ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Tuesday, 11 October 2011
dscn4387
རྨི་ལམ་ཟ་ཟི་མང་པོ་ཞིག་ རྨིས་ཏེ་ཆུ་ཚོད་དགུ་པ་བར་དུ་གཉིད་མ་སད། དེ་ཡང་རྨི་ལམ་ནང་དུ་ང་རང་ཕ་ཡུལ་གྱི་དགོན་པའི་རྒྱབ་རི་མཐོན་པོ་དེའི་རྩེ་རུ་ འདུག་ཅིང་། སྣང་བ་ཞིག་ལ་དོམ་ཁྱུ་ཞིག་ཡོང་གི་ཡོད་པ་དང་། དེ་ཚོས་བཟའ་བར་འཇིགས་ཏེ་རྦབ་རྡོ་བསྙིལ་ཅི་ཐུབ་བྱེད་བཞིན་འདུག དེ་ཡང་རྦབ་རྡོ་ཆེན་པོ་འབྲོང་གཡག་ཙམ་རེ་བསྙིལ་ཐུབ་སོང་། འགའ་རེ་ཐུར་དུ་འགྲིལ་ནས་དགོན་པའི་ཞོལ་གྱི་རྒྱ་ལམ་སྟེང་དུ་འབྲོག་པ་འགའ་རེས་ ནོར་ལུག་དེད་དེ་དབྱར་སར་འགྲོ་བཞིན་པའི་དཀྱིལ་དེ་གར་ལྷུང་སོང་བས། ནོར་ལུག་དེ་ཚོ་རྡོ་གཅུར་བྱས་སོང་བསམས་ནས་བགྱོད་པ་དང་སྐྲག་སྣང་འདྲེས་མ་ཞིག་ སྐྱེས། ཡང་མཚོ་འགྲམ་ཞིག་ཏུ་ངོ་ཤེས་དང་མི་ཤེས་པའི་བུ་མོ་འགའ་དང་མཉམ་དུ་ཆུ་རྩེད་ བྱེད་བཞིན་འདུག དེ་ནས་དབྱིན་ཡིག་གི་འཛིན་གྲྭ་གསར་པ་ཞིག་གི་ནང་དུ་བསླེབས་འདུག ཡང་དགོན་པའི་ཆོས་གྲྭ་ཞིག་ཏུ་བགྲོ་གླེང་གི་དམ་བཅར་བསྡད་འདུག དེ་འདྲའི་རྨི་ལམ་སྣ་ཁ་མང་པོ་ཞིག་གི་ཀློང་ནས་མཚན་རིང་བསྐྱལ་པ་ཡིན།
ཉལ་སའི་ནང་མགོ་ཡར་བཀྱགས་ ཏེ་ཁ་བརྡ་དྲ་བ་དང་དུས་བབ། རང་གི་གློག་འཕྲིན་སོགས་བསྔོགས་ནས་ཡུད་ཙམ་བསྡད་པ་ན། སྐྱག་པ་ཕོན་པོ་ཞིག་རྐུབ་སྒོར་བསླེབས་ནས་གསང་སྤྱོད་དུ་མ་སོང་རང་སོང་བཟོས་ སོང་། ཁྲུས་ཁང་ལས་ཕྱི་རོལ་ཏུ་ཉི་འོད་ལང་ལོང་ཞིག་འཕྲོས་ཡོད་པ་མཐོང་། ནང་དུ་ལོག་ནས་མཆོད་བཤམས་ཁ་ཏོན་སོགས་འཆར་ཅན་བཞིན་བྱས། ངོ་ཤེས་ཨ་རི་བ་ཨེ་རིག་ཟེར་བ་དེས་ཁ་པར་ཡོང་སྟེ་ཁྱེད་ཀྱི་རྩོམ་ཡིག་དབྱིན་ སྒྱུར་གྱི་ཆེད་དུ་དེ་རིང་ཡོང་ཐུབ་ས་མ་རེད་ཟེར་བས། རེས་གཟའ་པ་སངས་སྔ་དྲོར་ཡོང་རྒྱུ་བྱས།

ཞོགས་ཇ་འཐུངས་ཚར་ལ་མ་ཚར་ བའི་དུས་དེར་མདང་དགོང་དུས་ཆད་བཟོས་ཡོད་པ་བཞིན་ཨ་རི་བ་སྒྲེ་ཝེ་སྒྲེ་ཟེར་བ་ རྒྱ་བརྒྱུད་ནང་བསྟན་ཉམས་ལེན་བྱེད་མཁན་ཞིག་གིས་བོད་པའི་ཆོས་བརྒྱུད་ལ་སློབ་ སྦྱོང་བྱེད་འདོད་ཟེར་བ་དེར་ཐུག་འཕྲད་ཀྱིས། གོང་ས་མཆོག་གི་ཕྱག་དེབ་ཀྱི་བོད་ཀྱི་ནང་ཆོས་ཞེས་པ་དེ་ངོ་སྤྲོད་དང་། དེབ་གཞན་པ་བོད་ཀྱི་ནང་ཆོས་ངོ་སྤྲོད་ཅེས་པ་དེ་མ་རྙེད་ཀྱང་རྗེས་མར་ཀློགས་དང་ བོད་བརྒྱུད་གྲུབ་མཐའ་མི་འདྲ་བ་ངོ་སྤྲོད་བྱས་ཡོད་པ་རེད་བརྗོད་པས་དགའ་སོང་། ཁོ་ལ་སྒེར་ཚོང་ཞིག་ཡོད་ཀྱང་དེང་སྐབས་ཚོང་མི་བཟང་བས་དེབ་རེ་ཀློག་བཞིན་སྒོམ་ འདྲ་བརྒྱབ་ནས་བསྡད་ཡོད་ཟེར།
ཡང་སྐྱར་གནམ་ངོ་རུབ་ནས་ ཆར་རྡོག་འགའ་ཉལ་ཁང་གི་ཤེལ་སྒོའི་ངོས་སུ་ཐྲིག་ཐྲིག་གི་སྒྲ་དང་བཅས་བབས་སོང་། གནམ་གྲུ་ཆེན་པོ་ཞིག་གིས་མཁའ་དབྱིངས་ནས་འུར་སྒྲ་སྒྲོག་བཞིན་གནམ་ཐང་གི་ཕྱོགས་ སུ་འཕུར་སོང་། ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀ་ཟིན་འདུག དེ་རིང་ཚེས་པ་བཅོ་ལྔ་ཡིན་པས་ཤ་མེད་ཟ་མ་ཞིག་བཟའ་དགོས་པས། ཐག་ཉེ་ས་ན་ཡོད་པའི་རྒྱ་མིའི་ཟ་ཁང་དེ་རུ་ཏུའུ་ཧྥུ་(འདི་ལ་བོད་སྐད་ཀྱིས་ག་རེ་ལབ་དགོས་མིན་མ་ཤེས)ཞིམ་པོ་ཞིག་ཡོད་པ་དེ་བཟའ་རུ་འགྲོ་དགོས་བསམས།
དེ་རྗེས་བརྙན་འཕྲིན་ལས་ ཁྱིས་ལོ་ཆིག་ཁྲི་ལྔ་སྟོང་གི་སྔོན་ནས་བཟུང་སྟེ་འགྲོ་བ་མིའི་རིགས་ཀྱི་འཚོ་བར་ འགྱུར་ལྡོག་བཏང་བའི་སྐོར་དང་། དེ་ཡང་མིའི་རིགས་ཀྱི་ཟས་ལྷག་གད་སྙིགས་སོགས་ཀྱིས་ཁྱིའི་རིགས་འདྲ་མིན་མིའི་ སྤྱི་ཚོགས་ཁྲོད་དུ་རྒྱུ་བའི་མགོ་བཙུགས་ལུགས། ཁྱིའི་འབྱུང་ཁུངས་ངོ་མ་ནི་སྤྱང་ཀི་ཡིན་པའི་སྐོར། མིའི་རིགས་ཀྱི་ཉིན་རེའི་འཚོ་བའི་ནང་ཁྱི་ནི་ཇི་འདྲའི་གལ་ཆེན་ཞིག་ཡིན་ཚུལ། ར་ཤི་ཡའི་ཁྱི་སྤྱང་ལ་སློབ་སྦྱོང་སྤྲད་དེ་ཁྱི་རུ་བསྒྱུར་ཏེ་མིའི་རིགས་ལ་ཞེད་ སྣང་མེད་པ་བཟོས་ལུགས། སྒྲར་ཝན་གྱི་འཕེལ་འགྱུར་སྨྲ་བས་ཁྱིའི་རིགས་ཀྱི་འགྱུར་ལྡོག་ར་འཕྲོད་ལུགས། མེག་སི་ཁོའི་ཆི་ཆི་མེ་ཁའི་རིག་གཞུང་ཁྲོད་ཁྱི་སྤུ་མེད་དེ་ཚོ་མཆོད་གནས་སུ་ བཀུར་ཚུལ། ཁྱི་ཕྲུག་སྤུ་མེད་གཅེར་བུ་དེ་ཚོའི་ལུས་ཁྲོད་ཀྱིས་ལོ་ལོན་གྱི་གྲུམ་བུའི་ན་ཚ་ བཅོས་ཚུལ། ཁྱིའི་སྣ་ཁུང་ལ་མིའི་རིགས་ལས་ལྡབས་གཅིག་སྟོང་ལྷག་གི་དྲི་ཚོར་སྐྱེན་པོ་ཡོད་ ལུགས། ཁོ་ཚོས་སྤྱི་ལེ་བཞིའི་ས་ནས་དྲི་ཚོར་ཐུབ་པ་སོགས་བསྟན་སོང་། དྲ་གྲོགས་ཤིག་དང་མཉམ་དུ་སྙན་ངག་མ་ཆུ་མིག་གི་ལུས་སྟེང་ནས་མཆེད་པའི་གཟི་ བརྗིད་ལྐོག་གྱུར་པ་དེའི་སྐོར་གླེང་མོལ་བྱས།
ཟ་ཁང་དུ་འགྲོ་ལམ་ནས་ཚོགས་ པའི་དྲུང་ཡིག་རྒྱ་མོ་དེའི་ཁ་པར་ཡོང་སྟེ་བླ་མ་ཚང་དང་ཁོང་གི་གསང་ཡུམ་གཉིས་ཨ་ རིར་ཕེབས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཡིན་པས་ང་ཚོས་གཟའ་ཉི་མར་སྲུང་རྩི་ བྱེད་དགོས་ཀྱི་འདུག་ཟེར། ཟ་མ་ཟོས་རྗེས་སྐར་མ་ཉི་ཤུ་ཙམ་ལ་སྲང་བར་བསྐོར་ནས་འཆམ་འཆམ་ཞིག་བྱས་ཏེ་ནང་ལ་ ལོག ལམ་བར་དུ་ལྗོན་ཤིང་མང་པོ་ཞིག་གི་ལོ་འདབ་སེར་པོར་གྱུར་དང་འགྱུར་བཞིན་པ་མཐོང་ སྟེ། ནང་ཆོས་ཀྱི་འདུས་བྱས་མི་རྟག་པ་དང་སྒྲར་ཝིན་གྱི་འཕེལ་འགྱུར་སྨྲ་བ་གཉིས་ཀར་ དད་པ་ཞིག་དང་ངོ་མཚར་ཞིག་སྐྱེས། ཡེ་ཤུའི་དམ་པའི་གསུང་རབ་ལས། ང་ཚོ་ཚང་མ་ཐལ་བ་ལས་གྲུབ་པས། ཉི་མ་གཅིག་ཡང་སྐྱར་ཐལ་བ་ཆགས་ཀྱི་རེད། ཅེས་བརྗོད་པ་དེ་ཡང་དྲན་སོང་།
བོད་ཡུལ་ན་གཅིག་རྗེས་གཉིས་མཐུད་དུ་མཆེད་བཞིན་པའི་མེ་ལྕེ་དེ་དག་ལ་རྗེས་དྲན་གྱི་ཆེད་དུ་དམིགས་ནས། མེ་ལྕེ། མེ་ལྕེ། མེ་ལྕེ། ་་་ ་་་ ཞེས་པ་ཞིག་བྲིས་ཏེ་དྲ་ངོས་སུ་སྤེལ། ཚོར་བ་ཉོབ་སྣང་ཆེ་བས་ཆུ་ཚོེད་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་གཉིད་ཐུན་གཅིག་ལ་ ཡུར། སད་རྗེས་བྱིས་པའི་འགུལ་རིས་བརྙན་འཕྲིན་ལེ་ཚན་གཅིག་ལ་བལྟས། དེ་ཡང་བྱིས་པ་གཉིས་དང་ཞི་མི་གཅིག ཉ་གཅིག་བཅས་ཀྱི་འགྲུལ་བཞུད་སྐོར་རེད། ཁོ་ཚོའི་རླངས་འཁོར་ཆུང་ཆུང་དེ་སྟབས་མ་ལེགས་པར་སྡོམ་ཚང་ཞིག་ཏུ་ཟགས། དེ་ནས་ཡར་ལངས་ཏེ་གཟུགས་པོ་བཀྲུས་རྗེས། དེང་སྐབས་ཨ་མདོ་མགོ་ལོག་ཏུ་བཞུགས་པའི་རྙིང་མའི་མཁས་དབང་ཁང་གསར་བསྟན་པའི་ དབང་ཕྱུག་མཆོག་གིས་མཛད་པའི་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འབྲུ་འགྲེལ་འོད་གསལ་ཐིག་ལེ་ཉག་གཅིག་ཅེས་ པ་དེའི་དབུ་ནས་ཤོག་ལྡེབ་འགའ་བཀླགས། ཡང་སྐྱར་ཆར་བ་བབས་ཤིང་སྟོན་རླུང་ལྡང་། དེ་ནས་ཡང་ཉི་མ་ཤར། མི་གཤིས་ལྟ་བུའི་གནམ་ངོ་འདི་ཨང་། གནམ་ངོ་ལྟ་བུའི་མི་གཤིས་འདི་ཨང་། སྦེ་སྦེ་སེ་གསར་འགྱུར་ལས་ཨ་ཧྥེ་རི་གའི་ཡུལ་གྲུ་ཡུ་སྒན་སྒྲ་ཞེས་པའི་ནང་དུ་ བྱིས་པའི་སྐེ་གཏུབས་ནས་དམར་མཆོད་བྱེད་ཤུགས་ཆེ་ཞིང་། འདས་པའི་ལོ་ཤས་རིང་བྱིས་པ་དགུ་བརྒྱ་ཙམ་དམར་མཆོད་བྱས་ཟིན་ལུགས་ཟེར། dscn4381
རང་གི་སློབ་མ་འཇར་པན་བུད་མེད་དེ་ཁྲིད་ནས་costco ཞེས་པའི་སྡེབ་ཉོ་ཚོང་ཁང་ཆེན་པོ་དེར་སོང་ནས་སང་ཉིན་གྱི་གྲོགས་པོ་མཉམ་འཛོམས་ གསོལ་སྟོན་དེར་དམིགས་ནས་སྔོ་ཚོལ་དང་བག་ལེབ། ཤ་དང་ཙོང་། ཤིང་ཏོག་གི་ཁུ་བ་དང་རྒུན་འབྲུམ་སོགས་ཉོས་རྗེས་ཁོ་རི་ཡའི་ཟ་ཁང་དེར་སོང་ནས་ དགོང་ཟས་ཤིག་ཟོས། ནམ་རྒྱུན་གྱི་ཞབས་ཞུ་མ་མཛེས་མ་དེ་མི་འདུག མོས་ཕལ་ཆེར་ཉིན་གུང་ནས་ཕྱི་དྲོའི་བར་དུ་མ་གཏོགས་ལས་ཀ་བྱེད་ཀི་ཡོད་ས་མ་རེད། ནང་ལ་བསླེབས་དུས་ཚེས་བཅོ་ལྔའི་དུང་སྔ་དེ་སྤྲིན་པ་སྲབ་བུ་ཞིག་གི་ཀློང་ན་ཧ་ ཅང་མཛེས་སྡུག་དང་ལྐོག་གྱུར་གྱི་ངང་རྒྱུ་བཞིན་འདུག་པས། ལམ་སེང་པར་ཆས་ཁྱེར་ནས་ཕྱི་རོལ་གྱི་སྲང་ལམ་སྟེང་བརྒྱུགས་ཏེ་འདོད་པ་ཅུང་ཚིམ་ པའི་འདྲ་པར་འགའ་བརྒྱབ།*
བརྙན་འཕྲིན་ལས་ལོ་བརྒྱའི་ སྔོན་གྱི་ཉིག་ཡོར་གྲོང་ཁྱེར་གྱི་རྣམ་པ་དག་ངོ་སྤྲོད་བྱེད་བཞིན་འདུག ད་དུང་སྦོ་སི་ནི་ཡའི་ནང་འཁྲུག་སྐབས་བུད་མེད་སྟོང་ཕྲག་མང་པོར་བཙན་གཡེམ་བྱས་ ཚུལ་སྐོར་གྱི་དངོས་བཤུས་གློག་བརྙན་ཞིག་དང་། ཨ་རིའི་བུ་མོ་ལྗོངས་རྒྱུ་བ་ཞིག་ཨེ་རག་གི་ཁྱིམ་མཚེས་རྒྱལ་ཁབ་ཁུ་ཝེ་ཁྲེ་དང་ སྡུ་སྦེ་ཡེའི་སྐད་གྲགས་ཅན་གྱི་མཚོ་ཐོག་མགྲོན་ཁང་དེ་རུ་བསྐྱོད་པའི་སྐོར་ཞིག་ སྟོན་བཞིན་འདུག་ཅིང་། དེ་རུ་ཁ་ཆེའི་ལྷ་ཁང་ཆེན་པོ་བཟོ་བཀོད་ཧ་ལས་པ་ཞིག་གི་ནང་དུ་ཨེ་རན་ནས་བཟོས་ པའི་འཛམ་གླིང་གི་ས་གདན་ཆེ་ཤོས་དེ་ཡོད་པ་བུད་མེད་དྲུག་བརྒྱས་ལོ་བཞིའི་རིང་ བཏགས་ཚུལ་བརྗོད་སོང་། སྐུ་འབུམ་ནས་འདིར་གར་སློབ་སྦྱོང་བྱེད་དུ་ཡོང་བའི་བུ་མོ་བསྟན་འཛིན་ཟླ་སྒྲོན་ དང་ཁ་བརྡ་ཡུད་ཙམ་གློད། ཞོ་ཞིག་བཏུངས་རྗེས་ཉལ་ན་འདོད། 
* ཀླད་ཀྱི་ཟླ་བའི་པར་དེ་ནི་དོ་དགོང་བརྒྱབ་པ་ཡིན། 

0 བསམ་ཚུལ་འདོན་པ།:

Post a Comment