨོན་ ལམ་འདྲ་བྱས་ནས་བསྡད་པ་ཡིན། ཡིན་ན་ཡང་ན་རྒྱུ་ཚ་རྒྱུ་བར་ཆད་ཇེ་ཆེ་རེད། དེའི་ནང་ནས་ཀྱང་ཚབ་ཆེན་པོའི་ན་ཚ་ནི་སྙིང་ནད་རྐྱང་རྐྱང་རེད། དཔེར་ན་དགོང་ཟས་ཟོས་མཚམས་སོ་སོའི་ཐུན་ཁང་ལ་ཕྱིན་ནས་བསྡོད་སྐབས་ཇོ་ མོ་རྣམས་དགོང་མོ་རེས་མོོོས་ལྟར་བྱས་ནས་ན་གྱི་འདུག དེ་དུས་ཇོ་མོ་གཉིས་ན་གྱིན་འདུག་དུས་གཉིས་ཀས་ཨེ་བྱིས་པ་མང་པོ་རྒྱུག་གི་འདུག་ ཟེར་སྣང་བ་ལ་ཡང་དེ་ལྟར་ཤར་གྱི་འདུག་ཟེར། དེ་སྐབས་བསྲུངས་འདུད་ཕྱག་མོ་ཞུ་ས་བླ་མ་རྩལ་ཆེན་དེ་འདྲ་ཡོད་པ་མ་རེད་ཞབས་ བརྟེན་འདྲ་རྒྱག་པ་མ་གཏོགས་ཐབས་ཤེས་གང་ཡང་མེད་པ་དེ་འདྲ་རེད་སོང། དེ་ནས་འཚུབ་སློང་ཇེ་ཆེ་ལ་སོང་ནས་ཇོ་མོ་གཉིས་གསུམ་ཙམ་མཉམ་དུ་བསྡད་འདུག་དུས་ དངོས་སུ་མཐོང་རྒྱུ་ཡོད་པ་འདི་ན་བྱིས་པ་ལྔ་དྲུག་ཙམ་གོས་གཏན་ནས་མེད་པ་གཅེར་ བུ་མ་ལ་དངོས་སུ་འདུག་ཟེར་གྱི་འདུག  ང་ རང་ནི་མིག་གིས་མཐོང་གི་མི་འདུག་ཀྱང་ཁོ་རང་ཚོ་ཚང་མ་ཁ་འགྲིགས་ནས་དེ་འདྲ་ལབ་ ཀྱི་འདུག་མར་མེ་བསད་མཚམས་ཇོ་མོ་ཚོའི་སྟེང་ལ་ལྡིང་གི་འདུག་ཟེར་ནས་སྐྲག་ ཚག་ཨུ་ངར་དེ་འདྲ་བྱེད་ཀྱི་འདུག དེ་གདོན་ཁ་དང་བར་ཆད་འདྲ་ཡིན་པ་ཤེས་ཀྱི་འདུག་སྟེ། གདོན་གྱི་ནང་ནས་རྒྱལ་བོའི་གདོན་ཟེར་བ་དེ་ང་ཚོས་ནམ་རྒྱུན་བྱིས་པ་དང་སྤྲེའུ་ དེ་ཚོ་རེད་ཟེར་གྱི་འདུག་པས་དེ་འདྲ་ཡིན་རྒྱུ་རེད་བསམ་སོང་། དེ་འདྲ་བའི་སྒོ་ནས་བར་ཆད་ཆེན་པོ་རེད་ནས་ཇོ་མོ་རྣམས་ལ་སྙིང་གི་ནད་ཚ་རྒྱབ་ནས་ མཚམས་རེ་ངུ་། མཚམས་རེ་དགོད། མཚམས་རེ་ལྷམ་དེ་ཚོ་སོ་བཏག་ནས་འཆའ་བ་དེ་འདྲ་བྱས་ནས་ཚབ་ཆེན་པོ་བྱུང་ང་རང་གིས་ གང་ས་གང་ལ་ཞབས་བརྟེན་འདྲ་རྒྱབ་མཚམས་སྒྲུབ་ཉམས་ལེན་ཤེས་མཁན་དེ་ཚོ་གདན་དྲངས་ ནས་གཏོ་ཟློག་པ་འདྲ་བྱས་བསྟན་བསྲུང་དེ་ཚོ་མི་གཙང་བས་གོས་པ་ཨེ་ཡིན་ སྙམ་ནས་བླ་མ་འདྲ་གདན་ནས་རབ་གནས་དང་ཁྲུས་བྱས་པ་ཡིན་ཏེ་ཕན་གནོད་ཅི་ཡང་མི་ འདུག་དེ་འདྲའི་སྒོ་ནས་ལོ་དེའི་དགུན་ཁ་ལ་དཀའ་ལས་ཆེན་པོ་འཕྲད་སོང། ཇོ་མོ་གཅིག་ནི་ཐག་པས་བཀྱིག་འདུག་དགོས་པ་བྱུང་སོང་མཐོང་ཚད་ཚང་མ་ལ་རྡོ་བཞུ་བ་ དང་མོོ་རང་ལ་མོ་རང་གི་གྲི་བཙུགས་གྲབས་བྱེད་ནས་ལས་ཀ་སྡུག་ཆགས་ངན་པ་ དེ་འདྲ་བྱེད་ཀྱིན་འདུག དེ་ནས་་ཤིང་ལེབ་ངོས་སུ་དམ་པོར་བསྡམ་ནས་གྲོལ་མི་ཐུབ་པ་དེ་འདྲ་བཟོས་ན་ཡང་ཏོག་ ཙམ་ནས་ཡང་ཁོ་རང་གིས་གྲོལ་ནས་ཙོག་པུར་ལངས་གི་འདུག དེ་འདྲའི་སྒོ་ནས་བར་ཆད་ཆེན་པོ་བྱུང། དེ་ཚོའི་ནང་ནས་ཕ་ཡུལ་ཀ་གཞུང་ནས་ཡིན་པ་མིང་ལ་བསམ་གཏན་ཟེར་བ་ཐོས་བསམ་དྲགས་ ཤོས་གཞུང་གི་གོ་བ་བྱས་ན་ཡང་དྲགས་ཤོས་ཁོང་ཚོའི་ནང་ནས་སྒྲུབ་དཔོན་བླ་མ་བྱས་ན་ ཡང་བྱེད་ཆོག་པ་ཞིག་ཡོད། སྤྱིར་མོ་རང་ནད་པ་ཞིག་རེད། དགོས་སུ་བྱེད་དུས་ཕྱི་དྲོ་དུས་ཚོད་དྲུག་དང་བདུན་ནས་དགོང་མོ་དུས་ཚོད་དང་པོ་ དང་གཉིས་པའི་བར་རྟག་པར་ན་གི་འདུག དང་པོ་ལྷ་བབས་པ་དང་ཨ་རག་གི་བཟི་བ་འདྲ་བོ་ཞིག་ཆགས་ནས་དེ་མཚམས་འདྲ་མི་འདྲ་ལབ་ཀྱིན་འདུག  གཙོ་ བོ་བྱེད་དུས་མོ་རང་གི་སྣང་བ་ལ་ག་རེ་འདུག་ཟེར་ན་རལ་པ་སྔོན་པོ་མི་སྔོན་པོ་ཨམ་ གཙིགས་བསྡམས་པ་ཞིག་གིས་གསོད་གི་ཡིན་ཟེར་བའི་སྣང་བ་ཤར་ནས་མོ་རང་གིས་འདི་ཕར་ ཁྲིད་རོགས་ཟེར་བ་དང་མཚམས་རེར་འདི་གསོད་ཀྱི་ཡིན་ཟེར་བ་དང་མཚམས་རེར་དམོད་མོ་ བྱེད། མཚམས་རེར་མཆིལ་མ་འདེབས་པ་དེ་འདྲ་བྱེད་ཀྱིན་འདུག་དེའི་སྔོན་ཇོ་མོ་གཞན་པ་དག་ ལ་གཅོད་འདྲ་བཏོན་ན་ཏོག་ཙམ་ཕན་པའི་བཟོར་འདྲ་པོ་འདུག མོ་རང་ལ་དེ་འདྲ་བྱེད་དུས་མི་སྔོན་པོ་དེ་གནོད་ནས་མིག་གཡོར་བྱེད་ཀྱི་འདུག་ ཟེར་ཞེས་ང་ལ་མོ་རང་གིས་ཚུར་བཤད་ཀྱི་འདུག དེ་ནས་ཅི་བྱེད་འདི་བྱེད་གང་ཡང་མི་འདུག ཉི་མ་གཅིག་གཉིས་གསུམ་བཞི་ལྔ་དྲུག་ཙམ་ལ་རྟག་པར་ན་བའི་དུས་ཚོད་གཅིག་པ་རབ་ཆད་ བྱེད་མཁན་གཅིག་པ་དགོང་མོ་དྲག་པའི་དུས་ཚོད་གཅིག་པ་ཉིན་བཞིན་ཚབ་ཇེ་ཆེ་ ཇེ་ཆེ་རེད་སོང་ང་རང་གིས་ཡང་ན་སྨྱོས་པ་དང་ཡང་ན་འཆི་བ་གང་རུང་ཡོང་ས་རེད་བསམ་ སོང་། དེ་སྐབས་སུ་ང་ཚོས་སྡུག་པ་འདྲ་སྡུག་སྐུ་རིམས་འདྲ་བྱས་ཀྱང་ཕན་གནོད་མི་འདུག་ང་ རང་གི་སེམས་ལ་སྔ་མོ་བླ་མ་རིན་པོ་ཆེ་བཞུགས་པའི་དུས་ཡིན་ན་བླ་མ་ལ་ཞུས་ནས་ཁོང་ གིས་ཅི་དགོངས་པ་དེ་འདྲ་བྱེད་ཆོག་གི་རེད་ད་ལྟ་སྒྲུབ་བླ་མང་ཆེ་ཤོས་ནི་བཞུགས་ མེད་ང་ལྟ་བུ་བསྡད་ན་ཡང་ཅི་བྱེད་འདི་བྱེད་གང་ཡང་མེད་པ་དེ་འདྲ་བོ་རེད་ནས་ཚོར་ བ་དྲག་པོ་སེམས་ཁྲལབྱུང་ སོང་། ཉིན་ཞིག་ལ་ང་རང་གིས་བསམ་བློ་འགའ་བཏང་འགའ་བཏང་བས་ཇོ་མོ་དེ་ལ་ཚིག་པ་ཟ་སོང་། ཏོག་ཙམ་རྒོད་རྒོད་བྱེད་རྒྱུ་མེད་པར་མི་སྐྱ་ཕལ་པའི་བྱ་བ་བཞིན་ཆོ་འཕྲུལ་འདྲ་ མིན་རིག་ན་ཡང་མཐུ་དང་རྨོད་མོ་ཁུ་ཚུར་གཡུག་པ་དེ་ཚོ་སྤྱོད་ནང་གི་བྱ་བ་ཆོས་ ཀྱི་དྲི་མ་མེད་པའི་བྱ་བ་རེད་འདུག་དེ་འདྲ་ང་རང་གཅིག་པུ་ཐུན་ཁང་ནང་ལ་བསྡད་ སྐབས་དྲན་བྱུང་། དེ་ནས་ཇོ་མོ་དེ་ཤོག་ལབ་པ་ཡིན་སྔ་དྲོ་དང་ཉིན་དགུང་ཐུ་གི་མ་རེད་མོ་རང་ལ་བསམ་ གཏན་བཟང་མོ་ཟེར་གྱི་རེད་རོགས་པ་ཆོས་གྲོགསལ་ ཡེ་ཤེས་ཆོས་མཚོ་ཟེར་གྱི་རེད་ཁོང་གཉིས་སླེབ་བྱུང་དེ་ནས་ང་རང་གིས་རྩ་བ་བྱེད་ དུས་ཉིན་བཞིན་ཁྱོད་རང་ལ་ཆོ་འཕྲུལ་འདྲ་མིན་སྟོན་གྱི་འདུག་ཅིག་བྱས་ན་ཁྱོད་རང་ གིས་ཆོ་འཕྲུལ་སྟོན་མཁན་ལ་འདྲེ་རེད་བསམ་ནས་ཁུ་ཚུར་གཡུག་པ་དང་རྨོད་མོ་བྱེད་པ་ དེ་ཚོ་མི་སུས་ལྟས་ན་ཡང་ངོ་ཚ་ལྟས་སྡུུག་ཐབས་སྡུགགི་ བྱ་བ་རེད་ཁྱོད་རང་ཚེ་འདི་ལ་དགེ་འདུན་མང་པོའི་དབུས་སུ་ཡང་སྐྲག་སྣང་འཇིགས་ སྣང་དེ་འདྲ་ཡོད་ན་ཟེར་ན་མ་ཟེར་ན་ཁྱེད་རང་མི་སྐྱ་ཞིག་ལ་མ་འདྲ་བ་ཁྱིམ་ཕ་མ་ ཡིན་ན་ཡང་འདིས་ཉམས་ལེན་ཞིག་བྱེད་ཉམས་ལེན་གྱི་འབྲས་བུ་ཁྱེད་རང་ལ་ཡང་ཕན་ཕ་མ་ ལ་ཡང་ཕན་པ་ཞིག་ཨེ་ཡོང་བསམ་པའི་དམིགས་ཡུལ་བཏང་ཡོད་པ་རེད། དེ་འདྲ་བཏང་དགོས་པ་གཙོ་བོ་ནི་ཕྱི་མ་རང་གཅིག་པུ་འཁྱམས་གོས་མེད་གཅེར་བུ་ཟས་ མེད་ལག་སྟོང་མཆན་དུ་གཅུག་ནས་འགྲོ་བའི་སྐབས་སུ་རེད། དེ་དུས་ཁྱོད་ཀྱི་གང་འདྲ་བྱེད་བསམ་གྱི་ཡོད། ད་ལྟ་དགེ་འདུན་མང་པོའི་དབུས་སུ་ཡང་བཟོད་རྒྱུ་མེད་པ་མཐུ་དང་དམོད་གཡབ་དེ་འདྲ་ བྱེད་ན་ཁྱེད་རང་གཏན་ནས་འཇོན་གྱི་མི་འདུག་ལབ་པ་ཡིན་ང་རང་ཁོང་ཁྲོ་ལངས་སོངདཔེ་ གནོད་བྱུང། གཙོ་བོ་བྱེད་དུས་ད་ལྟ་ཁྱོད་ལ་གནོད་འཚེ་ཡོང་བ་དེ་ཁྱོད་རང་གིས་ལས་ལེན་རེད་ སྔོན་མ་ཁྱོད་ཀྱིས་ཕར་ལ་རྒྱག་རྡུང་འབེབས་གསུམ་གང་བྱས་པའི་རྣམ་སྨིན་དེ་འདྲ་ ཚུར་ལ་སྨིན་པ་རེད། མང་པོ་བཤད་དགོས་ཀྱི་མི་འདུག རང་གིས་བྱས་པའི་རྣམ་སྨིན་དེ་རང་ལ་སྨིན་པ་མ་གཏོགས་གཞན་ལ་སྨིན་པ་དེ་འདྲྲ་ གཞུང་གང་ལ་ཡང་བཤད་མེད་པ་དེ་ང་ཚོ་ཡིད་ཆེས་ཀྱི་རེད། རྩ་བ་ང་རང་ལེན་པ་རེད་ཁྱེད་རང་བྱང་ཆུབ་ཀྱི་སེམས་སྤུ་རྩེ་ཙམ་ཡང་མེད་པར་མཐུ་ དམོད་བྱས་གཡབ་ ཁུ་ཚུར་གཡུག་རྒྱུ་དེ་ཚོ་རྐྱང་རྐྱང་བྱས་པས་ཁྱེད་རང་ལ་ཕན་པ་མི་འདུག་ལབ་པ་ཡིན། གཞི་ནས་ཚིག་དེ་ཡིས་རྐྱེན་བྱས་ནས་མོ་རང་རང་ཐོག་ཏུ་སྒོམ་ཐོབ་པ་དེ་འདྲ་བྱུང་ ནས་དངོས་གནས་དེ་འདྲ་རེད་ད་ནི་ཆོ་འཕྲུལ་ཅི་འདྲ་བསྟན་ན་ཡང་སྐྲག་ས་མ་རེད་ལབ་ བྱུང་། ནམ་རྒྱུན་མོ་རང་ཐུན་ཁང་ཞོལ་གྱི་ཁང་པ་ནང་ལ་ཡོད་རེད་དེ་ན་བསྡད་ཡོད་པ་རེད། དེའི་དགུང་མོ་རང་ཡིན་གཅིག་མིན་གཉིས་ངེས་པར་ཏུངའི་ སར་བསྡོད་ལབ་པ་ཡིན། དེ་ནས་ཁོ་རང་གཉིས་དང་ང་རང་བཅས་ཕྱི་དྲོ་ཐུན་བཟུང་ནས་བསྡད་པ་ཡིན་སྔོན་མ་མོ་ རང་ན་བའི་དུས་ཚོད་དྲུག་ཡས་མས་ཞིག་ལ་རེད་དེ་ཡི་དུས་ཚོད་ཐོག་སྔར་བཞིན་བཟི་བ་ འདྲ་བོ་ཆགས་ནས་ཐོམ་ཐོམ་འདྲ་རེད་སོང་ས་རུབ་པའི་སྐབས་སུ་ད་ཆུས་ཁྲི་རྐེ་ས་མིང་ཞིགནས་ རྐྱ་མི་དཀར་པོ། དམར་པོ། སྔོན་པོ་གཙོ་བོ་གསུམ་ལ་འཁོར་སོ་སོས་མདོག་དང་མཚུངས་པ་བརྒྱ་ཕྲག་སྟོང་ཕྲག་མང་ པོའི་བསྐོར་ནས་སླེབས་འདུག་ཟེར། ང་ཚོ་བསྡད་ས་བསམ་འགྲུབ་མཐོང་སྨོན་གླིང་ཟེར་བའི་ཐང་ཞིག་ཡོད་པ་རེད། དེ་ཡི་ཐང་མགོ་དེ་ན་སླེབས་འདུག་ཟེར་བ་དང་ཁྱི་ཚང་མ་འུར་སྒྲ་འཚུབ་བེ་དེའི་ ཕྱོགས་ལ་རྒྱུག་སོང་ད་ཁྱེད་རང་སྐྲག་གི་འདུག་གམ་ལབ་པ་ཡིན། ཅི་ཡང་སྐྲག་གི་མི་འདུག་ཉི་མ་དོ་དགུང་ང་རང་གི་ལུས་ཚང་མ་ཟོས་སོང་ན་ཡང་བཟོད་ རང་བྱས་རང་ལ་སྨིན་པ་ཧ་གོ་གི་འདུག ཁོ་རང་ཚོ་ལ་སྐྲག་ཡང་མི་སྐྲག་གནོད་ཡང་མི་གནོད་ཟེར་ཀྱིན་འདུག ང་རང་གིས་ལྟས་ཚོད་ལ་ཡང་མོ་རང་སྐྲག་གི་མི་འདུག་སྒྲུབ་ཁང་རྒྱབ་ལོག་ལ་འདུག་ ཟེར་བ་དང་ཁྱི་ཚང་མས་སྒྲུབ་ཁང་རྒྱབ་ལོག་ན་སྐད་རྒྱག་གི་འདུག ནམ་རྒྱུན་ང་རང་གི་སེམས་རྒྱ་ཆུང་ཆུང་ཞིག་ཡོད་ཙང་། དོ་དགོང་ནོར་ནས་ཁོ་རང་ཚོ་མོ་རང་བསྡད་སའི་ཁང་པ་ཞབས་སར་འགྲོ་ཨེ་ཡོང་བསམ་བྱུང། ད་སྒྲུབ་ཁང་སྒོ་རྭ་ནང་དུ་སླེབས་འདུག་ཟེར་ཁྱི་ནང་དུ་ཐར་ས་ཡོད་མ་རེད་ཁྱི་ཚང་ མ་སྒྲུབ་ཁང་ཕྱི་ལོག་ལ་བསྐོར་བ་རྒྱག་གི་འདུག ད་སྐས་ཐོག་ནས་ཡར་ལ་འཛེགས་བྱུང་ཟེར་དེ་སྔོན་ང་རང་དཀའ་ངལ་མང་པོ་འཕྲད་ནས་འུ་ ཐུག་སོང་བས་སྐྲག་ཡ་མི་འདུག  ཆ་ ལུགས་ལ་བསམ་ན་ཀ་གནམ་ལྗིག་གསུམ་མིན་འགྲོ་བསམ་བྱུང་ཡིན་ན་ཡང་དེ་རྣམས་ནི་རིགས་ འཛིན་གོང་མ་རྣམ་པས་བཀའ་བསྲུངས་ལ་དམ་བཅས་བསྐོ་བཞག་ཡོད་དུས་བར་ཆད་མི་བྱེད་པ་ འདྲ་བོ་བསམ་ནས་ཐེ་ཚོམ་སྐྱེས་སོང།  དེ་ནས་ཏོག་ཙམ་ཅུང་ཙམ་ནསའཇམ་ ཏིང་ངེ་ཆགས་སོང་། ད་གང་དུ་འདུག་ལབ་པ་ཡིན་འདི་ན་ལངས་འདུག་ཟེར། ང་རང་གིས་དོ་དགོང་མཐོང་ས་རེད་བསམ་བྱུང་ལྟས་པ་ཡིན་ཏེ་ང་རང་གིས་མཐོང་གི་མི་ འདུག ཇོ་མོ་གཅིག་ཡོད་རེད་དེ་ནི་ཁ་གཏན་ནས་མ་གྲགས་པར་བསྡད་འདུག་ང་རང་གིས་ཆ་ལུགས་ལ་ ལྟས་ན་ལྷ་འདྲེ་རེད་འདུག་བསམ་བྱུང་། ཁྱེད་ཚོ་དཀར་ཕྱོགས་ཀྱི་ལྷ་ཡིན་ནམ་ནག་ཕྱོགས་ཀྱི་ལྷ་ཡིན་ཞེས་ཇོ་མོ་ལ་ཁོ་རང་ ཚོ་ལ་དྲིས་ལབ་པ་ཡིན། ཇོ་མོས་དེ་འདྲ་དྲིས་སོང་། དེ་ནས་སྐྱ་མི་དེ་ཚོས་ང་ཚོ་དཀར་ཕྱོགས་ཀྱི་ལྷ་ཡིན་ལབ་ཀྱི་འདུག་ཟེར། ཁྱེད་རང་བཤད་པ་ཚང་མ་ཁོ་རང་ཚོས་ཐོས་ཀྱིས་འདུག་ཟེར། ས་ ཕྱོགས་གང་ནས་ཡིན་ནམ་ལྷ་འདྲེ་དྲག་རྩལ་ཆེན་པོ་ཞིག་འདུག་བསམ་བྱུང། ཁྱེད་ཚོ་དཀར་ཕྱོགས་ཀྱི་ལྷ་ཡིན་ན་བླ་མ་སུ་ལ་བརྟེན་མྱོང་ཆོས་གང་འདྲ་ཞུ་མྱོང་ ཟེར་ནས་ཨ་ནེ་ལ་དྲིས་ཟེར་བ་ཡིན། ཨ་ནེས་དེ་འདྲ་དྲིས་བྱུང་། གཞི་བདག་ཁོ་ཚོས་གཙོ་བོ་བོད་ཀྱི་གཞི་བདག་ཡོངས་སུ་རྫོགས་པ་གུ་རུ་པདྨ་འབྱུང་ གནས་ཀྱིས་བཀའ་བསྒོས་དམ་བཞག་བྱས་ཡོད་པ་རེད། ཁོང་ཚོ་ཡང་གུ་རུ་པདྨ་འབྱུང་གནས་ལ་སྟེན་མྱོང་བ་དང་ཡང་དགོས་སུ་འབའ་ རོམ་བཀའ་བརྒྱུད་རྗེས་འཛིན་ཡིན་པ་དང་ཁྱད་པར་དུ་ཚངས་གསར་བླ་མ་བློ་གྲོས་རིན་ ཆེན་གྱིས་སྤྱིར་ནི་བོད་གངས་ཅན་ལྗོངས། ཡང་དགོས་སུ་ཆོས་རྒྱུད་འཛིན་པ་རྣམས་སྡོང་གྲོགས་བྱེད་མཁན་ཉིད་དུ་བཞག་པ་རེད་ ལབ་ཀྱིན་འདུག་ཟེར། དེ་ནས་ང་རང་གིས་ཨོ་་་་་་་ ཀ་གནམ་ལྗིག་གསུམ་ཡིན་ས་མ་རེད་དམ་བསམ་བྱུང་། ཁྱོད་ཚོ་ཀ་གནམ་ལྗིག་གསུམ་ཡིན་ནམ་ལབ་པ་ཡིན། ཇོ་མོས་ཡིན་ལབ་ཀྱིན་འདུག་ཟེར། དེ་ནས་ང་རང་དཔེ་ཞེ་གཏིང་ནསཁོང་ཁྲོ་ལང་བྱུང་།  ང་རང་གིས་དེ་ཡིན་ན་ང་ཚོ་བཤད་རྒྱུ་མང་པོ་འདུག་ཞེས་ལབ་པ་ཡིན། ཁྱེད་ཚོ་ཀ་གནམ་ལྗིག་གསུམ་རེད་འདུག  ཚངས་ གསར་བླ་མས་བཀའ་བསྒོས་དམ་བཞག་བྱས་འདུག ང་ཚོར་ཚངས་གསར་བླ་རྒན་བཞིན་ཉམས་རྟོགས་པ་ཅི་ཡང་ཡོད་མ་རེད་དེ། མ་ཎི་རེ་བཏོན་ནས་བསྡད་ཡོད་པ་རེད། བླ་མ་ཞིང་ལ་ཕེབས་ཚར་པ་རེད། ཚངས་གསར་དགོན་པ་དེ་ད་ལྟ་བཤད་ན་ཡག་ཀྱང་འདྲ་སྡུག་ཀྱང་འདྲ་ཉམས་དམའ་པོ་རེད་། ཁྱེད་རང་ཚོས་ཀྱང་ནུས་ཤུགས་འདོན་ན་ང་ཚོས་ཀྱང་ནུས་ཤུགས་འདོན་པའི་དུས་རེད་བླ་ མ་ཞིང་ལ་ཕེབས་ཁར་ཁོང་གིས་ཁྱེད་ཚོར། ང་ཞིང་ལ་གཟིགས་ཚར་དུས་ཁྱེད་རང་ཚོས་ཅི་ཐུབ་ཅི་ནུས་གནོད་པ་བྱོས་ཟེར་ བའི་བཀའ་ཡོད་དམ་ཁྱེད་རང་ཚོ་ལ་གཏན་ནས་ཡག་པོ་མི་འདུག་བླ་མ་གཤེགས་པ་རེད་དེ་ ཁྱེད་རང་ཚོ་ལ་ཡིད་ཆེས་ཡོད་པ་རེད། ང་ལ་ཡང་ཡིད་ཆེས་ཡོད་བླ་མ་ད་ལྟ་ནམ་མཁའ་འདི་ནས་གཟིགས་ཡོད་པ་རེད། ཁྱེད་རང་ཚོས་རྫུན་ལབ་ཕོད་ཀྱི་མ་རེད། སྐྲག་ཆེ་བ་ཕྱི་མ་དམྱལ་བ་ལ་སྐྲག་གི་རེད་ངས་བཤད་དགོས་ཀྱི་མ་རེད་ཁྱེད་རང་ཚོ་ལ་ ངོ་ཚ་ཁྲེལ་ཡོད་གཏན་ནས་མི་འདུག་ཞེས་ལབ་པ་ཡིན། དེ་འདྲ་ཕར་ལ་ཤོད་ཞེས་བཤད་པ་ཡིན། ཨ་ནེས་ཁྱེད་རང་ལབ་པ་ཁོ་རང་ཚོས་གོ་གི་འདུག་ཟེར། ཨ་ནེས་གཞི་བདག་ཁོ་རང་ཚོ་ཕར་ལྟ་ཚུར་ལྟ་བྱས་ནས་གད་མོ་ཤོར་གྱི་འདུག་ཟེར། གཞི་བདག་གིས་ཚུར་ལ་ཁྱེད་རང་གིས་བཤད་དགོས་པ་མ་རེད་ང་ཚོ་ཚང་མས་ཁྲིད་དབང་ལུང་ མཉམ་ཞུ་བྱས་ཡོད་པ་རེད། དེར་མ་ཟད་ཚངས་གསར་བླ་མས་ནམ་མཁའ་དང་མཉམ་པའིསེམས་ཅན་ཐམས་ཅད་ལ་འཁོར་བ་མ་སྟོང་ བར་དུ་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་པའི་ཐུགས་བསྐྱེད་བྱས་ཡོད་པ་རེད། དེ་དང་མཐུན་པའི་ང་ཚོས་ཀྱང་སྡོང་གྲོགས་བྱེད་པར་ཁས་བླངས་ཡོད། འོན་ཀྱང་མི་ཡིས་ལྷ་ལ་མཆོད་ན་ལྷས་སྡོང་གྲོགས་བྱེད་ཟེར་བ་དེ་ཁྱེད་རང་ཧ་གོ་གི་ འདུག་གམ་ཟེར་ནས་ལབ་ཀྱི་འདུག་ཟེར་ནས་ཨ་ནེས་ང་ལ་ལབ་སོང། དེ་ནས་ང་རང་གིས་བསམ་བློ་མང་པོ་གཏང་བ་ཡིན། དེ་སྔོན་ཡིན་ན་ཉིན་གཅིག་ལ་ཡང་རྣམ་རྟོག་མ་རབས་བསམ་ངནཁོ་ རང་ཚོ་ལ་སྐྱེས་མ་མྱོང་། འགའ་ཤས་ཀྱིས་དྲེགས་པ་སྡེ་བརྒྱད་མཆོད་ན་ཕན་ཐོག་ཡོད་པ་མ་རེད་ཟེར་བ་ཡང་གོ་ མྱོང་། ཡིན་ན་ཡང་རིགས་འཛིན་གོང་མ་རྣམ་པས་བཀའ་སྒོ་དམ་བཞག་བྱས་ནས་བཀའ་བསྲུང་ལ་བསྐོས་ ཡོད་པས་ང་འདྲ་བོ་མི་ཞིག་གིས་མི་ཉེན་པའི་སྨད་པ་བྱས་ན་ངོ་ཚ་བའི་རྒྱུ་རེད་ སེམས་གཏིང་ནས་དྲན་གྱི་ཡོད། རྟག་པར་མཆོད་ཀྱི་ཡོད་ཟེར་ན་རྫུན་རེད་མ་གཏོགས་ཡིད་ཆེས་ཡོད། ཏོག་ཙམ་ཅུང་ཙམཕོག་ཐུག་བནོལ་གྲིབ་འགྲམ་འཁྲུལ་ཤོར་ བ་དེ་ཚོ་ང་རང་ཚོས་མཐོང་གི་མ་རེད། དེ་འདྲ་བཟོ་བསམ་པ་ང་ཚོ་ལ་ཡོདཔ་མ་རེད། དེ་ཙམ་ལ་བཟོད་མ་ཐུབ་ན་བྱིས་པའི་ལས་བཀའ་རེད་འདུག དེ་ཡིན་ན་ཁོང་ཁྲོ་མི་ལང་བའི་དུས་ཡོད་པ་མ་རེད་ཞེས་ལབ་པ་ཡིན།  དེ་ ནས་གཞི་བདག་གིས་ཚུར་ལ་དེ་འདྲ་མ་རེད་ཞེས་ལབ་ཀྱིན་འདུག་ཟེར། དེ་ནས་ང་རང་གིས་ག་རེ་རེད་ཞེས་ཕར་ལབ་པ་ཡིན། གཞི་བདག་གིས་དེ་ཡི་ལན་ལ་ཁྱོད་རང་ཚོས་སྒྲུབ་དགོས་རྒྱུ་གསོལ་ཁ་དེ་ཡག་པོ་ སྒྲུབ་དགོས་རྒྱུ་རེད་ཟེར་གྱིན་འདུག་ཞེས་ཨ་ནེས་ཚུར་ལ་ལབ་བྱུང། དེ་ནས་ང་རང་གིས་གཞི་ནས་ཧ་གོ་བྱུང་དེ་སྔོན་ང་རང་གིས་རི་གསོལ་བཅད་བཞག་པ་རེད་ འདོན་ཆོག་མང་དྲགས་པས་ཡི་དམ་བསྙེན་པ་མང་པོ་གསོགས་དགོས་དུས་ཆ་ཚང་འདོན་མ་ཐུབ་ པར་ཀ་གནམ་ལྗིག་གསུམ་གསོལ་ཁ་རེས་མོས་བྱས་ནས་བཏོན་པ་རེད། དེའི་ནང་ནས་གནམ་རྒྱལ་གསོལ་ཀ་བླ་མའི་དུས་ནས་བཅད་མྱོང་ཡོད་པ་མ་རེད། སྔ་མོའི་གཏམ་རྒྱུད་ལ་ཡང་ནུབ་གཅིག་ལ་ཡར་གནམ་དུ་སྐྱེས་ནས་སོང་བ། ཨོ་རྒྱན་པདྨས་མགོ་ལ་ཐོ་བས་རྒྱབ་ནས་ཡར་རིངས་པོ་སྐྱེས་མ་ཅུག་པ་རེད་ཟེར་བའི་ བཤད་སྲོལ་ཞིག་ཡོད་པ་རེད། ཁོ་རང་རི་དྲག་རྩལ་ཆེན་པོ་རེད་ཟེར་གྱི་འདུག ཁོ་རང་ཚོ་རྩེད་མོ་ཟེར་ནས་གད་མོ་ཤོར་གྱི་འདུག་ཟེར་ནས་ཨ་ནེ་བསམ་བསམ་གཏན་བཟང་ མོས་ལབ་བྱུང། དེ་ནས་ང་རང་སྐྲག་དགོས་དོན་མི་འདུག་བསམ་བྱུང་། ང་རང་གིས་དེ་བཅད་མཁན་སུ་རེད་ཞེས་ཕར་ལབ་པ་ཡིན། དེ་ནས་གཞི་བདག་ཁོ་ཚོས་ཁྱེད་རང་རེད་ལབ་ཀྱིན་འདུག་ཟེར། ཨོ་་་་་་་་་་་་དེ་ང་རང་གིས་ཁས་ལེན་བྱས་ཆོག་ཁྱེད་རྣམ་པ་སྒྲུབ་ན་ཁ་ཞེ་གཉིས་ མེད་ཀྱི་སྒོ་ནས་ཕན་ཐོག་མི་འདུག་བསམ་པ་དང་ཁྱེད་ཚོ་ལ་མ་དགའ་ནས་བཅད་པ་གཏན་ནས་ མིན་ཁྱེད་རྣམ་པ་ལས་ཡི་དམ་སྒྲུབ་པ་དགའ་ས་རེད་བསམ་བྱུང་། ཡི་དམ་བསྙེན་པ་ཇེ་ཉུང་ལ་བུད་འགྲོ་བ་དང་ཁྱེད་རྣམས་ཀྱི་གསོལ་ཀ་འདོན་པ་ལ་དཀའ་ ལས་ཏོག་ཙམ་ཅུང་ཙམཡོད་དུས་བཞག་པ་རེད། ཁྱེད་རྣམས་ལ་འཁུ་ལྡོག་དེ་འདྲ་ཡོད་པ་བསམ་ཤེས་མ་མ་བསམབྱུང་། མ་ཆད་ཙམ་རེ་བྱས་ན་འགྲིག་གི་འདུག་བསམ་ནས་རེས་མེས་བྱས་པ་ཡིན་ཞེས་ལབ་པ་ཡིན། དེ་ནས་ཁོང་ཚོས་དེ་དངོས་གནས་རེད་གཙོ་བོ་ཡི་དམ་རེད། ཡིན་ན་ཡང་གསོལ་ཁ་དེ་མ་བཅད་ན་ཡག་པོ་འདུག་ཟེར།  ཨ་ ནེ་ཚོར་མཚན་མོར་བྱིས་པའི་ཆོ་འཕྲུལ་སྟོན་པ་དེ་ཚོ་ང་ཚོ་མིན་དགོང་མོ་ཀོ་གྱོང་ དྲུད་པའི་རྒོག་སྒྲ་སྡིང་སྒྲ་དེ་ཚོ་ང་ཚོ་ཡིན། དེ་འདྲ་བྱས་ན་ཇོ་མོ་སྐྲག་གི་འདུག་རྒྱུ་མཚན་དེས་ན་ཆོ་འཕྲུལ་བསྟན་པ་ཡིན་ཟེར་ གྱི་འདུག་ཟེར་ནས་ཨ་ནེས་ལབ་བྱུང་། ཇོ་མོ་རྣམས་ཀྱིས་དགོང་མོ་རྒོག་སྒྲ་སྡིང་སྒྲ་བྱེད་ཀྱིན་འདུག་ཟེར་ནས་ཚང་མ་ཁ་ འགྲིག་གཅིག་མཐུན་རེདགི་ འདུག ངས་ནི་ཅི་ཡང་གོ་གི་མ་འདུག་ཀྱང་ཡིད་ཆེས་ཡོད། དེ་ནས་ཁོང་རྣམ་པ་སྐས་འཛེག་ཐོག་ཁ་ལ་བཞེངས་པ་ཡོད་རེད་ངས་བསམ་པ་ལ། དཀོན་མཆོག་གི་ཐུགས་རྗེས་ཚངས་གསར་ལྷ་བཀའ་བསྲུངས་འདིར་ཕེབས་ཡོད་དུས་ཞེ་གཏིང་ ནས་དགའ་བ་འདུག་ཏེ་ད་གང་འདྲ་དགོས་ན་བསམ་བྱུང་། དུས་རྒྱུན་སྣང་བ་ལྟར་ཡིན་ན་ཁང་པ་ཆུང་ཆུང་ཞིག་མ་གཏོགས་ཡོད་པ་མ་རེད། དེ་ཡིན་ན་ཡང་ང་ཚོས་གཏོ་ཟློག་པ་འདྲ་བཅའ་དུས་ཡང་གཏོར་མ་འདྲ་བཅོས་ནས་དམིགས་ རིམས་འདྲ་བྱས་ན་ཕན་གྱི་རེད་ཟེར་གྱི་འདུག་པས། ཚང་མ་སེམས་ཀྱི་རང་བཞིན་ཡིན་རྒྱུ་རེད་བསམ་ནས་བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་ དཔའ་བོ་མཁའ་འགྲོ་ཁྱེད་རྣམས་ཀྱི་ཐུགས་རྗེས་བྱིན་རླབས་ཀྱིས་ཚངས་གསར་དགོན་པའི་ ཆོས་རྒྱུད་འཛིན་མཁན་རྣམས་ལ་སྡོང་གྲོགས་བྱེད་པའི་ལྷ་རྣམས་འདིར་ཕེབས་ཡོད་པ་ རེད། ང་རང་ཁྱིམ་ལ་བཞུགས་ཆོག་པའི་འབྱོར་བ་དེ་འདྲ་ཡོད་པ་མ་རེད། ཁྱེད་རྣམས་ཀྱི་ཐུགས་རྗེས་རིན་པོ་ཆེ་སྣ་ཚོགས་པ་ལས་གྲུབ་པའི་ཁྲི་རེ་རེ་དང་ ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ཡིན་ཞེ་ནས་ཀྱང་འགྲུབ་རྒྱུ་རེད་བསམ་བྱུང། ཇོ་མོ་བསམ་གཏན་གྱིས་ཁྲི་དཔེ་ཡག་པོ་ཧ་ཅངརེ་ རེ་བཞེངས་འདུག་ཟེར་གྱི་འདུག ཁྱེད་རྣམ་པ་དེ་ན་བཞུགས་ལབ་པ་ཡིན། ཁོང་རྣམས་དེ་ལ་བཞུགས་སོང་ཟེར་གྱི་འདུག ཡང་སྐྱར་ཞལ་ཟས་རོ་བརྒྱ་དང་ལྡན་པ་དཀར་གསུམ་མངར་གསུམ་བཟའ་བའི་རིགས་བཏུང་བའི་ རིགས་ལ་སོགས་པ་མདོར་ན་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར་ཅིག་ཞེས་ སྨོན་ལམ་བཏབ་པ་ཡིན་ཇོ་མོས་བཟའ་བཏུང་བསམ་ཡུལ་ལས་འདས་པ་བསྒྲིགས་འདུག་ཞེས་ལབ་ བྱུང། དེ་ནས་ཇོ་མོ་བསམ་གཏན་གྱིས་གཞི་བདག་གི་འཁོར་རྣམས་སྒྲུབ་གྲྭའི་སྒོ་རྭ་ནང་དུ་ ཇོ་མོ་རྣམས་ཡར་མར་འགྲོ་དུས་རྟ་རྣམས་འགྲོགས་ནས་བག་མ་ཕེབས་པར་བསྡད་འདུག་ཟེར། ཡང་བསྐྱར་ང་རང་གིས་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་ནས་རྫིང་བུ་ཡིད་དུ་འོང་བའི་ མཐའ་བསྐོར་དུ་མེ་ཏོག་དཀར་དམར་སྣ་ཚོགས་པ་ལྡན་པར་རྟ་རྣམས་བག་ཕེབས་དང་ལྡན་པར་ གྱུར་ཅིག་ཟེར་ནས་སྨོན་ལམ་བཏབ་པ་ཡིན།  དེ་ ནས་ཇོ་མོ་བསམ་གཏན་གྱིས་མཚོ་ཆེན་པོ་ཞིག་གི་ཁ་ལ་མེ་ཏོག་སྣ་ཚོགས་པས་བསྐོར་བ་ ཞིག་ན་རྟ་རྣམས་སྐྱིད་པོ་བདེ་མོ་ངང་བསྡད་འདུག་ཟེར། ད་རུང་གང་འདྲ་ཡིན་ན་བསམ་ཏེ་དྲི་བ་འགའ་ཤས་བཀོད་ནས་ཁྱེད་རྣམ་པ་ལྷ་འདྲེ་ཡིད་ ཀྱི་མངོན་ཤེས་ཅན་ཡིན་དུས་བོད་གངས་ཅན་ལྗོངས་ཀྱི་བདེ་སྡུག་དེ་དག་ལ་ཁྱེད་རང་ ཚོས་བལྟ་བརྟགས་དང་ནུས་ཤུགས་ག་འདྲ་འདོན་གི་ཡོད་ཟེར་ནས་དྲིས་པ་ཡིན། ཁོང་ཚོས་དེ་ནི་ཁྱེད་ཚོ་དང་སྐྱིད་སྡུག་མཉམ་གནས་རེད་ཟེར་གྱི་འདུག་ཟེར། ཡང་བསྐྱར་ང་རང་གིས་བོད་གངས་ཅན་གྱི་མ་འོངས་པའི་མདུན་ལམ་བདེ་སྐྱིད་ཀྱི་རྩ་བ་ རང་དབང་དེ་ག་དུས་ཐོབ་ཀྱི་རེད། ཐོབ་རྒྱུ་ཡོད་རེེད་དམ་མ་རེད་ཟེར་ནས་དྲིས་པ་ཡིན། གཞི་བདག་ཁོང་ཚོས་དེ་ནི་མ་འོངས་པའི་གནས་ཚུལ་ཡིན་དུས་ཁོང་ཚོས་ཀྱང་ཤེས་ཀྱི་མ་ རེད། ཡིན་ན་ཡང་དེ་ཚོའི་ཆེད་དུ་ཡར་དཀོན་མཆོག་ལ་མཆོད་པ་དང་དེ་ཚོ་ལ་སྡོང་གྲོགས་ལྷག་ དུ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལ་གང་ས་གང་ནས་སྡོང་གྲོགས་ཅི་ཐུབ་འདི་ཐུབ་བྱེད་ ཀྱིན་ཡོད། འདི་ང་ཚོས་འོས་འགན་རེད་ཁྱེད་ཚོས་ཀྱང་རང་ས་རང་གི་བསྲུང་དགོན་པ་དེ་ཚོ་སྟོང་པ་ ལ་མ་བཞག་པར་དགོན་པར་སྡོད་རྒྱུ་དེ་ང་ཚོས་ཀྱང་རེ་བ་ཡིན། ང་ཚོ་ཚང་མས་ཧུར་བརྩོན་བྱས་ན་མཐར་ཐུག་བདེན་དོན་ཞིག་བྱུང་རྒྱུ་ཡོད་ན་མ་གཏོགས་ གཞན་དཀའ་མོ་རེད་ཟེར་གྱིན་འདུག་ཟེར་ནས་ཨ་ནེས་ཚུར་ང་ལ་ལབ་བྱུང་། དེ་ནས་ངས་ནད་པ་འགའ་ཤས་ལ་མོ་ཞུས་པ་ཡིན། ནད་པ་དེ་ཚོ་ན་ལུགས་དྲང་མོར་བཤད་ཀྱིན་འདུག
 བསོད་ནམས་རིན་ཆེན། ནད་པ་སུ་ལ་མོ་ཞུས་པ་རེད།
ཐུབ་བསྟན་དཔལ་བཟང།
རོང་ པོ་ཚེ་དབང་ཟེར་བ་གྲྭ་རྒན་ཞིག་ན་བཞིན་ཡོད་པ་རེད། དེ་ལ་མོ་ཞིག་ཞུས་པ་ཡིན། ནད་གཞི་དེ་ཚོ་ཕ་གཉེན་གྱི་ལྷ་མ་དགའ་བ་རེེད། དེ་ཚོར་གསོལ་མཆོད་དགོས་པ་རེད་ཟེར་གྱིན་འདུག་ཟེར་ནས་ཨ་ནེས་ལབ་བྱུང། གཞན་ཡང་རྒྱ་འབེལ་པདྨ་འོད་ཕུང་ཟེར་བ་གནས་རི་ཞིག་ཡོད་པ་རེད། དེ་ལ་ཕྱག་བསྐོར་དེ་འདྲ་བྱས་ན་ནད་པ་དྲགས་གི་རེད་ཟེར་གྱིན་འདུག་ཟེར་ནས་ཡང་ཨ་ ནེ་རྒྱུད་ནས་ཚུར་ལབ་བྱུང་། རོང་པོ་ཚེ་དབང་ཁོ་རང་སྔོན་མ་མགོན་པོ་དགོན་ནས་རེད། དེས་རྒྱུ་མཚན་གྱིས་ཚངས་གསར་བཙུན་དགོན་དུ་བསྡད་ཡོད་པས་ལྷ་མ་དགའ་བ་ཡིན་ས་རེད། ཚངས་གསར་དགོན་དར་རྒྱས་བཙུན་གསུམ་གང་འདྲ་ཡོང་རྒྱུ་རེད་ཞེས་དྲིས་བ་ཡིན། དེ་མ་འོངས་པའི་གནས་ཚུལ་ཡིན་དུས་ཁོང་ཚོས་ཀྱང་གསལ་པོ་ཤེས་ཀྱིན་མི་འདུག་རྗེས་ དཔག་དང་ཚོད་དཔག་འདྲ་བོ་བྱས་ནས་བཤད་ཀྱིན་འདུག ང་ཚོ་ས་ལ་གནས་རི་རྒྱ་འབེལ་པདྨ་འོད་ཕུང་ཟེར་བ་ཞིག་ཡོད་པ་རེད། དེ་ང་ཚོ་བོད་གངས་ཅན་ལྗོངས་ནས་ཡང་གནས་རི་རྩ་ཆེན་པོ་རེད། པདྨ་འབྱུང་གནས་ཐོག་མར་བོད་དུ་ཕེབས་དུས་དཀྱིལ་འཁོར་ཐོག་མར་ཞལ་ཕྱེ་སའི་ས་ཆ་ རེད། གནས་རི་འདི་ལ་སྔོན་མ་ལས་ལྷག་པའི་ས་ཐོབ་ཀྱི་སེམས་དཔའ་བཅུ་གསུམ་བཞུགས་འདུག དེ་ལ་འཁོར་དགེ་འདུན་ཁྲི་ཕྲག་ལྷག་རྒྱས་འདུག་དེ་ལ་དཔག་ན་ཚངས་གསར་དགོན་པའི་ བསྟན་པ་རྒྱས་རྒྱུ་རེད་ཟེར་གྱིན་འདུག་ཟེར། འདི་ལ་བསྐོར་བ་ཡག་པོ་རྒྱོབ་གནས་རི་བསྲུངས་སྐྱོབ་ཡག་པོ་གྱིས་ཟེར་གྱི་འདུག་ ཟེར། ང་ཚོ་ཆུ་ཚོད་གཉིས་གསུམ་ཙམ་ཁ་བརྡ་བྱས་པ་ཡིན་ང་ལ་སྤོས་ཤེལ་ཕྲེང་བ་ཞིག་ཡོད། དེ་རོགས་པ་དེ་ཚོ་སྔོན་མ་གནམ་རྒྱལ་རི་བསྟོད་ལ་སོང་དུས་བོར་སོང་བ་རེད་དེ་གང་ དུ་འདུག་ལབ་པ་ཡིན་དེ་རི་བསྟོད་སྐབས་སྲས་མཁར་རྩལ་འཕངས་བཞག་འདུག་དེ་རིན་པོ་ ཆེ་ཞིག་རེད་འདུག་པས་རྟེན་འབྲེལ་ལ་བརྟག་ནས་གནམ་རྒྱལ་ཁོང་གིས་ཉར་ཡོད་ཞེས་ལབ་ ཀྱིན་འདུག་ཟེར། དེ་ཁྱེད་ལ་ཕུལ་བ་ཡིན་ཞེས་ཕར་ལབ་པ་ཡིན་ཚུར་སྐད་ཆ་ལབ་པ་ཚང་མ་བདེན་པ་འདྲ་བོ་ བཤད་ཀྱིན་འདུག ང་ཚོ་འདིར་ཡོད་པ་རྣམས་ཀྱིས་ཐོས་བསམ་འདྲ་བྱས་ནས་བསྡད་ཡོད་པ་རེད། ང་ཚོ་དགོན་པའི་བླ་མའི་མིང་ཅན་ཡོད་པ་འགའ་རེ་ང་ཚོ་དགོན་པའི་ཆེད་དུ་རྒྱུ་ འབྱོར་བ་འདྲ་ཨེ་རག་བསམ་ནས་ཐེ་ཝན་སོགས་རྒྱ་ཕྱི་ནང་ཀུན་ན་ཡོད། ཁོང་ཚོ་ལ་ཁྱེད་ཚོས་སྦྱིན་བདག་འདྲ་ངོ་སྤྲོད་ཐུབ་ཀྱི་ཨེ་རེད་ཞེས་ལབ་པ་ཡིན། དེ་ཐུབ་ཀྱི་རེད། ང་ཚོ་ཉི་མ་ལྔ་རེའི་མཚམས་ནས་འཛམ་གླིང་ལ་བསྐོར་བ་རེ་རྒྱག་གི་ཡོད། དེ་ནི་གངས་ཅན་པའི་དོན་དག་དང་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་ཞབས་ཞུ་སྒྲུབ་ནས་ འགྲོ་བཞིན་ཡོད་ཟེར། དེ་ནས་ང་རང་གིས་གཞི་བདག་དེ་ཚོ་མཐོང་གི་མི་འདུག་ཀྱང་ཁ་བརྡ་མང་པོ་བྱས་པ་ཡིན། ཨ་ནེ་བསམ་གཏན་བཟང་མོས་གཞི་བདག་ཚོ་དང་ང་ཚོའི་བར་ནས་ལོ་ཙྭ་འདྲ་བྱས་ནས་གཞི་ བདག་ཚོས་སྐད་ཆ་ཐམས་ཅད་ང་ལ་བཤད་པ་རེད། ངས་ཕར་ལབ་པ་ཁོང་ཚོས་གོ་གི་འདུག དེ་ནས་ཁོང་ཚོ་རེ་རེ་བཞིན་ཨ་ནེ་རྒྱུད་ཏེ་ངོ་སྤྲོད་འདྲ་བྱས་སོང། སྔོན་པོ་དེ་གནམ་རྒྱལ་རེེད། དམར་པོ་དེ་ཀ་རྒྱལ་རེད། དཀར་པོ་དེ་དུང་རི་རེད་ཟེར་གྱིན་འདུག་ཟེར། ཀ་གནམ་ལྗིག་གསུམ་གཏེར་སྲུང་རྫ་ནག་རལ་པ་མིན་པ་ཚངས་གསར་དགོན་པའི་སྡོང་གྲོགས་ བྱེད་མཁན་གཞན་པ་ཡོད་དམ་ཞེས་དྲིས་པ་ཡིན་གཞན་པ་ཆེན་པོ་ཡོད་པ་མ་རེད་ལབ་ཀྱིན་ འདུག་ཟེར།
རིན་བཟང། སྤྱི་ལོ་ག་དུས་རེད།
 ཐུབ་བསྟན་དཔལ་བཟང། སྤྱི་ལོ༢༠༠ཟླཚེས༢དུས་ཚོད་དགུན་ཁ་རེད། རིན་བཟང་། ཨ་ནེ་དེ་ད་ལྟ་གང་ན་བཞུགས་ཡོད་རེད།
ཐུབ་བསྟན་དཔལ་བཟང།
ཨ་ནེ་ན་རྒྱུ་འདྲ་ཡོད་པ་རེད། ཕལ་ཆེར་ད་ལྟ་ཕ་ཡུལ་ན་ཡོད་རྒྱུ་རེད་ཨ་ནེའི་རོགས་པ་ཡེ་ཤེས་ཆོས་མཚོ་ད་ལྟ་དགོན་པ་ན་ཡོད་པ་རེད།
བསོད་ནམས་རིན་ཆེན།
 དགོང་སྙིང་དྲིས་པའི་གནས་ཚུལ་དེ་ག་འདྲ་རེད།               ཐུབ་བསྟན་དཔལ་བཟང།    
 འོ་་་་་་་་་ རེད རྒྱུན་དུ་བཤད་ཚུལ་ཞིག་ལ་རྒྱ་འབེལ་ལམ་འཕེན་པོ་དེ་ཙཱ་རིའི་གནས་ཀྱི་ཡན་ལག་ཞིག་ ཡིན་ཞེས་བཤད་ནི་རེད། འཕེན་པོ་སུས་གནས་ཀྱི་ཡན་ལག་རེད་ཞེེས་གཞི་བདག་ཚོ་ལ་དྲིས་པ་ཡིན་དེ་ཙཱ་རིའི་ གནས་ཡན་ལག་རེད་ཟེར་གྱིན་འདུག་ཟེར་ཏག་ཏག་འགྲིག་གི་འདུག  ང་ཚོས་ནམ་རྒྱུན་ཙཱ་རིའི་དགོང་སྙིང་ལོ་རུསསྤྲེལ་དང་གངས་རིའི་དགོང་སྙིང་ལོ་རུསརྟ་ ཡིན་ཞེས་བཤད་ནི་རེད། ང་རང་གིས་ད་དུང་ཡིད་མ་ཆེས་པར་ཡང་བསྐྱར་འཕེན་པོ་དགུང་སྙིང་གང་རེད་ཞེས་དྲིས་ པ་ཡིན། དེ་སྤྲེལ་རེད་ཞེས་གཞི་བདག་ཚོས་ལབ་ཀྱིན་འདུག་ཟེར། དེ་ནས་ཇོ་མོ་བཟི་འདྲ་བོར་གྱུར་པ་དེ་དྭངས་ཚར་དུས་དགུང་སྙིང་ཟེར་བ་དེ་ཅི་རེད་ ཅེས་ང་ལ་དྲིས་བྱུང། དེ་དུས་གཞི་བདག་གི་སྐད་ཆའི་ལན་སྤྲད་ཡོང་དུས་ཚང་མ་ཤེས་ཀྱི་འདུག མཇུག་ཏུ་ངས་བཀྲ་ཤིས་སྨོན་ལམ་ཤིས་བརྗོད་དེ་འདྲ་བྱས་པ་ཡིན། དེ་དུས་མེ་ཏོག་གི་ཆར་བ་བབས་པ་དང་འཇའ་འོད་ཤར་བ་བྱུང་ཟེར་ནས་ཨ་ནེས་ལབ་ཀྱི་ འདུག  གཞི་ བདག་ཁོང་ཚོས་ཡང་དོ་དགོང་དགའ་མོ་སྐྱིད་པོ་རེད་སོང་ཟེར་ནས་ཚུར་ལ་ཡང་བྲལ་ཁའི་ སྨོན་ལམ་འདྲ་བརྗོད་ཀྱིན་འདུག་ཟེར་ནས་ཨ་ནེས་ལབ་བྱུང། ངས་ཀྱང་མཇུག་ཏུ་གསོལ་ཁ་མི་གཅོད་རྒྱུ་ཁས་ལེན་བྱས་པ་ཡིན། ཀ་གནམ་ལྗིག་གསུམ་ལ་གསོལ་ཁ་འདུག་སྟེ་དུང་རི་ལ་མི་འདུག་དེ་གང་འདྲ་བྱེད་དགོས་ ཞེས་དྲིས་པ་ཡིན་གཞི་བདག་ཚོས་དེ་ཡིད་ཀྱིས་མཆོད་ན་འགྲིག་གི་རེད་ཟེར་གྱི་འདུག་ ཟེར། ང་རང་གིས་གསོལ་ཁ་ཟེར་བ་དེ་ཆགས་ལྷའི་ཆ་ལུགས་ག་འདྲ་ཡོད་ན་དེ་འདྲ་མཛད་དགོས་ ཀྱི་རེད་བསམ་ནས། ཇོ་མོ་ལ་ཤྭ་ཕོ་དུང་རི་ལ་ཆ་ལུགས་གང་འདྲ་འདུག་ཞེས་དྲིས་བ་ཡིན། ཇོ་མོས་དེ་ལ་དར་ཁྲི་རྨོག་ཅན་ལག་ན་ཟངས་ཀྱི་མདའ་གཞུ་ཐོག་པ་ལུས་བེར་དཀར་པོ་ གྱོན་པ་མི་དཀར་རྟ་དཀར་དེ་འདྲ་འདུག་ཟེར། དེ་ནས་ང་རང་གིས་དུང་རིའི་གསོལ་ཁ་ཞིག་བརྩམས་པ་ཡིན།
 བསོད་ནམས་རིན་ཆེན།
གསོལ་ཁའི་མགོ་ལག་འདྲ་ཟེར་བ་ཞིག་ཡོད།
ཐུབ་བསྟན་དཔལ་བཟང།
རབ་ ལྡིང་ཤེལ་གྱི་ཕོ་བྲང་བརྩེགས་པའི་མཁར། ཚིག་བཅད་ཞིག་བརྩམས་ནས་གཞི་བདག་དེ་ཚོ་ལ་ག་འདྲ་ཞེེས་དྲིས་བ་ཡིན། ད་ཡག་པོ་རེད་འདུག་ཟེར་ནས་གད་མོ་ཤོར་གྱི་འདུག་ཟེར། གཞི་བདག་ཁོང་ཚོས་ཀ་གནམ་ལྗིག་གསུམ་ནང་ནས་ལྗིག་རྒྱལ་ད་ལྟ་ན་ཚ་བྱུང་ནས་བསྡད་ ཡོད་པ་རེད། དེ་ལ་ཁྱེད་ཚོ་གྲྭ་བཙུན་ཚོས་བསངས་གསོལ་རེ་གཏོང་རོགས་གནོང་ཟེར་གྱི་འདུག་ཟེར། དེ་ལ་ངས་བརྟེན་འབྲེལ་བརྟགས་ནས། དེ་རང་ཉི་ཤུ་དགུ་རེད། སང་ཉིན་གནམ་གང་རེད་ཚེས་གསུམ་གྱི་ཉིན་མོ་ཟླ་བ་ཡར་ངོར་བརྟེན་འབྲེལ་ལ་བརྟགས་ ནས་ཆོས་སྲིད་གོང་དུ་འཕེལ་བའི་རྟེན་འབྲེལ་ཆེད་བསངས་གསོལ་རྒྱས་པ་འདོན་ཡོང་ལབ་ པ་ཡིན།  ཁོང་ ཚོས་ཀྱང་ཆོ་འཕྲུལ་འདྲ་མིན་མི་བསྟོན་རྒྱུ་ཁས་ལེན་བྱས་པ་ཡིན། དགོང་མོ་བྱིས་པའི་ཆོ་འཕྲུལ་ཁོང་ཚོ་མིན་ཟེར་གྱི་འདུག་ཟེར། འདི་གདན་ས་ཁྱད་པར་ཅན་ཡིན་པ་རེད། ལྷ་འདྲེ་འདུ་ལོང་ཆེན་པོ་ཡིན་དུས་ཁོ་ཚོས་ཀྱང་རྒྱ་ཆེན་པོ་ལས་ཐུབ་ཀྱི་མི་འདུག་ ལབ་ཀྱིན་འདུག་ཟེར། དེ་ནས་ཉིན་གཉིས་ཀྱི་མཚམས་ཇོ་མོ་སྔར་བཞིན་དེ་འདྲ་ཆགས་སོང་། ཡིན་ན་ཡང་སྔོན་མའི་འཇིག་རྟེན་གྱི་སྣང་བ་རང་གི་ཁང་བ་སོགས་ཀྱི་སྣང་ བ་དེ་འདྲ་མི་འདུག་ས་གཞི་ཐམས་ཅད་མེ་ཏོག་དང་ནམ་མཁའ་ནས་མེ་ཏོག་གི་ཆར་བབས་ཀྱི་ འདུག་ཟེར་ང་ཡི་མིང་ལ་ཐུབ་བསྟན་ཟེར་བ་རེད། ཇོ་མོས་ང་ལ་ཐུབ་དགས་ཡོན་ཆབ་དཔག་ཏུ་མེད་པ་བཤམས་ཀྱིན་འདུག་ཇོ་མོ་རྣམས་ཀྱིས་ ལས་རོགས་གཏན་ནས་བྱེད་ཀྱི་མི་འདུག་དེ་འདྲ་ཐབས་སྡུག་ལབ་ཀྱི་འདུག་མ་གཏོགས་གཞན་ པའི་སྣང་བ་གཏན་ནས་མི་འདུག་ཟེར། དེ་ནས་ཉིན་གསུམ་འགོར་བའི་ཉིན་སྔར་བཞིན་དེ་འདྲ་ཆགས་སོང་དེ་སྐབས་ཚངས་གསར་ དགོན་པར་མཆོད་རྟེན་ལེགས་པོ་བརྒྱད་བཞེངས་འདུག ཁྱེད་ཚོ་བསྐོར་བ་ལ་འགྲོ་གི་ཨེ་ཡིན་ཟེར་ནས་འགྲོ་གྲིབས་བྱེད་ཀྱི་འདུག་སྐབས་ དེར་གཞན་པའི་ལྷ་འདྲེའི་སྣང་བ་གང་ཡང་མི་འདུག ཉིན་བཞི་པའི་སྐབས་སུ་ཇོ་མོ་ནད་དྲགས་འདུག་ཆོ་འཕྲུལ་གཞན་པ་ཡང་ཉུང་ངུར་ཕྱིན་ འདུག ང་རང་གིས་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ནུས་མཐུ་ཁྱད་པར་ཅན་ཡིན་པ་སེམས་ གཏིང་ནས་ངེས་ཤེས་སྐྱེས་སོང། དེ་མིན་ན་ཅིག་གིས་མཐུ་བྱེད་ཅིག་གིས་ཨམ་གཙིགས་བསྡམས། དེ་འདྲ་བྱས་ན་མཐུན་ཐབས་གཏན་ནས་ཡོད་པ་མ་རེད། ཇོ་མོ་དེར་རྗེས་མ་དེའི་བསྐོར་དྲིས་ན་གཏན་ནས་བཤད་གི་མི་འདུག རྒྱུ་མཚན། དེ་རྗེས་མཁན་པོ་ཞིག་གདན་འདྲེན་ཞུས་པ་རེད། མཁན་པོས་ལྷ་རིག་འདྲེ་རིག་བཤད་མ་ཡོང་མ་བཤདལབ་པ་རེད།  དེ་ནས་བཟུང་སྡུག་ཅག་ངན་པཡིན་ས་རེད་བསམ་ནས་བཤད་ཀྱི་མི་འདུག  ད་དེ་འདྲ་རེད།
བསོད་ནམས་རིན་ཆེན།
ཡ་ད་རྗེས་མ་ཨ་ནེ་དེ་ལ་བཅར་འདྲིའི་གོ་སྐབས་ཤིག་ཨེ་ཡོད་ལ་རེ་བ་ཡོད། དེའི་ཐད་ནས་ཐབས་ཤེས་ཤིག་གནང་རོགས།
ཐུབ་བསྟན་དཔལ་བཟང་།
ཡ་ཡ་དེ་ངས་ཧུར་ཐག་བྱས་ནས་རོགས་བྱེད།
བསོད་ནམས་རིན་ཆེན། ཡ་ཡ་ད་བདེ་བྱོས། །


པེ་ཅིན་ནས་ལྷ་ས་དྲན་ཚུལ།
ས་དམར་གྲགས་པ། ལྷ་ས།
རྒྱ་ནག་གོང་མའི་ཕོ་བྲང་གི་ཁང་ཁྱིམ་ལྷག་མ་དེ་དག
ལག་སྟོང་དུ་ལུས་པའི་རྒན་པོ་ཞིག་དང་འདྲ་བར
གྲོང་ཁྱེར་གྱི་བྲང་གཞུང་ན་གཉིད་ནས་འདུག་པས
ངས་པོ་ཏ་ལའི་དབུ་རྩེ་ཡི་སྤྲིན་པ་དེ་དྲན་བྱུང
སྤྲིན་པ་དེའི་ཁ་དོག་དྲན་བྱུང   ཁ་དོག་དེ་ཅི་ཞིག་ཡིན་ནམ་སྙམ་བྱུང

སོག་མི་བཙན་པོ་དག་གི་རྐང་རྗེས་ཀྱིས་ཁྱབ་པའི་ཕོ་བྲང་དེ་ནས
ངས་ས་སྐྱ་བ་དེ་ཚོའི་ཐམ་ཀ་མང་པོ་དེ་དག་དྲན་བྱུང    ཇི་ལྟར་བྱ་དགོས་བསམ་བྱུང
ས་སྐྱ་པན་ཆེན་ཟེར་བ་དེ་ཡང་གླུ་བ་ངོ་མ་ཞིག་ཡིན་མིན་གྱི་ཚོར་བ་ཞིག་སྙིང་ནས་ལྡང་ཡོང་གི

དུས་གསུམ་གྱི་འགྱུར་བ་ཆེ་བའི་ལྷ་ས་དང
ཕར་སོང་གི་པེ་ཅིན་གྱི་ལོ་རྒྱུས་ནི་མཚེ་མ་ཞིག་དང་འདྲ་བས
དུས་ཚོད་འདི་འཁོར་གྱིན་པ་ཡང་དུས་ཚོད་ཀྱི་ནག་ཉེས་རེད་འདུག་སྙམ་འོང

ནག་ཉེས་འདིའི་ངོ་གདོང་ནས་བབས་པའི་ཚ་དྲོད་འདི་དག
སྙིང་རྗེ་མེད་པར་ངའི་ལུས་སྟེང་དུ་གཅིག་རེ་གཅིག་རེ་ཡིས་ཟགས་དུས
ངས་ཉི་མ་ལྷ་སའི་ཉམ་ཆུང་གི་གཤིས་ཀ་དེ་དྲན་བྱུང
ངས་ཕ་ཡུལ་མི་དམངས་ཀྱི་རྒྱལ་ས་པེ་ཅིན་དེ་མཐོང་བྱུང
ད་དུང    ངས      ཨ་ཕའི་དབུ་སྐྲ་དཀར་པོ་དེ་ཡང་དྲན་བྱུང་ཨང

                ༢༠༡༠ལོའི་ཟླ༧པའི་ཚེས༣༠ཉིན་པེ་ཅིན་ནས་བྲིས།


                                                 བླ་མ་ཙོང་ཁ་བར་མཇལ་བ།

ནགས་ལྗོངས་མེ་ཏོག་འཕྱུར་བའི་ཙོང་ཁའི་རི་སུལ། །
དྭངས་གཙང་བྱིས་པ་ཞིག་གི་ཕ་ཁྱིམ་ཡིན་སྐད། །
ངྷི་ཡིག་དབྱངས་སུ་གྱེར་བའི་ཞོགས་པ་སྔ་མོ། །
མི་ལོ་དྲུག་བརྒྱའི་གོང་གི་དེ་རིང་ཡིན་འདྲ། །
 
གྲོང་སྡེ་ཐར་ཐོར་ཡིན་པའི་ལྷིང་འཇགས་ཁྲོད་ཀྱི། །
བག་འཇམ་བྱིས་པ་ཡུམ་གྱི་པང་ན་འཛུམ་འདུག །
རིག་པའི་དཔའ་བོ་ཞིག་གི་ཧམ་པ་བརྩེགས་མས། །
ཤ་རྫོང་དབེན་པའི་ནགས་ལ་བསུས་པར་ཐོས་སོ། །
 
སྨུག་སྤྲིན་སྲབ་མོས་དཀྲིས་པའི་ཙོང་ཁའི་སྐྱེས་རི། །
གློ་བུར་དགོང་ལ་ཟུག་པའི་རྣམ་པར་འགྱིང་ཞིང་། །
ལྗོངས་འདིའི་སྣོད་དང་བཅུད་ཀྱི་ཚེ་དང་སྲོག་ལ། །
ལང་ཚོའི་མཛེས་སྡུག་སྣུམ་པོའི་དབུ་ཁྱུད་བྲིས་ཡོད། །
 
ཡི་གར་འོང་བའི་ལྷ་ཕྲུག་ཞིང་འདིར་བབས་འདྲའི། །
བག་ཕེབས་བྱིས་པའི་སྐྲ་ལོ་སིལ་བུར་འཁྱིལ་བ། །
བླ་ཆེན་ཞིག་གིས་བྱམས་བརྩེ་བཞར་གྲི་འཇམ་པོས། །
དུམ་བུར་བཅད་པའི་མགོ་རིལ་བཙུན་པ་ཆུང་ཆུང་། །
 
ཡི་དམ་ཆོས་སྲུང་འཛུམ་པའི་བྱིན་ཆར་ཁྲོད་ནས། །
བླ་མའི་ཞི་དྲག་བརྩེ་བའི་དཀར་ནག་འཚོལ་ཞོར། །
ཙོང་ཁའི་བུ་ཆུང་སྣང་བ་སྐྱིད་མདོག་ཅན་པོ། །
དབེན་པའི་རི་ཁྲོད་དེ་རུ་ཉམས་རྟོགས་རྒྱས་ཟེར། །
 
གནས་མཆོག་བྱ་ཁྱུང་བྲག་རི་སྨིག་པོའི་མགུལ་དུ། །
བདེ་སྟོང་རིམ་གཉིས་རྣལ་འབྱོར་ཐུགས་སུ་ཚུད་དེ།།
སྔགས་དང་ཕར་ཕྱིན་ཐེག་པའི་བློ་གྲོས་བཟང་བོ། །
འགྲན་བྲལ་གྲགས་དཀར་སྲིད་པའི་རྩེ་ལ་བཀལ་ཡོད།།
 
གློ་བུར་རྣམ་དཔྱོད་རིག་པའི་གོམ་པ་དང་བོ། །
དབུས་འགྱུར་ཆོས་ཀྱི་ཞིང་དུ་བསྒྱུར་ལ་ཁད་དེའི། །
གཏམ་རྒྱུད་བཀྲ་ཤིས་ལ་དང་རི་ཤོད་ཀུན་ཏུ། །
གནའ་དེང་སྐྱེ་དགུའི་ངག་ན་ཆུ་བོ་བཞུར་བཞུར། །
 
དབུས་གཙང་རི་སུལ་མེད་པར་ཞབས་ཐང་རྐྱང་གིས།།
ཐོས་དོན་རྩལ་དུ་འདོན་སླད་གཞུང་ཆེན་དུ་མར། །
མཁས་དང་གྲུབ་པ་དག་གི་བྱིན་ཆེན་འོག་ནས། །
གོ་རིག་ཟུང་དུ་སྦྲེལ་ཏེ་བློ་གཤོག་བརྐྱངས་ཡོད། །
 
བཀའ་པོད་གཞུང་གི་གྲྭ་སྐོར་མཚན་སྙན་ཅན་པོ། །
གཞོན་པའི་སྙིང་སྟོབས་ཤིག་གི་རྩེ་ལ་མཆོད་པས། །
དབུས་གཙང་ཞིང་གི་དོན་ལྡན་ཆེ་བསྟོད་ཀློང་ན །
ཨ་མདོའི་སྣ་བོ་ཆེ་དེས་ཡུལ་ཁྱིམ་བརྗེད་འདུག །
 
བགྲང་བྱ་བཅུ་ཕྲག་ལྷག་གི་རེ་སྒུག་ལྗིད་པོས། །
ལུས་སེམས་མནར་བའི་བྱམས་ལྡན་ཨ་མ་ཞིག་གིས།།
སྐྲ་དཀར་དབུས་ལ་སྤུར་བའི་རྣམ་ཐར་མཇལ་ན། །
ཚུར་མཐོང་སྐྱེ་བོར་མིག་ཆུའི་ཟིལ་བ་འཐོར་ཡོང་། །
 
ཟབ་གསལ་རིག་པ་རྣོ་བའི་ཨ་མདོའི་ཕོ་སར། །
བརྒལ་བརྟག་དཔུང་བ་ངོམ་ལ་གྲིམ་ཤ་རྒྱས་ཡོད། །
དབུས་ལྗོངས་ཆོས་ཀྱི་ཞིང་གི་ཕ་མཐའ་མེད་པར། །
ཁྱེད་ཀྱི་སྙིང་སྟོབས་གངས་རིས་མུ་ཁྱུད་བྲེས་ཡོད། །
 
ང་རྒྱལ་གདོན་གྱིས་མ་བཟུང་ཞི་དུལ་བག་ཕེབས། །
འདོད་སྲེད་ཞགས་པས་མ་བཅིངས་བློ་ཁོག་ཡངས་པོ། །
ཕྲག་དོག་མེ་ཡིས་མ་བསྲེགས་འཛུམ་མདངས་ཤིག་གེར། །
བདག་འཛིན་དྲ་བར་མ་ཚུད་བོད་ཀྱི་དགྲ་བཅོམ། །
 
རྣམ་དཀར་ལེགས་བྱས་གསེར་གྱི་ཅོང་ཆེན་རྡུང་བཞིན།།
སྐྱིད་གཞུང་ལྷ་སར་ཆོས་ཀྱི་སྒྲོན་མེ་སྦར་ཞིང་། །
བར་སྐོར་གླིང་དུ་དར་ཆེན་བཅུ་གསུམ་བསྒྲེངས་ཏེ། །
སྣ་བོ་ཆེ་དེས་བསྟན་སྲིད་མངའ་ཐང་བསྲུངས་ཡོད། །
 
དབེན་གསུམ་སྙིང་བོར་འཕོས་པའི་འབྲོག་རི་ཆེན་པོར། །
མདོ་སྔགས་ཟུང་འཇུག་བདེ་ཆེན་ཆོས་ཀྱི་ཕོ་བྲང་། །
གངས་ལྗོངས་མཁས་གྲུབ་བྱེ་བའི་བསྟི་གནས་དམ་པ། །
རྣམ་འདྲེན་ཐུབ་དབང་བསྟན་པའི་རྒྱན་དུ་བཞེངས་ཡོད། །
 
དབུ་ཚད་ཟུང་དུ་འབྲེལ་བའི་ལྟ་གྲུབ་དཔང་མཐོ། །
འཕགས་བོད་མཁས་གྲུབ་དམ་པའི་ཕྱག་བཞེས་རྨ་མེད། །
ཚད་ཐུབ་ཤེས་རབ་མཆོག་གིས་ཞུན་ཐར་ཆོད་པ། །
གངས་ཅན་འཁྲུལ་བྲལ་དབུ་མའི་སྟོན་པ་མཆོག་ཡིན། །
 
རིས་མེད་མཁས་རྒུས་བསྔགས་བརྗོད་སྟོང་གིས་བསུས་པའི། །
ཚད་མའི་སྟོན་མཆོག་འཇམ་དཔལ་སྙིང་བོའི་སྲོལ་བཟང་། །
ཞྭ་སེར་བསྟན་པའི་དཔལ་ཞེས་རིང་ལུགས་རྩོལ་མེད། །
འཛམ་གླིང་བློ་ལྡན་བྱེ་བའི་འཇུག་ངོགས་བསྐྲུན་འདུག །
 
གཙང་ཆེན་ཧུབ་ཀྱིས་རྔུབ་པའི་གྲུབ་རྟགས་མེད་ལ། །
དཔལ་འབྱོར་ཐབས་ཀྱིས་སྡུད་པའི་ཕྱགས་མ་བྲལ་བའི། །
མདོ་ཁམས་ཙོང་ཁའི་ལྗོངས་ཀྱི་དབུ་ཞྭ་སེར་བོ། །
ཐུབ་དབང་བསྟན་པའི་གཙུག་ན་འོད་ཀྱིས་འཚེར་ཡོད། །
 
འཕགས་ཡུལ་ཆོས་ཀྱི་ཞིང་གི་བྱིན་གྱིས་མ་ཁུགས། །
རྒྱ་ནག་དཔལ་དང་འབྱོར་བའི་ཟིལ་གྱིས་མ་ཁུགས། །
དྲིན་ལྡན་ཕ་མའི་བརྩེ་འཕྲིན་བརླན་གྱིས་མ་ཁུགས། །
ཤར་ཕྱོགས་ཙོང་ཁའི་བུ་ཁྱེད་སུས་ཀྱང་མ་ཁུགས། །
 
ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ་བ། །
ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན་ཞིང་།།
མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར་བའི། །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་པར་གྱུར་ཅིག །
 
བླ་མ་མཆོག་ཁྱེད་དྲན་པའི་མགུར་དབྱངས་སྐྱོ་བོ། །
ཙོང་རི་མཁའ་ལ་འཕགས་པའི་ཉེ་འདབས་ཤིག་ཏུ།།
མགྲིན་པའི་གདངས་སུ་གྱེར་ཏེ་བྱིན་ཆེན་མེ་ཏོག །
ཕངས་མེད་སྩོལ་བའི་རེ་དད་དགོང་ལ་བརྩེགས་ཡོད།།
 
ཅེས་ པ་འདི་ཡང་རྗེ་སྐུ་འབུམ་བྱམས་པ་གླིང་དུ་ཉིན་ཤས་རིང་བསྡད་པའི་རྐྱེན་བྱས་ཏེ་ སྒང་བ་བོད་ཀྱི་མྱི་ཆེན་ནམ་འབྲོང་སྤྲུལ་འཆི་མེད་རིག་འཛིན་རྡོ་རྗེ་ཞེས་བྱ་ བའི་རྟོག་གེ་བ་མགོ་མཁྲེགས་དེས་སྦྱར་བ་དགེའོ། །

                               ཤར་གཉན་པོ་གཡུ་རྩེ་རུ་སྦས་གནས་ཡོད།

                                         དོན་དངོས་སུ་གྲགས་པའི་གཏམ་རྒྱུད་ཐུང་ངུ།
གཉན་ པོ་གཡུ་རྩེ་ནི་ཕྱི་ནས་བལྟས་པའི་ཡུལ་ལྗོངས་ཀྱི་མཛེས་ཉམས་རྐྱང་རྐྱང་དང་།གཏེར་ རིགས་དང་སྐྱེ་དངོས་ཀྱིས་ཕྱུག་པའི་གཡང་རི་ཁོ་ན་ཙམ་གྱིས་མཚོན་ཐུབ་པ་ཞིག་གཏན་ ནས་མིན་པ་དང་།དུས་ཡུན་ཐུང་ཐུང་ཞིག་ལ་དངོས་མཐོང་དཔྱད་ཆས་ཐོགས་ཏེ་འཁྱུག་ཙམ་ ཉུལ་བ་ཙམ་གྱིས་ཞིབ་འཇུག་བྱེད་ཐུབ་པའི་ཡུལ་གླིང་རང་ཀ་བ་ཞིག་རྐང་ནས་ཡིན་པ་མ་ རེད།གཉན་པོ་གཡུ་རྩེ་ནི་ལྷ་སྒྲུང་མིན་པའི་ལྷ་སྒྲུང་གི་གསོན་ཉམས་འབུར་དུ་ཐོན་ པ་ཞིག་ཡིན་པ་དང་།མི་ཡུལ་འདིའི་གསང་བ་བསམ་མི་ཁྱབ་པའི་ལྷ་ཡུལ་དང་སྦས་གནས་ཁྱད་ པར་བ་ཞིག་ཡིན་ཀི་ཡོད།གང་ཞེ་ན་གཉན་པོ་གཡུ་རྩེའི་ཁོར་ཡུག་ནས་མི་རབས་ནས་མི་ རབས་བར་གཉན་པོ་གཡུ་རྩེའི་གནས་མཆོག་དང་འབྲལ་མེད་རྒྱུན་གནས་ཀྱིས་འཚོ་བ་རོལ་ མཁན་ཚོའི་ཁྲོད་ན་སྐབས་སྐབས་སུ་ཆོས་ལུགས་ཀྱི་གྲུབ་ཐོབ་པ་དང་།ཚན་རིག་ལ་བྱང་ བའི་ཞིབ་འཇུག་དཔྱད་ཆས་ཅན་གང་ཡང་ཡིན་མི་དགོས་པར་མང་ཚོགས་དཀྱུས་མ་དག་གཉན་པོ་ གཡུ་རྩེའི་གནས་ཀྱི་གསང་བ་དང་འཕྲད་ཀྱིན་ཡོད།དེ་ཡང་ཕ་ཡུལ་གྱི་རྒན་པོ་ཚོས་བཤད་ ན།དུས་རབས་ཉི་ཤུ་བའི་དཀྱིལ་ཙམ་ཞིག་ན་གཉན་པོ་གཡུ་རྩེའི་སྔོ་མཚོའི་ཕུག་གི་རྫ་ ལུང་ནས་རྔོན་པ་ཞིག་གིས་ཤྭ་བ་ཞིག་ལ་མེ་མདས་རྒྱབས་ཏེ་རྨས་མོད།ཤྭ་བ་དེ་ཉིད་ འགྱེལ་མ་ཐུབ་པར་ཤོར་སོང་བ་དང་།རྔོན་པས་ཁྲག་རྗེས་དེད་དེ་སོང་སྐབས་ཤྭ་བ་བྲག་ བར་ཁང་སྒོ་འདྲ་བ་ཞིག་ཏུ་སོང་འདུག་པས།རྔོན་པ་ཡང་དེ་བཞིན་དུ་སོང་ཚེ།ངོ་མཚར་བ་ ཞིག་ལ་བྲག་བར་དེའི་ཕར་རྒྱབ་ནི་རྔོན་པ་རང་ཉིད་འོང་བའི་སྔོ་ཕུག་གི་ཡུལ་ལྗོངས་ དང་གནས་དུས་གཞི་ནས་མི་འདྲ་བའི་སྦས་ཡུལ་ཁྱད་པར་བ་ཞིག་ཡིན་འདུག  མ་ གཞི་རྔོན་པ་དེས་རི་དྭགས་བཤོལ་ཉིན་དེ་ས་གཞི་ལ་སྐྱ་མདངས་ཆགས་ཤིང་གྲང་རླུང་ ཤུར་ཤུར་བྱེད་པའི་སྟོན་དུས་ཤིག་གི་ཉིན་གོང་གི་དུས་ཡིན་མོད།ཕུག་ལམ་དེའི་ཕར་ རྒྱབ་ནི་རི་ཀླུང་ཐམས་ཅད་ལ་ལྗང་མདོག་གི་ནེམ་ཤ་རྒྱས་ཤིང་མེ་ཏོག་སྣ་ཚོགས་ཀྱི་ ལོ་འདབས་ཟིལ་ཆུ་ཁྲོམ་ཁྲོམ་བྱེད་པའི་དབྱར་གཞུང་གི་སྔ་མོ་ཞོགས་ཉིའི་འོད་མདངས་ ས་གཞི་ལ་འཕྲོས་མ་ཐག་པའི་དུས་ཚོད་ཅིག་ཡིན་འདུག་པར་མ་ཟད།ཉེ་མ་རིང་གི་ས་ན་ མཐིང་མདོག་གི་སྦྲ་ནག་ཤིན་ཏུ་ཆེ་བ་དུ་མ་ཐར་ཐོར་དུ་ཡོད་པའི་གོང་ཁ་དག་ནས་དུ་ བའི་ཀ་བ་དཀར་པོ་རེ་རེ་རི་སྐེད་ཀྱི་སྨུག་སྤྲིན་ལ་སྣོན་མར་འཕྱུར་གྱིན་ཡོད་པ་ དང་།གསར་དུ་ལྷས་ནས་ཡན་པའི་རྟ་ནོར་ལུག་གསུམ་ནི་རི་ལུང་ཤོད་གསུམ་དུ་ཁྱུ་དང་ ཁྱུ་བྱས་ནས་སྤང་ལ་ཁྲ་བཏབ་པ་ལྟར་ཡན་འདུག་པ་དང་།ནོར་ལུག་གི་ཁྱུ་འདབས་སུ་རྟ་ གཡག་ལ་ཞོན་པའི་རྫི་བོ་རྣམས་ཀྱང་གཅིག་དང་གཉིས་བྱས་ནས་ཕྲ་ལ་སེང་བའི་གླུ་སྐད་ སྙན་པོ་ཚིག་དོན་མི་གསལ་བ་ཞིག་གྱེར་གྱིན་འདུག་པའི་མི་ཡུལ་མིན་པའི་མི་ཡུལ་ སྣང་བ་དྭངས་ས་ཞིག་མིག་ལམ་དུ་མངོན་པ་ལས་ཁྲག་དམར་གྱིས་སྦགས་པའི་ཤྭ་བ་རྨས་མ་ དེ་ནི་གར་ཡང་མི་འདུག་པས།ཁོ་རང་ཉམས་མཚར་ཏེ་གནས་དེའི་རི་ཀླུང་ལ་མིག་ཉུལ་བྱེད་ བཞིན་ཉེ་ཕྱོགས་སུ་ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན་ཞིག་གི་ཁར་ལུས་ཀྱི་གོས་རྒྱན་ ཆ་ལུགས་མཐོང་མ་མྱོང་བའི་བུ་མོ་ཆེ་ཆུང་གཉིས་ཀྱིས་ཆུ་ལེན་གྱིན་འདུག་པའི་ ཕྱོགས་སུ་ཕྱིན།བུ་མོ་གཉིས་པོས་ཁོ་མཐོང་མ་དག་ཁོའི་ལུས་གོས་དང་ཚུགས་ཀ་སོགས་ལ་ ཧད་སོང་བའི་ཉམས་ཀྱིས་སྐད་ཆ་སྣ་ཚོགས་ཤིག་བཤད་སོང་ཡང་ཁོས་མ་གོ་བ་དང་།ཕར་ཡང་ བུ་མོ་གཉིས་ལ་ས་ཆ་འདི་གང་ཞིག་ཡིན་དང་ཁྱེད་ཚོ་སུ་ཞིག་ཡིན་སོགས་མང་པོ་ཞིག་ སྨྲས་ཀྱང་བརྡ་ཡེ་མ་འཕྲོད་པར་གདའ།ཡིན་ན་ཡང་ཅི་མི་སྙམ་པར་ཁོ་མོ་གཉིས་ཀྱི་ རྗེས་དེད་དེ་སྦྲ་ཁྱིམ་ཆེན་པོ་ཅན་གྱི་དུད་ཁྱིམ་ཞིག་ཏུ་རུ་ཉུལ་ལ་ཕྱིན་ཚེ།ཁོ་ ཚོའི་འགྲོ་ལུགས་འདུག་སྟངས་དང་འཚོ་བ་རོལ་སྟངས།ཁྱིམ་གྱི་བཅའ་ལག་སྒྲིག་སྟངས་ སོགས་ནི་རང་གི་ཕ་ཡུལ་དང་ཕྱོགས་མཚུངས་ཡིན་ན་ཡང་།བཅའ་དངོས་ཀྱི་གྲུབ་ཚུལ་དང་ རྒྱུ་ཆ་སོགས་ནི་འབྲེལ་བཤད་མི་ཤེས་པ་ཞིག་གི་སྣང་ཚུལ་དུ་ཡོད་འདུག མགྲོན་བསུ་དང་ཟས་ཀྱིས་སྣེ་ལེན་བྱེད་སྟངས་ནི་གཅིག་འདྲ་ཡིན་པར་མ་ཟད་འོ་ཞོ་དང་ མར་ཆུར་སོགས་ཀྱི་བྲོ་བ་ཡང་གཅིག་པ་གཅིག་རྐྱང་ཡིན་འདུག དེར་ཁོས་དེ་བ་ཚང་ནས་ཁ་བརྡ་ལག་བརྡ་ལ་བརྟེན་ཏེ་ཟས་ཐུན་སྐྱིད་པོ་ཞིག་རོལ་རྗེས་ ཁོ་རང་མི་ཡི་ཡུལ་ལུང་དེ་ལ་ངོ་མཚར་བ་དང་།ཡིད་མི་ཆེས་པའི་དོགས་གཞི་གཉིས་སྐྱ་ འཐབ་བཞིན་ཕྱིར་རང་ཉིད་ད་སོ་མ་འོང་སའི་བྲག་ལམ་དེར་ཕྱིན་ཏེ་ཕྱི་ལྟས་ཤིག་བྱས་ ཚེ།ཡ་མཚན་པ་ཞིག་ལ་རི་ཀླུང་ཀུན་སྨུག་སྤྲིན་མཐུག་པོ་ཞིག་གིས་གཡོགས་ནས་ཅི་ཡང་ མི་མཐོང་བར་མ་ཟད།སྔོ་ཕུག་གི་རྫ་ལུང་དེར་ད་སོ་མ་རང་ཉིད་འོང་དུས་ཀྱི་གནམ་ གཤིས་དང་ཡེ་མི་འདྲ་བར་རི་ཤོད་ཀུན་ཁ་བས་གཡོགས་ཤིང་ཆུ་བོ་ཀུན་ལ་འཁྱགས་དར་ རྒྱས་ཏེ་བསྒྲོད་ལམ་རྙེད་དཀའ་བའི་ཚད་དུ་གྱུར་ནས་གནམ་གཤིས་ཤིན་ཏུ་གྲང་ཐག་ཆད་ འདུག  དེར་ཁོ་རང་གི་སེམས་ལ་དངས་འཚབ་ དང་དོགས་པ་སྐྱེ་བཞིན་རང་གི་ཁྱིམ་དུ་རྒྱུགས་ཚེ།ཆེས་ཡ་མཚན་པ་ཞིག་ལ་ཁོ་རང་ཕུག་ ལམ་དེ་ནས་མི་ཡུལ་ཁྱད་པར་བ་ཞིག་ཏུ་ཕྱིན་ཏེ་དུས་ཚོད་ཐུང་ངུ་ཟས་ཐུན་གཅིག་གི་ དུས་ཚོད་དེ་ནི་ཁོའི་ཕ་ཡུལ་དུ་ཟླ་བ་གཅིག་དང་ཉི་མ་བཅུ་ཕྲག་ཁ་ཤས་ཏེ་ཉིན་ཞག་ བརྒྱད་ཅུ་རྩ་གྲངས་ཀྱི་དུས་ཡུན་ལ་གནས་འགྱུར་འདུག་ཏེ།ཁོའི་ཁྱིམ་མི་ཚོས་ཁོ་རི་ དྭགས་བཤོལ་ཏུ་སོང་ནས་ཕྱིར་མ་འབྱོར་བའི་ཉིན་དེའི་དགོང་མོ་ནས་སེམས་ལ་དངངས་ཚབ་ ལངས་ནས་ཉིན་ཞག་མགོ་བསྣོལ་ཏེ་རྫ་གསེང་བྲག་འདབས་ཐམས་ཅད་དུ་མིང་ནས་འབོད་བཞིན་ ཇི་ལྟར་བཙལ་ན་ཡང་།མི་ལྟ་ཅི་རྐང་རྗེས་ཙམ་ཡང་མ་རྙེད་དེ།གཟའ་མི་ཉེ་འབྲེལ་ཚང་མ་ ཁོ་ཐག་ནང་ནས་ཆད་དེ་ད་ནི་ཁོ་རང་གངས་དོང་རྫ་དོང་མིས་མི་རྙེད་ས་ཞིག་ཏུ་ལྷུང་ སོང་བའམ།ཡང་ན་དོམ་དྲེད་གངས་གཟིག་གང་རུང་ཞིག་གིས་ཟོས་སོང་བར་ཐག་བཅད་དེ་སྡུག་ གི་མཆི་མ་འདོན་བཞིན་ཡུལ་མགོ་ལོག་རང་གི་ཡུལ་སྲོལ་ལྟར་དགོངས་ཞག་བཞི་བཅུ་ཞེ་ དགུའི་དུས་ཡུན་གྱི་གཤིན་ཆོག་སོགས་གྲུབ་པར་བྱས་ཏེ་སྡུག་བསྔལ་གྱིས་ནོན་པའི་ དུས་ཤིག་ལ་ཁེལ་འདུག དེར་ཁོ་རང་ཕྱིར་ཐོན་པ་ན་དེང་ཐོག་ཁྱིམ་མི་ཐམས་ཅད་ཀྱི་སེམས་ལ་འཇིགས་དངངས་དང་ སྡུག་བསྔལ་ཆེན་པོ་ལྷག་པར་དུ་སྐྱེས་ཏེ་ད་ནི་ཁོ་རང་མི་ངོ་མ་ཞིག་མིན་པར་འདྲེ་ འམ་གདོན་ཆེན་པོ་ཞིག་གིས་ཁོའི་ལུས་གཟུགས་བདག་ཏུ་བཟུང་ནས་ཐོན་པ་རེད་སྙམ་ནས་ སྨྲེ་ངག་དང་ཆོ་ངེ་བཏོན་ནས་བྲོས།ཁོས་ཀྱང་སེམས་སྡུག་པ་དང་རང་ཉིད་ལ་ཡིད་མི་ ཆེས་བཞིན་སྐད་རྒྱབ་ཏེ་ཅི་ཡིན་གང་ཡིན་མང་དུ་བཤད་དེ་ཕན་ཚུན་ལབ་གླེང་ཡུན་རིང་ བྱས་རྗེས་ཁྱིམ་མི་རྣམས་ཀྱིས་གཟོད་ཁོ་རང་མི་ངོ་མ་ཡིན་པར་སེམས་ཐག་ཆོད་ཏེ། བརྩེ་གདུང་དང་བཅས་ཉེ་གཅར་གྱིས་མགུལ་ལ་ཁྱུད་ནས་ཤི་གསོན་ངོ་ཐུག་གི་ཚོར་བས་ངུ་ ཤོར་བ་སོགས་ཡུན་རིང་དུ་འཇུ་འཐམ་གྱིས་ལུས།དེ་ནས་ཕན་ཚུན་ཅི་བྱུང་གང་བྱུང་གི་ ལོ་རྒྱུས་ལབ་གླེང་དང་རྟག་དཔྱད་བྱས་ཚེ།ཁོའི་མགོ་ཡི་སྐྲ་དང་ཁ་སྤུ་སོགས་ལ་སྔར་ ཁོ་རང་རྔོན་ལ་འགྲོ་བའི་ཉི་མ་དེ་ཅི་མ་ཅི་བཞིན་མ་གཏོགས་རག་པའི་འགྱུར་བ་སྤུ་ ཙམ་ཡང་བྱུང་མེད་པ་དང་།ཁོའི་སེམས་ནང་གི་དུས་ཡུན་ཡང་ཉི་མ་གཅིག་གི་དུས་ཡུན་ གྱི་ཚད་ལས་ཅི་ཡང་དྲན་འཆར་མེད་ན་ཡང་།ཕྱིའི་ཡུལ་ལྗོངས་ཀྱི་རྣམ་པ་དང་ཁྱིམ་མི་ རྣམས་ཀྱི་ཁམས་དང་ལུས་ཀྱི་གྱོན་པ་གྱོན་སྟངས་སྐྲ་དང་ཁ་སྤུ་སོགས་ཀྱིས་ནི་ཁོ་ རང་ཕ་ཁྱིམ་དང་ཁ་གྱེས་ནས་ཟླ་གཉིས་ལྷག་འགོར་ཡོད་པའི་བདེན་རྟགས་གསལ་བོ་ཞིག་ བསྟན་འདུག་པ་ནི་བསམ་ཡུལ་ལས་འདས་པའི་དོན་དངོས་ཀྱི་སྣང་ཚུལ་མངོན་གསུམ་ཅན་ཞིག་ ཡིན་པ་དང་།གནས་ཚུལ་འདི་ལ་སྐབས་སུ་འབྲེལ་བཤད་བྱེད་རྒྱུ་ཅི་ཡང་མེད་པར་གྱུར་ མོད།རིམ་གྱིས་ཉེ་འཁོར་ན་སྙན་གྲགས་དང་མཛད་འཕྲིན་རྒྱས་པའི་སྐྱེས་མཆོག་མགར་ ཀློངས་གཏེར་ཆེན་བདུད་འདུལ་དབང་ཕྱུག་གླིང་བ་སོགས་ཁོར་ཡུག་གི་བླ་མ་དང་གཏེར་ སྟོན་མང་པོ་ཞིག་ཞལ་མཐུན་གྱིས་དེ་ནི་སྤྱིར་གཉན་པོ་གཡུ་རྩེ་ལ་མི་མིན་ལྷ་གཉན་ གྱི་ཡུལ་ཁམས་ཡོད་པའི་ནང་ཚན་དང་།གནས་ཆེན་དེར་བསམ་མི་ཁྱབ་པའི་ས་སྤྱོད་ཞིང་ ཁམས་ཆེན་པོ་སྦས་གནས་ཡུལ་ལྗོངས་ཀྱི་རྣམ་པར་གནས་པ་དུས་ཆེན་རེ་ཟུང་ལ་གནས་སྒོ་ རང་བཞིན་གྱིས་ཕྱེ་འོང་བ་ཞིག་ཡོད་པའི་རང་རྟགས་སུ་ངོས་འཛིན་གནང་བ་ཡིན་ཟེར་ འདུག
འདི་ནི་ཁོ་བོས་ཕ་ཡུལ་གྱི་མི་རྒན་འགའ་ཞིག་གི་ངག་ལས་དོན་དངོས་ཤིག་ཡིན་ཟེར་བ་ཐོས་ནས་བསྡུས་པ་ཡིན།  བསམ་ དགོས་པ་ཞིག་ལ། གོང་གི་མི་དེའི་སྣང་ཚུལ་ལ་རང་ཉིད་ཡུལ་ལུང་གཞན་པ་ཞིག་ཏུ་ཐོན་པ་ངོས་ཟིན་ན་ཡང་ དུས་ཡིན་ཉིན་ཕྱེད་ཙམ་གྱི་སྣང་བ་ལས་མ་ཤར་བ་མ་ཟད། ཁོ་རང་གི་སྐྲ་དང་ཁ་སྤུ་སོགས་ལ་འགྱུར་སོང་མེད་པ་དང་།  ཁོའི་ ཕ་ཡུལ་གྱི་ཕྱིའི་ཡུལ་སྣང་ཟླ་བ་གཉིས་འདས་པའི་འགྱུར་བ་བྱུང་ཡོད་པ་དང་ཡུལ་མི་ ཚོས་ཁོ་རང་བོར་ནས་ཡུལ་སྲོལ་གྱི་གཤིན་ཆོག་ཉིན་ཞེ་དགུའི་བྱ་བ་ཡང་གྲུབ་ཟིན་པ་ གཉིས་ཀྱི་བར་དུ་བྱུང་བའི་གསང་བའི་གནས་ཚུལ་དེར་དཔྱད་པ་ཇི་ལྟར་བྱེད།  སངས་རྒྱས་ཆོས་གཞུང་ནས་གསུང་བའི་ས་སྤྱོད་ཞིང་གི་གནས་ཡུལ་དང་མི་ཡུལ་གྱི་གནས་དུས་ཀྱི་བར་ཁྱད་མི་འདྲའི་སྟེང་ནས་གོ་བ་ལེན་རྒྱུ་ཡིན་ནམ།  ཡང་ན་ཚན་རིག་དང་དཔྱད་ཆས་ཐོག་ནས་འགྲེལ་གཞན་པ་ཞིག་རྒྱག་རྒྱུ་ཡིན།
 ཁ་བའི་རྣམ་ཤེས་ཀྱི་ཟིན་བྲིས་ལས་བཤུས།