ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Thursday, 27 October 2011
dscn4685
མདང་དགོང་ཆུ་ཚོད་དང་པོ་ ཙམ་ལ་ཉལ་བ་དང་། རྨི་ལམ་ཟ་ཟི་ཧ་ཅང་མང་པོ་ཞིག་ཧ་ལམ་ཞག་གང་བོར་བཏང་སོང་། དེ་ཡང་ལུང་གཞོང་ཞིག་ཏུ་འགྲོ་དུས་ས་ཡོམ་ཆེན་པོ་ཞིག་བརྒྱབ་སྟེ་རི་ངོས་ནས་བྲག་ རྡོ་དང་ས་ཤུན་དུམ་བུ་དུམ་བུར་ཆད་དེ་མར་འགྲིལ་ཡོང་བ་དང་། ལུང་ཤུར་འགའ་ཤས་ལས་ལོ་ས་ཡ་བརྒྱ་ཉིས་བརྒྱའི་ཡར་སྔོན་དུ་སའི་གོ་ལའི་སྟེང་འཚོ་ གནས་བྱས་པའི་སྲོག་ཆགས་ཆེན་པོ་གཟུགས་པོ་ཆེ་ཞིང་སྐེ་རིང་པོ་ཅན་དེ་འདྲ་མང་པོ་ ཞིག་ཀྱང་འུར་ལྡིར་གྱིས་གང་སར་བྲོས་འགྲོ་བཞིན་འདུག ཡང་རི་བྲག་མཐོན་པོ་ཞིག་གི་སྤོ་རུ་ཡོད་པའི་དགོན་སྡེ་གློག་བརྙན་གྲགས་ཅན་མཛུབ་ དཀྲིས་ཀྱི་རྒྱལ་པོའི་ནང་གི་རྒྱལ་མཁར་དེ་འདྲ་ཞིག་གི་བར་སྣང་དུ་རང་ཉིད་གང་ འདོད་དུ་འཕུར་ནས་འགྲོ་བཞིན་འདུག་ཅིང་། དེ་དང་མཉམ་དུ་རྨི་ལམ་ནང་བཟང་སྤྱོད་སྨོན་ལམ་འདོན་བཞིན་པའི་མུར་གཉིད་ལས་སད་ དུས་ཕྱེད་ཀ་ཙམ་ལ་བསླེབས་འདུག་ཅིང་འདི་འདྲ་དེ་སྔ་ཡང་ལན་གྲངས་དུ་མར་བྱུང་ཡང་། ལྷ་ཡི་བྱིན་རླབས་ཡིན་ནམ་འདྲེ་གདོན་གྱི་གནོད་པ་གང་ཡིན་མ་ངེས།

ཡར་ལངས་དུས་གནམ་གཤིས་ཧ་ ཅང་གྲང་ཞིང་ཁྲུས་ཁང་ལས་ནུབ་ཕྱོགས་ཀྱི་མཁའ་དབྱིངས་སུ་ཆར་སྤྲིན་སྲབ་བུ་ཞིག་ག་ ལེར་ལྷོ་རུ་རྒྱུ་བ་མཐོང་། ཁ་ཏོན་འདོན་ཞོར་རྒྱ་གར་དུ་ཡོད་པའི་རྫོང་གསར་བཤད་གྲྭའི་མཁན་པོ་འཇམ་དབྱངས་ བློ་གསལ་ལ་ཡི་གེ་ཞིག་འབྲི་དགོས་པ་དེ་བྲིས་རྗེས་ཤོད་དུ་བབས་ནས་ཞོགས་ཇ་ཞིག་ འཐུང་ཞིང་། ལྕམ་སྐུ་ཁེ་ཐི་ལིན་དང་མཉམ་དུ་དབྱིན་ཡིག་འཛིན་གྲྭ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ ལ་འཚོགས། ཁ་སང་ཐེ་ལན་ཟ་ཁང་ནས་མངགས་པའི་ཤ་འབྲས་དེ་ཟོས་རྗེས་བུ་མོ་ཆུང་ཆུང་བསོད་ནམས་ ཚེ་འཛོམས་དང་མཉམ་དུ་ལྷ་གཡག་གི་རྣམ་ཤེས་མོས་དབྱིན་སྒྱུར་བྱས་པ་ཏོག་ཙམ་བཀླགས་ རྗེས། ཁོ་བོས་དབྱིན་སྐད་ཀྱིས་ཚིག་གྲུབ་ཐུང་ངུ་རེ་བརྗོད་པ་མོས་བོད་སྐད་ནང་འཆད་དུ་ བཅུག་པ་དང་། ནང་སྦྱོང་གི་ཆེད་མོའི་ཕ་རྒན་དང་མཉམ་དུ་སྐར་མ་ཞེ་ལྔའི་རིང་བོད་སྐད་ཀྱིས་ཁ་ བརྡ་བྱས་པ་སྒྲ་འཇུག་བྱེད་རྒྱུ་མངགས།
དྲ་ངོས་ལས་སྒྱུ་རྩལ་པ་དང་ སྙན་ངག་པ་བསྟན་འཛིན་རིག་གྲོལ་ལགས་ཀྱིས་བོད་ནས་ས་སྤྱི་རྒྱ་ཉིས་ཁྲི་ཁྱེར་ཡོང་ ནས་རྡ་རམ་ས་ལར་ལྡིང་ཆ་ཆུང་ཆུང་ཞིག་ཏུ་ས་དེ་དག་སྤུངས་ཏེ་བཀའ་ཁྲི་བློ་སེང་ གིས་གཙོས་པའི་མི་མང་རྣམས་ས་དེའི་སྟེང་དུ་གོམ་པ་རྒྱག་པ་དང་ཉལ་བ་སོགས་བྱེད་ དུ་འཇུག་བཞིན་པ་དང་། ཡང་བཀའ་ཤག་གི་ལས་བྱེད་ཨ་མདོ་བློ་བཟང་ཆོས་འབྱོར་གྱིས་བཀའ་ཁྲི་གསར་པའི་ལས་ དོན་བྱེད་ཕྱོགས་ཐད་རྩོམ་ཡིག་ཅིག་བྲིས་པའི་རྐྱེན་གྱིས་ལས་གནས་ནས་སྤྱུགས་པའི་ སྐོར་ཞིག་འདུགdscn4687
སྒེའུ་ཁུང་ལས་ཕྱི་རོལ་ཏུ་ ལྟ་དུས་གནམ་གཤིས་སྔར་བཞིན་འཁྱག་ཅིང་ཆུ་སྤྲིན་མཐུག་པོ་ཞིག་གིས་ནམ་མཁའ་ཡོངས་ སུ་ཁེབས། སྟོན་ལོ་སེར་པོ་དག་རླུང་བུས་གང་སར་འཁྱེར་འགྲོ་ཞིང་། མི་རྣམས་ཀྱི་གདོང་ལ་ཡང་ཅུང་ཟད་ཐང་ཆད་པའི་མདངས་ཤིག་ཤར་འདུག
ཐབ་ཚང་དུ་ཕྱི་དྲོའི་ཁ་ལག་ ཅིག་བཟོས་ནས་བཟའ་བཞིན་སྐབས་སུ་ཁ་པར་ཞིག་འབྱོར་ཞིང་། དེ་ལེན་གྲབ་ཀྱིས་ཁ་ཕྱིར་འཁོར་དུས་མདུན་ཅོག་སྟེང་གི་ཇ་ཕོར་ཞིག་ས་རུ་ཟགས་ནས་ སིལ་བུར་ཆགས་སོང་། ཡ་ཧོའི་གསར་འགྱུར་ལས་ཁ་ལི་ར་སྒྲོའི་བུ་སྒྲེན་ཝེར་ཞེས་པ་རང་ལོ་བདུན་ཅན་ཞིག་ བུ་མོའི་གྱོན་ཆས་གྱོན་པ་ལ་ཧ་ཅང་དགའ་བོ་ཡོད་པའི་སྐོར་ཞིག་འདུག་ཅིང་། ནང་པ་ཞིག་ཡིན་ན་དེ་ནི་རང་གི་སྐྱེ་བ་སྔོན་མའི་བུ་མོའི་བག་ཆགས་ཟད་སྟོབས་ཀྱིས་ ཡིན་པའི་འགྲེལ་བཤད་རྒྱག་ཆོག་ཀྱང་། སྐྱེ་བ་སྔོན་མ་ཁས་མི་ལེན་མཁན་གྱི་ཡེ་ཤུ་དང་རྗེའུ་སོགས་ཀྱིས་དེ་ལ་རྒྱུ་མཚན་ ཡང་དག་གི་འགྲེལ་བཤད་ག་རེ་རྒྱག་གི་ཡོད་མེད་ཡོད་མི་ཤེས།
དགོང་ཟས་ཟོས་རྗེས་མུན་ ཁྲོད་དུ་བཟང་སྤྱོད་སྨོན་ལམ་ཞིག་འདོན་བཞིན་འཆམ་འཆམ་ལ་ཐེངས་ཤིག་སོང་བ་དང་། ཐག་ཉེ་སར་ཡོད་པའི་གྲོང་ཁྱེར་ཆེན་པོ་དེའི་མཁའ་དབྱིངས་སུ་གློག་འོད་ལྡོག་ འཕྲོའི་འོད་སྣང་འཚེར་བཞིན་ཡོད་པ་དང་། གཏིང་ཟབ་པའི་ནམ་མཁའ་འདི་ཡང་མ་གཞི་ནས་སྲོག་ལྡན་གྱི་ཕུང་པོ་མཐའ་ཀླས་པ་ཞིག་ ཡིན་ཞིང་། འདི་ལ་ཡང་སྐྱོ་གདུང་དང་བརྩེ་དུང་། དགའ་སྤྲོ་དང་དྲན་གདུང་སོགས་ང་ཚོ་སེམས་ཅན་དག་ལ་ཡོད་པ་ཚང་མ་ལོས་ཡོད་སྙམ།
ཆུ་ཚོད་བཅུ་པ་ཙམ་ལ་ངོ་ དེབ་སྟེང་ཤམ་བྷ་ལ་དྲ་ཚིགས་ཀྱི་ལས་བྱེད་ཡིན་ཟེར་བའི་བུ་མོ་པདྨ་མཚོ་ཟེར་བ་དང་ མཉམ་དུ་དྲིན་ཆེན་ཨ་མའི་བཀའ་དྲིན་སྐོར་ཁ་བརྡ་ཏོག་ཙམ་ཞིག་བྱེད་ཞོར་ཁོ་རི་ཡའི་ གློག་བརྙན་དེའི་འཕྲོ་མར་བལྟས། གློག་བརྙན་གྱི་བྱུང་རིམ་དང་མི་སྣའི་བར་གྱི་འགལ་བ་ཛ་དྲག་ཏུ་གྱུར་པ་དང་མཉམ་ དུ་ཁོ་བོ་ཡང་དབང་མེད་དུ་སེམས་ཁྲལ་དང་སྐྱོ་གདུང་གི་ནང་དུ་ཚུད་འགྲོ་ཞིང་། ནམ་རྒྱུན་གློག་བརྙན་ལ་ལྟ་དུས་དེ་ནི་དོན་དངོས་ཤིག་འབྱུང་བཞིན་པའི་ཚོར་བའི་ ངོས་ནས་བལྟས་ན་དགའ་སྐྱོ་ཆགས་སྡང་གི་བྲོ་བ་ཉམས་སུ་མྱོང་ཐུབ་པ་མ་གཏོགས། གློག་བརྙན་ཙམ་ཞིག་གི་ལྟ་སྟངས་ཀྱིས་བལྟས་པ་ཡིན་ན་བྲོ་བ་དེ་ཙམ་མི་འདུག
གློག་བརྙན་དེའི་འཁྲབ་ཚན་ དགུ་པ་མཇུག་རྫོགས་དུས་ནམ་གུང་གི་ཆུ་ཚོད་དང་པོ་ཟིན་གྲབ་འདུག་པས། བརྙན་འཕྲིན་དང་གློག་ཀླད་ཀྱི་སྒོ་བརྒྱབ་སྟེ་ཉལ་ན་འདོད་སོང་།

0 བསམ་ཚུལ་འདོན་པ།:

Post a Comment