ཟིན་བྲིས་ཀྱི་སྡེ་ཚན
ཚོལ་གཤེར
དྲ་ངོས་བཀླགས་གྲངས།
བཀླགས་གྲངས་མང་ཤོས
-
ཆུ་མོ་གངྒྰ་ཤག་ཤག་རྒྱུ་བའི་དུས། ། སྟོན་ལོ་སེར་པོ་ལྷབ་ལྷུབ་འཕུར་བའི་དུས། ། གནམ་སྔོན་སྤྲིན་པ་རླུང་གིས་གཡོ་བའི་དུས། ། བ་གླང་ཁྱུ་ཞིག...
-
སྟོན་པ། ངའི་གཟན་སྣེ་མེ་རུ་འབར་སོང་། ཁྱོད་འཇིག་རྟེན་དུ་བཞུགས་དུས། གྲྭ་པ་རེ་རེའི་གཟན་སྣེ་རུ་ཞི་བདེའི་རླུང...
-
མདང་དགོང་རྨི་ལམ་ཟ་ཟི་མང་ ཡང་ཁྱད་མཚར་བོ་ཞིག་ནི་དགོན་ཆེན་ཞིག་ས་འོག་ཏུ་ནུབ་བསྡད་ཡོད་ཅིང་། དགོན་བདག་བླ་མའི་ཞལ་རས་ལ་སྐྱོ་གཉེར་དགུ་བརྩེགས་ཤིག་བ...
-
ཨ་ རིར་ འབྱོར་ ནས་ ལོ་ མང་ སོང་ བ་ དང་ ། ། ཕན་ མི་ ཐོགས་ པའི་ ངོ་ ཤེས་ འགའ་ ཡང་ ཡོད། ། ད་ ནི་ སྒྲོ་ ལོར་ ལྗང་ ཁུ་ གསོག་ དུས་ འདིར། ། སོ...
-
མདང་དགོང་རྨི་ལམ་ཅུང་ཟད་ ཉུང་ཞིང་ད་ལྟ་དྲན་ཡུལ་དུ་གཅིག་ཀྱང་མི་འདུག ཆུ་ཚོད་བརྒྱད་པ་ཙམ་ལ་གཉིད་ལས་སད་བྱུང་། ཁྲུས་ཁང་གི་སྒེའུ་ཁུང་ལས་མཁའ་དབྱིང...
ཡིག་ཚགས
-
►
2012
(39)
- 09/23 - 09/30 (1)
- 07/22 - 07/29 (1)
- 07/01 - 07/08 (1)
- 06/24 - 07/01 (1)
- 06/17 - 06/24 (1)
- 06/10 - 06/17 (1)
- 06/03 - 06/10 (1)
- 05/27 - 06/03 (2)
- 05/20 - 05/27 (2)
- 05/13 - 05/20 (1)
- 04/29 - 05/06 (3)
- 04/22 - 04/29 (2)
- 04/01 - 04/08 (3)
- 03/18 - 03/25 (2)
- 03/11 - 03/18 (3)
- 03/04 - 03/11 (1)
- 02/05 - 02/12 (1)
- 01/29 - 02/05 (2)
- 01/22 - 01/29 (3)
- 01/15 - 01/22 (2)
- 01/08 - 01/15 (3)
- 01/01 - 01/08 (2)
-
▼
2011
(94)
- 12/25 - 01/01 (2)
- 12/18 - 12/25 (5)
- 12/11 - 12/18 (3)
- 12/04 - 12/11 (3)
- 11/20 - 11/27 (1)
- 11/13 - 11/20 (3)
- 11/06 - 11/13 (3)
- 10/30 - 11/06 (6)
- 10/23 - 10/30 (6)
- 10/16 - 10/23 (7)
- 10/09 - 10/16 (8)
- 10/02 - 10/09 (6)
- 09/25 - 10/02 (3)
- 09/18 - 09/25 (1)
- 09/11 - 09/18 (1)
- 09/04 - 09/11 (2)
- 08/28 - 09/04 (2)
- 07/24 - 07/31 (1)
- 06/26 - 07/03 (1)
- 06/12 - 06/19 (1)
- 06/05 - 06/12 (1)
- 05/29 - 06/05 (1)
- 05/22 - 05/29 (2)
- 04/10 - 04/17 (2)
- 04/03 - 04/10 (3)
- 03/27 - 04/03 (4)
- 03/20 - 03/27 (2)
- 03/13 - 03/20 (3)
- 03/06 - 03/13 (8)
- 02/27 - 03/06 (1)
- 02/20 - 02/27 (2)
རྟག་བརྟན་གྱི་སྙན་ཚིག
—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །
མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །

Powered by Blogger.
About Me
- སྨྱོན་པའི་འཇིག་རྟེན།
- མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Thursday, 3 November 2011
མདང་དགོང་རྨི་ལམ་ཧ་ཅང་ མང་། བླ་མ་ཞིག་གི་ཞབས་ཞུ་བྱེད་བཞིན་འདུག སྨན་པ་ཞིག་གི་གཡོག་པོ་བྱེད་བཞིན་འདུག གསར་འབྱོར་ཞིག་གི་སྐད་སྒྱུར་བྱེད་བཞིན་འདུག ཆུ་ཚོད་བདུན་པར་གཉིད་ལས་སད་དུས་མལ་ཁང་ཧ་ཅང་འཁྱགས། ཉི་འོད་ལང་ལོང་ཞིག་འཕྲོས་ཡོད་ཀྱང་དྲོད་རྟ་རྔ་ཙམ་ཡང་མི་འདུག
མཆོད་འབུལ་ཁ་འདོན་སོགས་ རྒྱུན་ལུགས་བཞིན་བྱེད་ཞོར་གློག་ཀླད་ཉུལ། མི་རེ་ཟུང་གིས་དོ་རྒྱ་བསོད་རྡོར་གྱི་དངོས་བྲིས་རྩོམ་ཡིག་དེ་བཀླགས་ནས་མིག་ ཆུ་ཤོར་སོང་ཞེས་བྲིས་འདུག་ལ། རང་ཉིད་ལ་ཡང་སྐྱོ་གདུང་གི་ཚོར་བ་དྲག་པོ་མཆི་མ་འཁྲུག་པ་ཞིག་བྱུང་ཞེས་ཁ་སང་ གི་ཉིན་ཐོའི་ནང་དུ་བྲིས་ཡོད། མི་རིགས་ཀྱི་བླ་སྲོག་ཉམས་དུས་མི་རིགས་ཀྱི་སེམས་རྩ་ཇེ་སྙི་ཡིན་སྲིད།
ཐབ་ཚང་དུ་ཨ་རི་བ་པར་པ་ མཁས་ཅན་ཞིག་གིས་བོད་ཀྱི་སྟོད་མངའ་རིས་དང་སྨད་རྒྱ་རོང་བར་དུ་ཡུལ་སྐོར་གྱིས་ འདྲ་པར་བླངས་པའི་དེབ་ཅིག་བཞག་འདུག་པའི་ཁྲོད་དུ་ཆོལ་ཁ་གསུམ་གྱི་བོད་མིའི་ བཞིན་རིས་དང་འཛུམ་མདངས། གྱོན་ཆས་དང་མིག་འོད་སོགས་འདུག་ལ། ཁོ་བོའི་ཕ་ཡུལ་དུ་རྒྱ་གཞུང་གིས་སྦྲང་ཚང་ལྟ་བུའི་ཁང་མིག་ཆུང་ཆུང་བརྒྱ་ཕྲག་ མང་པོ་བཟོ་སྐྲུན་གྱིས་འབྲོག་པ་ཚོ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཅེས་པའི་མིང་ བྱང་སྙན་མོ་ཞིག་གིས་བཏུམས་ནས་དེར་བཟང་བཙོན་ལ་བཞག་དང་འཇོག་བཞིན་པའི་འདྲ་པར་ ཞེ་རྩ་མེར་ཞིང་ཡིད་དབང་འཕྲོག་པ་ཞིག་ཀྱང་འདུག
སོག་པོ་བཟའ་ཟླ་གཉིས་ཡོང་ སྟེ་ཁྱོ་ག་དེའི་ཕ་རྒན་གྲོངས་ནས་ལོ་གཅིག་འཁོར་བའི་དགེ་རྩ་ཡིན་ཟེར་བཞིན་སྤོས་ སྒམ་འགའ་དང་འབར་ཞུན་སྒམ་ཆུང་འགའ་ཕུལ་སོང་། སོག་པོའི་ལུགས་སྲོལ་ལ་མི་ཤི་རྗེས་ཕོར་པ་དང་འབར་ཞུན། ཇ་དང་ཚྭ་སོགས་གསོན་པོའི་གནས་སྐབས་སུ་བེད་སྤྱོད་བྱེད་པའི་ཅ་ལག་གི་མཚོན་བྱེད་ རེ་དགོན་པར་འཁྱེར་ཡོང་བ་ཞིག་འདུག ལྕམ་ཁ་ཐི་ལིན་དང་མཉམ་དུ་དབྱིན་དེབ་དེ་མུ་མཐུད་ནས་བཀླགས།
སློབ་ཕྲུག་ཚེ་འཛོམས་ཀྱིས་ མོའི་ནང་སྦྱོང་སྟེ་ཕ་རྒན་དང་མཉམ་དུ་ཆུ་ཚོད་གཅིག་ཙམ་ལ་བོད་སྐད་ཀྱིས་སྐད་ཆ་ བཤད་པ་སྒྲ་འཇུག་བྱས་པ་དེ་ཁྱེར་ནས་བསླེབས་སོང་བས་དེ་ཆ་ཚང་ལ་ཉན། ཕ་རྒན་རིག་འཛིན་ཅུང་ཉོབ་ཀི་ཡོད་པའི་བཟོ་ལྟ་ཞིག་ལྷང་ལ་བུད་ཡོང་བ་དང་། བུ་མོའི་སེམས་ཤུགས་ཆུང་ཆུང་དེ་ཡང་ངོས་ཟིན་ཐོབ། ཕྱི་རྒྱལ་དུ་ཡོད་པའི་བོད་པའི་དགེ་རྒན་ཚོས་ཕ་མ་ཕྲུ་གུ་དང་མཉམ་དུ་བོད་སྐད་མི་ བཤད་པའི་རིགས་ལ་བོད་སྐད་ཁ་བརྡ་སྒྲ་འཇུག་གི་ནང་སྦྱོང་འདི་སྤྲད་ན་དགེ་མཚན་ཆེ་ བར་མཐོང་སོང་། འཛིན་གྲྭ་དེ་གྲོལ་རྗེས་ཚེ་འཛོམས་ཁྲིད་ནས་ཉེ་འགྲམ་མེག་སི་ཁོའི་ཟ་ཁང་དུ་སོང་ ནས་ཟ་མ་ཞིག་ཉོས་རྗེས་མོའི་ཕ་རྒན་གྱི་ཚོང་ཁང་དུ་སོང་ནས་ཟོས་པ་དང་། དེ་རྗེས་མོ་ནང་དུ་བསྐྱལ་རྗེས་ཕྱིར་ལོག་པའི་ལམ་ཁར་ཚོང་ཁང་ཞིག་ཏུ་སོང་སྟེ་ སྒོར་མོ་གཅིག་གིས་ཨ་སྒོར་ས་ཡ་ཉིས་བརྒྱ་ལྔ་བཅུའི་རྒྱན་ཤོག་ཅིག་ཉོས། ནང་དུ་བསླེབས་ནས་གློག་ཀླད་ཀྱི་ཁ་ཕྱེས་ནས་མའོ་ཡི་མི་ཚེའི་ལོ་རྒྱུས་ཤིག་དང་ མར་ཡན་ལོ་ཐོ་*དང་ གསང་བའི་ཐིག་རིས་གཉིས་ཞིབ་བསྡུར་གྱིས་ཉིས་སྟོང་བཅུ་གཉིས་ལོ་དེ་འཛམ་གླིང་གི་ མཐའ་མཇུག་ཡིན་མིན་སྐོར་གྱི་དངོས་བཤུས་གློག་བརྙན་ཞིག་ལ་བལྟས།
ཡང་བརྙན་འཕྲིན་ལས་སྲོག་ ཆགས་ཀྱི་འཇིག་རྟེན་དུ་སེམས་ཅན་མི་འདྲ་བས་འཚོ་ཐབས་མི་འདྲ་བ་དུ་མ་བརྒྱུད་ སྤེལ་བྱེད་ཚུལ་ལ་བལྟས། དེ་ཡང་བྱ་རིགས་ཤིག་གིས་རང་གི་ཚང་བཟོ་དུས་རྩྭ་རྒྱུས་ཕྲ་མོ་དག་མཆུ་བར་དུ་ བཟུང་ནས་ང་ཚོས་ཚེམས་པོ་རྒྱག་པ་དང་གཅིག་མཚུངས་ཀྱི་ཚེམས་བཟོ་བྱེད་བཞིན་འདུག་ པ་དང་། སྦེ་ཝེ་ཟེར་བའི་སྲམ་ལྟ་བུའི་སྲོག་ཆགས་ཨ་ལ་སི་ཀའི་མཚེའུ་ལ་གནས་པ་ཞིག་གིས་ ལྗོན་ཤིང་དག་སོ་ཡིས་འཆོས་ཏེ་དུམ་བུར་གཏུབས་ནས་དྲོ་སྐྱིད་ལྡན་པའི་ཚང་བཟོ་བ་ སོགས་ལ་བལྟས། ཡང་ཚན་རིག་པ་དུ་མས་དཔེ་རིས་དང་བཅས་པའི་སྒོ་ནས་བར་སྣང་དང་འཐེན་ཤུགས་ཀྱི་ སྐོར་ངོ་སྤྲོད་བྱས་པ་དེར་བལྟས། ཡོད་ཚད་བར་སྣང་ཡིན་པ་དང་ཡོད་ཚད་བདེན་པར་མ་གྲུབ་པ་གཉིས་ཀྱི་བར་དུ་འབྲེལ་བ་ག་ རེ་ཡོད་དམ། ད་དུང་ཉུ་ཁྲན་གྱི་འཐེན་ཤུགས་དང་ཨ་ཡན་ས་ཐན་གྱི་དུས་ཚོད་དང་བར་སྣང་གི་འབྲེལ་ བའི་སྐོར་ཞིག་ཀྱང་ངོ་སྤྲོད་བྱས་སོང་ཡང་རང་ཉིད་ཀྱི་དབྱིན་སྐད་སྐྱོ་བས་ཚང་མ་ གོ་མ་སོང་། ད་དུང་ཀུ་ཤུ་གློག་གླད་གསར་བཏོད་པ་སི་ཁྲི་ཝིན་གྱི་མི་ཚེ་དང་གསར་བཏོད་ཀྱི་ སྐོར་དངོས་བཤུས་གློག་བརྙན་ཞིག་ལ་ཡང་བལྟས། ཉིན་གང་གནམ་ངོ་རུབ་ཅིང་ཕྱི་དྲོའི་ཆུ་ཚོད་བདུན་པ་ཙམ་ནས་ཆར་བ་ཆེན་པོ་ཞིག་བབས་ སོང་།
*པར་གཉིས་པ་དེ་ནི་མར་ཡན་གྱི་ལོ་ཐོ་ལས་བསྟན་པའི་ཁོ་ཚོའི་རྟགས་རིས་ཡི་གེ་དང་འཆི་བ་མཚོན་པའི་ཀེང་རུས་རེད།

Subscribe to:
Post Comments
(Atom)
0 བསམ་ཚུལ་འདོན་པ།:
Post a Comment