ཟིན་བྲིས་ཀྱི་སྡེ་ཚན
ཚོལ་གཤེར
དྲ་ངོས་བཀླགས་གྲངས།
བཀླགས་གྲངས་མང་ཤོས
-
ཆུ་མོ་གངྒྰ་ཤག་ཤག་རྒྱུ་བའི་དུས། ། སྟོན་ལོ་སེར་པོ་ལྷབ་ལྷུབ་འཕུར་བའི་དུས། ། གནམ་སྔོན་སྤྲིན་པ་རླུང་གིས་གཡོ་བའི་དུས། ། བ་གླང་ཁྱུ་ཞིག...
-
སྟོན་པ། ངའི་གཟན་སྣེ་མེ་རུ་འབར་སོང་། ཁྱོད་འཇིག་རྟེན་དུ་བཞུགས་དུས། གྲྭ་པ་རེ་རེའི་གཟན་སྣེ་རུ་ཞི་བདེའི་རླུང...
-
མདང་དགོང་རྨི་ལམ་ཟ་ཟི་མང་ ཡང་ཁྱད་མཚར་བོ་ཞིག་ནི་དགོན་ཆེན་ཞིག་ས་འོག་ཏུ་ནུབ་བསྡད་ཡོད་ཅིང་། དགོན་བདག་བླ་མའི་ཞལ་རས་ལ་སྐྱོ་གཉེར་དགུ་བརྩེགས་ཤིག་བ...
-
ཨ་ རིར་ འབྱོར་ ནས་ ལོ་ མང་ སོང་ བ་ དང་ ། ། ཕན་ མི་ ཐོགས་ པའི་ ངོ་ ཤེས་ འགའ་ ཡང་ ཡོད། ། ད་ ནི་ སྒྲོ་ ལོར་ ལྗང་ ཁུ་ གསོག་ དུས་ འདིར། ། སོ...
-
མདང་དགོང་རྨི་ལམ་ཅུང་ཟད་ ཉུང་ཞིང་ད་ལྟ་དྲན་ཡུལ་དུ་གཅིག་ཀྱང་མི་འདུག ཆུ་ཚོད་བརྒྱད་པ་ཙམ་ལ་གཉིད་ལས་སད་བྱུང་། ཁྲུས་ཁང་གི་སྒེའུ་ཁུང་ལས་མཁའ་དབྱིང...
ཡིག་ཚགས
-
►
2012
(39)
- 09/23 - 09/30 (1)
- 07/22 - 07/29 (1)
- 07/01 - 07/08 (1)
- 06/24 - 07/01 (1)
- 06/17 - 06/24 (1)
- 06/10 - 06/17 (1)
- 06/03 - 06/10 (1)
- 05/27 - 06/03 (2)
- 05/20 - 05/27 (2)
- 05/13 - 05/20 (1)
- 04/29 - 05/06 (3)
- 04/22 - 04/29 (2)
- 04/01 - 04/08 (3)
- 03/18 - 03/25 (2)
- 03/11 - 03/18 (3)
- 03/04 - 03/11 (1)
- 02/05 - 02/12 (1)
- 01/29 - 02/05 (2)
- 01/22 - 01/29 (3)
- 01/15 - 01/22 (2)
- 01/08 - 01/15 (3)
- 01/01 - 01/08 (2)
-
▼
2011
(94)
- 12/25 - 01/01 (2)
- 12/18 - 12/25 (5)
- 12/11 - 12/18 (3)
- 12/04 - 12/11 (3)
- 11/20 - 11/27 (1)
- 11/13 - 11/20 (3)
- 11/06 - 11/13 (3)
- 10/30 - 11/06 (6)
- 10/23 - 10/30 (6)
- 10/16 - 10/23 (7)
- 10/09 - 10/16 (8)
- 10/02 - 10/09 (6)
- 09/25 - 10/02 (3)
- 09/18 - 09/25 (1)
- 09/11 - 09/18 (1)
- 09/04 - 09/11 (2)
- 08/28 - 09/04 (2)
- 07/24 - 07/31 (1)
- 06/26 - 07/03 (1)
- 06/12 - 06/19 (1)
- 06/05 - 06/12 (1)
- 05/29 - 06/05 (1)
- 05/22 - 05/29 (2)
- 04/10 - 04/17 (2)
- 04/03 - 04/10 (3)
- 03/27 - 04/03 (4)
- 03/20 - 03/27 (2)
- 03/13 - 03/20 (3)
- 03/06 - 03/13 (8)
- 02/27 - 03/06 (1)
- 02/20 - 02/27 (2)
རྟག་བརྟན་གྱི་སྙན་ཚིག
—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །
མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །

Powered by Blogger.
About Me
- སྨྱོན་པའི་འཇིག་རྟེན།
- མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Saturday, 15 October 2011
དེ་རིང་ལས་ཀ་དེ་ཙམ་མེད་ པར་ཆུ་ཚོད་དགུ་བ་བར་དུ་ཉལ་ནས་བསྡད། རྨི་ལམ་ཟ་ཟི་མང་པོ་ཞིག་རྨིས། ཕ་མ་གཉིས་དང་མཉམ་དུ་ལུང་པ་སྐྱིད་པོ་ཞིག་ཏུ་འདུག ཡང་མི་མང་པོ་ཞིག་དང་མཉམ་དུ་ཕུ་བོ་ལྡོང་ཕྲུག་དང་ལྷན་དུ་ཡོད་ཅིང་། ཁོང་གིས་མིག་གཉིས་གྱེན་དུ་བགྲད་ནས་སྒོམ་ལྟ་བུ་ཞིག་རྒྱག་བཞིན་འདུག ཉལ་སའི་ནང་ནས་སྐེ་དཀྱོགས་ཏེ་དྲ་ངོས་ཉུལ། གྲོགས་ལྷ་ཆབ་སྦྱིན་པ་ལགས་ནས་ཁོ་བོ་མི་ཕལ་བའི་ནང་གི་ཕལ་བ་ཞིག་ཡིན་པས་ཀླུ་ སྨྱོན་རྩོམ་རིག་བྱ་དགའི་ལས་འགུལ་སྤེལ་བ་དེ་ཚབས་ཆེའི་ལས་ཀ་ཞིག་ཡིན་ལུགས་ བརྗོད་འདུག
གནམ་གཤིས་དེ་ཙམ་སྡུག་པོ་ མི་འདུག་པ་སྟེ། སྤྲིན་པ་ཐར་ཐོར་གྱི་ཀློང་ནས་དྲོད་རྟ་རྔ་ཙམ་མེད་པའི་ཉི་འོད་སེར་ལྷང་ལྷང་ཞིག་ འཕྲོ་བཞིན་འདུག་ཅིང་། བསིལ་རླུང་ཞིག་གིས་ལོ་མ་སེར་པོ་དག་ཕྱོགས་གང་སར་འདེད་བཞིན་འདུག དྲ་གྲོགས་ཤིག་དང་མཉམ་དུ་ཁ་བརྡ་ཏོག་ཙམ་ཞིག་བྱས་རྗེས་ཤོད་དུ་བབས་ནས་ཞོགས་ཇ་ ཞིག་འཐུངས།
ཆུ་ཚོད་བཅུ་དང་ཕྱེད་ཀ་ཙམ་ ལ་གྲོགས་པོ་ཨེ་རིག་བསླེབས་སོང་། ཁོའི་མིག་མཐའ་མཆི་མས་གང་བཞིན་ལྷམ་གཉིས་ཕུད་དེ་ང་ལ་ཕྱག་འཚལ་རྩིས་བྱས་སོང་བས། ང་རང་ཧང་སངས་ནས་ཁོ་བཀག་སྟེ་ཁྱོད་ཀྱིས་ག་རེ་བྱེད་ཀིན་ཡོད། ཅེས་བརྗོད་པ་ན། ཁོས་ཨུ་ཚུགས་བརྒྱབ་ནས་ཕྱག་འཚལ་རྩིས་བྱེད་བཞིན་འདུག་པས། གལ་སྲིད་ཁྱོད་ཀྱིས་ཕྱག་འཚལ་གི་ཡིན་ན་སྟོན་པ་སངས་རྒྱས་ཀྱི་སྐུ་ལ་ཕྱག་འཚོལ། ང་ནི་ཁྱོད་ཀྱི་ཕྱག་འཚལ་བའི་ཡུལ་ཞིག་མིན་ཞེས་བརྗོད་པས། ཁོས་དཔེ་མཛོད་ཁང་གི་ཕུག་དེར་ཡོད་པའི་བླ་མ་ཚང་གི་སྐུ་པར་སྣུམ་བྲིས་མ་དེར་ གཏད་ནས་ཕྱག་གསུམ་འཚལ་སོང་། དེ་ནས་ངས་ཁོ་རྐུབ་སྟེགས་སྟེང་སྡོད་དུ་བཅུག་སྟེ་ག་རེ་བྱུང་སོང་ཞེས་དྲིས་པས། ཁོས་ཨ་མར་གཉོར་སྐྱོང་བྱེད་རྒྱུ་དེས་ཁོ་ལ་དཀའ་ངལ་ཞེ་དྲགས་སྤྲོད་ཀིན་འདུག་ ཅེས་པ་ལས་གཞན་བརྗོད་རྒྱུ་ཅང་མི་འདུག དེ་ནས་ཁོ་ག་ལེར་ལྷོད་ལ་བབས་ཏེ་ངེད་གཉིས་ཀྱིས་གཟའ་འཁོར་གཉིས་ཀྱི་སྔོན་དུ་ བསྒྱུར་པའི་རྩོམ་ཡིག་ཅིག་ལ་སླར་ཡང་ཞུ་དག་ཐེངས་ཤིག་བྱས་རྗེས་བུད་མེད་འཕུར་ མཉེད་པ་ཤིག་ཡོད་པ་དེ་དང་ངེད་གསུམ་ཁོ་རི་ཡའི་ཟ་ཁང་དུ་སོང་། ཞབས་ཞུ་མ་དེ་འཛུམ་ཤིག་ཤིག་གིས་ང་ཚོར་སྣེ་ལེན་བྱེད་པར་བྲེལ་ཞིང་། ཟ་མ་ཡིད་ཚིམ་པ་ཞིག་ཟོས་རྗེས་ཕྱིར་ལོག་སྟེ་གཉིད་ཐུན་གཅིག་ལོག
དེ་ནས་ཡར་ལངས་ཏེ་གྱོན་ཆས་ སྐོར་ཞིག་འཁྲུད་ཆས་ཀྱི་ཁོག་ཏུ་བརྫངས་རྗེས་མཁན་པོ་ཚང་གིས་གྲོགས་པོ་གཞན་གཉིས་ དང་ཁོ་བོར་དྲ་ལམ་ནས་ནག་རྩིས་ཁྲིད་པར་གཟབ་ཉན་བྱས། ཁོ་བོས་ལོ་མང་སྔོན་བླ་བྲང་གི་དགེ་བཤེས་གྲགས་ཅན་ལྷ་མོའི་ཚུལ་ཁྲིམས་ཀྱི་རྩིས་ དཔེའི་སྟེང་ནས་རྩིས་པ་གྲགས་ཅན་བསོད་ནམས་ལགས་ཀྱི་དྲུང་ནས་ནག་རྩིས་ལག་ལེན་ དགེ་ལྡན་མཁས་པའི་ལུགས་སྲོལ་གཞིར་བཟུང་ལན་གཅིག་ཁྲིད་ཟིན་མོད། ད་བར་དཔེ་ཐོག་ནས་མ་གཏོགས་མཛུབ་རྩིས་དེ་ཙམ་མ་བྱས་པས་རྩི་སྟངས་མང་པོ་ཞིག་ བརྗེད་ཟིན་འདུག ཁོ་བོ་ལོ་ཆུང་དུས་ཕ་རྒན་གྱིས་ཨུ་ཚུགས་དྲག་པོ་བྱས་མིན་ལ་མ་ལྟོས་པར་ནག་རྩིས་ དང་ས་རིས་སོགས་ལ་སློབ་སྦྱོང་མ་བྱས་པར་གྲུབ་མཐའ་དང་སྙན་སུམ་སོགས་སྦྱང་ཁུལ་ བྱས་པ་ཡིན་མོད། ས་མཐའ་ནས་དཀོར་ཟ་སྤྱད་ཀྱི་ལག་ཆར་དམིགས་ཏེ་ནག་རྩིས་ཤིག་སྦྱངས་རྗེས། བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལག་ལེན་བྱེད་སྟངས་གཞིར་བཟུང་མཚམས་རེར་རྩིས་རེ་ ཡང་རྒྱག་གིན་ཡོད་ལ། སྐབས་རེར་ཐིགས་པ་དང་སྐབས་རེར་མི་ཐིགས་པ་མོ་བ་ངན་པའི་མོ་བཞིན་འདུག འཛིན་གྲྭ་གྲོལ་རྗེས་མཁན་པོ་ཚང་གིས་འདི་ལོའི་ཟླ་བ་བཅུ་གཉིས་པར་ཉིག་ཡོར་དུ་ འཚོག་རྒྱུ་ཡིན་པའི་རྒྱལ་སྤྱིིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་ གསུམ་པའི་མགྲོན་ཤོག་ཅིག་ངོ་སྤྲོད་བྱས་ཤིང་། རང་ཉིད་ཀྱང་ཉིག་ཡོར་ལ་འགྲོ་ཞོར་ཚོགས་འདུ་དེར་དངོས་ཞུགས་སམ་ཟུར་ཞུགས་ཤིག་ བྱེད་འདོད་སྐྱེས།
དེ་ནས་བླ་མ་ཞིག་གི་རྗེས་ དྲན་གྱི་བླ་མའི་རྣལ་འབྱོར་སྒོམ་བཟླས་ཀྱི་ཚོགས་སུ་ཕྱིན་ཅིང་། ནང་དོན་ཟབ་ཅིང་ཚིག་སྦྱོར་སྙན་པའི་བླ་མའི་རྣལ་འབྱོར་དེ་གདངས་སྙན་མོའི་སྒོ་ ནས་ག་ལེར་ཚར་གཅིག་བཏོན་པས། རྗེ་བླ་མ་རྣམ་པའི་བཀའ་དྲིན་དང་རང་ཉིད་ཀྱི་དད་གུས་གཉིས་གཞི་གཅིག་ཏུ་བསྡོངས་ ནས་ཇི་སྲིད་སངས་རྒྱས་མ་ཐོབ་བར་དུ་བཀའ་དྲིན་འཁོར་མེད་ཀྱི་བླ་མ་རྣམས་དང་མི་ འབྲལ་བའི་དམ་ཚིག་གི་ས་བོན་ཉག་གཅིག་ཏུ་གྱུར་ཅིང་། ཚོགས་གྲོལ་རྗེས་ཨ་རི་བ་བུད་མེད་ཅིག་གིས་དོ་དགོང་གི་བླ་མའི་རྣལ་འབྱོར་དེ་ སྙན་མོ་ཞེ་དྲགས་བྱུང་ཟེར། གང་ལྟར་གུ་རུའི་འཛབ་དབྱངས་དང་བླ་མའི་རྣལ་འབྱོར་འདི་ཚོ་གདངས་སྙན་མོའི་རྟ་ལ་ བསྐྱོན་ནས་བཏོན་ན་དད་སེམས་ཤིག་དྲག་ཏུ་གཡོས་ནས་ལུས་སེམས་རང་དབང་མི་ཚུགས་པ་ དེ་འདྲ་རེ་ཡང་ཡོང་རྒྱུ་ཞིག་འདུག
མུན་རུབ་ཅིང་སྤྲིན་པ་སྲབ་ མོ་ཞིག་གི་ཀློང་ནས་ཟླ་བ་ཞིག་ག་ལེར་རྒྱུ་བཞིན་འདུག་ཅིང་། སྒེའུ་ཁུང་འཁྲིས་ཀྱི་ཅོག་ཙེ་དེའི་སྟེང་དུ་གྲོག་མ་ནག་པོ་བརྒྱ་སྐོར་ཞིག་ད་ ནངས་ཞོགས་པར་བླུགས་པའི་ཤིང་ཏོག་གི་ཁུ་བ་དེའི་མཐའ་སྐོར་དུ་ནག་རུབ་རུབ་འཚོག་ འདུག བརྙན་འཕྲིན་ལས་བུད་མེད་ཅིག་གིས་རང་གི་ཁྱོ་ག་བསད་པའི་སྐོར་གྱི་དངོས་བཤུས་ གློག་བརྙན་ཞིག་སྟོན་བཞིན་འདུག
ངོ་དེབ་སྟེང་གི་གྲོགས་པོ་ མར་ནང་གཡུང་དྲུང་དང་ར་རྒྱ་བློ་དབང་གཉིས་ཀྱིས་ད་ལྟ་རང་རྔ་བ་ནས་ཕོ་གསར་ཞིག་ གིས་རང་ལུས་མེ་རུ་བསྒྲོན་སོང་ཟེར་བས། དེ་ལ་དམིགས་པའི་སྨོན་ལམ་ཞིག་བརྒྱབ། མིག་མཐར་མཆི་མ་འཁྱིལ་སོང་། སེམས་པ་སྐྱོ་བས་གཟིར་སོང་། མེ་ལྕེའི་ཀློང་གི་ངའི་ཕུ་ནུ་རྣམ་པ། ངས་མི་ཚེ་གང་བོར་ཁྱེད་ཅག་བརྗེད་ག་ལ་སྲིད། ས་མཐའི་བུ་སྡུག་ངས་རང་ལུས་མེ་རུ་བསྒྲོན་མ་ཕོད་ལ། རང་གི་ལུས་སེམས་ལ་གཅེས་དྲགས་པའི་དབང་གིས། དུས་ད་ལྟ་བར་དུ་མི་ཚེ་དོན་སྟོང་ངང་ཟད་ཡོང་བ་ཡིན་ལ། ད་དུང་ཡང་མི་རིགས་འདིར་གནོད་སྐྱེལ་བཞིན་ཅི་ཙམ་རིང་འཚོ་དགོས་སམ།

Subscribe to:
Post Comments
(Atom)
0 བསམ་ཚུལ་འདོན་པ།:
Post a Comment