ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Friday, 4 November 2011
dscn4892
མདང་དགོང་རྨི་ལམ་ནང་སྨན་ པ་ཞིག་གིས་བརྟག་དཔྱད་བྱས་རྗེས་ཁོག་པའི་ནང་དུ་ན་ཚ་མི་འདུག་ལབ་པ་ཞིག་བྱུང་། དེ་མིན་རྨི་ལམ་འགའ་རྨིས་ཀྱང་བརྗེད་དེ་ཐལ། ཆུ་ཚོད་བདུན་དང་ཕྱེད་ཀར་གཉིད་ལས་སད་ཀྱང་ཉལ་སའི་ནང་རོ་ལྟར་ཉལ་ནས་ཆུ་ཚོད་ བརྒྱད་པ་བར་དུ་ལུས། དེ་ནས་ལངས་ཏེ་གདོང་པ་དང་སོ་བཀྲུས་རྗེས་ཆོས་ཀྱི་སྤྱོད་ལམ་ལ་ཏོག་ཙམ་ཞུགས། དྲ་ངོས་ལས་ལྡི་ལི་གསར་པར་གཞོན་ནུའི་ཟུང་དྲུང་ཟུར་པ་ཤེས་རབ་ཚེ་རྡོར་ཟེར་བ་ ཞིག་གིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རང་ལུས་ལ་སྦར་བའི་གནས་ཚུལ་ཞིག་འཁོད། དེང་སྐབས་ཞོགས་པ་རེ་རེ་བཞིན་གློག་ཀླད་ཀྱི་ཁ་མ་ཕྱེས་པའི་སྔ་རོལ་ཏུ་དེ་རིང་ ཡང་བོད་པའི་སྐོར་གནས་ཚུལ་མི་སྙན་པ་ག་རེ་ཡོད་ཨང་བསམས་པའི་སེམས་ཁྲལ་ཞིག་འདུག
ཁ་སང་ཉོས་པའི་ཤུ་ཀུ་རྟགས་ ཅན་གྱི་གློག་ཀླད་དེ་ཇོན་གྱི་རྩར་ཁྱེར་ནས་སྒོ་འབྱེད་དུ་བཅུག་ཅིང་། ལས་གྲོགས་ཚོས་ཡིད་སྨོན་གྱི་མིག་མདའ་འཕེན། ལོས་ཡིན། སྒོར་མོ་ཞིག་ཡོད་ཚེ་ཁྱོད་ཀྱིས་མི་སེམས་ཧྲིལ་བོ་དང་ཧྲིལ་བོ་བྱས་ནས་ཉོ་ཐུབ། ཐ་ན་ཧྲང་ཧེ་ནས་ཡོང་བའི་རྒྱ་མོ་དེས་ཀྱང་ཡིད་སྨོན་བྱེད། ཁོ་ཚོར་འདི་ནི་དགའ་རོགས་གསར་པ་ཞིག་རག་པ་འདྲ་བོ་རེད། དུས་ཡུན་གང་འཚམ་ཞིག་སོང་རྗེས་ཁྱོད་ཀྱིས་རྙོག་དྲ་གསར་པ་ཞིག་རྙེད་ཀི་རེད་ཅེས་ བརྗོད། ནུ་བོས་བོད་ནས་ཁོ་བོའི་ལོ་རྒྱུས་དབྱིན་དེབ་ནང་འཇུག་རྒྱུའི་པར་འགའ་བསྐུར་ འདུག་ཅིང་། དེའི་ནང་དུ་ཡིག་གཟུགས་དང་སུམ་རྟགས་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་ པའི་བཤད་ཁྲིད་འགྲེལ་པ་བཞི་སྦྲགས་བར་མཛུབ་ཁྲིད་ཀྱི་བཀའ་དྲིན་འཁོར་ཐབས་བྲལ་ བའི་ཡོངས་འཛིན་རྡོ་རྗེ་འཆང་ཚང་དང་། སྐུ་ཚེ་འདིར་གྲུབ་པའི་གོ་འཕང་མཐོན་པོར་སོན་ཀྱང་སྦས་པའི་བརྟུལ་ཞུགས་ལ་བཞུགས་ པས། ཁོ་བོ་ལྟ་བུས་ཀྱང་ལོ་ངོ་གཉིས་དང་ཕྱེད་ཀ་ཙམ་ལ་ཤག་གཅིག་ཏུ་དགེ་རྒན་དང་དགེ་ ཕྲུག་གི་ཚུལ་དུ་ཞབས་ཞུ་ཞུས་པའི་སེམས་དཔའ་ཆེན་པོ་བླ་ནག་རི་ཁྲོད་པ། ད་རེས་ཀྱི་དལ་འབྱོར་མི་ལུས་གསེར་སྲང་སྟོང་གིས་མི་ཁུག་པ་འདི་སྦྱིན་པ་པོ་ དྲིན་ཆེན་ཕ་མ་གཉིས་ཀྱི་འདྲ་པར་བཞུགས་འདུག

རྒྱ་མི་འགས་བླ་མ་ཚང་དང་ ཁོང་གི་གསང་ཡུམ། ཁོ་བོ་སོགས་རྒྱ་མིའི་ཟ་ཁང་ཞིག་ཏུ་ཟས་མགྲོན་ལ་བོས། དོ་དགོང་བོད་པ་ངོ་ཤེས་ཚང་ཞིག་གིས་ཁ་སང་དུས་ཆད་བྱས་པ་ཞིག་ཐེ་ཝན་ཟ་ཁང་ཞིག་ཏུ་ འགྲོ་རྒྱུ་བྱས་ཡོད་པས། ཟ་མ་ཅུང་ཟད་ཅིག་ལས་ནམ་རྒྱུན་བཞིན་སྤྱང་ལྟོགས་ཀྱིས་བཟའ་བ་བཞིན་མ་བྱས། ཚུར་རྒྱ་མོ་ཆོས་མཚོ་དང་མཉམ་དུ་ཡོང་ཞོར་དེ་རིང་གི་རྒྱ་མི་སྦྱིན་བདག་དེའི་ནང་ མིའི་སྐོར་ཁ་བརྡ་རེ་བྱས།
ཁ་སང་གི་ཉིན་ཐོའི་མཆན་བུ་ ཞིག་གི་ནང་དུ་དྲ་གྲོགས་མཐོ་སྒང་བ་ཟེར་བ་ཞིག་གིས། ཨ་ ཁུ་ཀླུ་ལགས་ཁྱེད་ཀྱིས་རྩོམ་ཡིག་ཉིན་ལྟར་ཀློག་གྱིན་ཡོད ཁྱེད་ཀྱིས་ང་མཐོང་ན་ངོ་མི་ཤེས་ཀྱང་གལ་སྲིད་ངས་ཁྱོད་སྲང་ལམ་ཞིག་ནས་མཐོང་བ་ ཡིན་ན་ཕལ་ཆེར་ང་ལ་ངོ་ཤེས་རྒྱུས་ཡོད་ཅིག་གི་སྣང་བ་སླེབ་ངེས་ཡིན དེ་ནི་ཁྱོད་ཀྱིས་རྩོམ་ཡིག་གི་རྒྱུད་ནས་སྦ་གསང་མེད་པའི་ཉིན་ཐོ་ཀློག་གྲངས་མང་ བའི་རྐྱེན་གྱིས་རེད སྔོན་མ་ཡིན་ན་ངས་ཁྱོད་ལ་མིང་མི་འདྲ་བ་སྤྱད་དེ་ལྡོག་ཕྱོགས་ནས་དྲི་བ་འདོན་པ་ དང་སྐྱོན་བརྗོད་ཀྱང་མི་ཉུང་བ་ཞིག་བྱེད་མྱོང་ཡོད འདི་ལྟར་ཁྱེད་ཀྱིས་ངོ་འཚར་བའི་བཟོད་སྲན་གྱིས་ང་ལ་བྱིན་པ་ནི་གྲོགས་པོ་ཞིག་ གི་འདུ་ཤེས་ཞིག་སླེབ་ཏུ་འཇུག་པ་དེ་རེད ངས་སྙིང་ནས་ཁྱེད་ལ་ཞུ་འདོད་པ་དེ་ཐུགས་རྗེ་ཆེ་ཟེར་བ་དེ་ཡིན། ཞེས་བྲིས་འདུག་ཅིང་། འདི་ནི་ཧོབ་སྟེ་ལྟ་དུས་མཆན་བུ་སྤྱིར་བཏང་བ་ཞིག་ཡིན་ཡང་། བསམ་བློ་ཞིབ་ཏུ་གཏོང་དུས་མི་སེམས་ཅིག་ཅར་དུ་འགུག་ཐུབ་པའི་མཆན་བུ་ཞིག་རེད་ དེ། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ་པའི་དཔང་རྟགས་གསོན་པོ་ཞིག་རེད། འདི་ལྟར་མི་རྣམས་ཀྱིས་ཕན་ཚུན་ལ་བཟོད་སྒོམ་དང་སེམས་ངོ་སྟོན་དུས། དབྱིངས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཡང་དགྱེས་འཛུམ་མོལ་ལེར་སོང་ཡོད་པ་ ནི་མནའ་བསྐྱལ་ནས་བརྗོད་ཐུབ་པ་ཞིག་རེད། རྒྱུ་མཚན་ནི་སྤྱོད་འཇུག་ལས། སངས་རྒྱས་དང་ནི་སེམས་ཅན་གཉིས། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་མཆོད་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། །ཞེས་གསུངས་པས་སོ།། དེ་ལ་དམིགས་ནས་ཁོ་བོས་ཀྱང་མཆན་དེའི་འོག་ཏུ། གྲོགས་པོ་ཚང་མར་ བཀྲ་ཤིས་བདེ་ལེགས་ཞུ། མཐོ་སྒང་བ་ལགས་སུ། ངེད་གཉིས་ཀྱི་བར་དུ་ཁབ་སྐུད་པ་ཙམ་གྱི་རྩོད་གཞི་ཡང་མེད་ན་ཁོ་བོས་ཉིད་ལ་ཁོང་ ཁྲོ་ག་ལ་ཕོད། ང་ཚོ་ཚང་མ་གོང་ས་ཡིད་བཞིན་ནོར་བུའི་སྐུ་མདུན་དུས་གཅིག་གམ་ཡང་སྔ་རྗེས་སུ་ མདོ་སྔགས་ཀྱི་གདམས་ངག་དུ་མ་ཞུས་མྱོང་བའི་ཆོས་གྲོགས་ཡིན་པས། མ་འོངས་པའི་སྐྱེ་བ་ཞིག་ཏུ་ཡང་སྐྱར་མགོན་པོ་གང་གི་ཞབས་དྲུང་དུ་དམ་པ་ཆོས་ཀྱི་ དགའ་སྟོན་ལ་ལོངས་སུ་སྤྱོད་པར་སྨོན། ཞེས་བྲིས།
དེ་ནས་གྲོགས་པོ་ཞིག་གིས་ ཀླུ་སྨྱོན་རྩོམ་རིག་བྱ་དགར་ཞལ་འདེབས་ཨ་སྒོར་སུམ་བརྒྱ་བསྐུར་ཡོད་པ་དེ་ལེན་ དུ་སོང་། ལམ་ཁར་གནམ་ངོར་སྤྲིན་པ་གྱ་གྱུ་མ་རེ་རེའི་གསེང་ནས་གནམ་སྔོན་པོ་ཏོག་ཙམ་ཞིག་ མཐོང་ཐུབ་མོད། གནམ་གཤིས་གྲང་ངར་ཆེ་ཞིང་སྐབས་རེར་ཆར་ཐིགས་རེ་ཡང་སྟོང་བའི་དབྱིངས་ནས་ལྷ་ཡི་ དངོས་གྲུབ་བཞིན་སྐྲ་གསེང་དང་ངོ་གདོང་ལ་འཐོར་ཡོང་།
ནང་དུ་ལོག་དུས་རྒྱ་མོ་སོ་ ནི་ཡས་དཔེ་མཛོད་ཅིག་གི་ནང་ནས་འཕྲིན་ཐུང་ཞིག་བསྐུར་འདུག མདང་དགོང་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀ་བར་དུ་ཁོ་མོར་ལོ་རྗེས་མའི་བྱང་ཨ་རིའི་ བཀའ་བརྒྱུད་སྨོན་ལམ་གྱི་ཆེད་དུ་དྲ་ཚིགས་ཤིག་གི་མདུན་ངོས་སུ་ཚོས་སྣ་ལྔ་ལྡན་ གྱིི་དར་ལྕོག་ཅིག་འཇོག་རོགས་བྱས་ཏེ་ཉལ་ཐུབ་མ་སོང་།
ཆུ་ཚོད་ལྔ་པ་ཙམ་ལ་སོ་ནི་ ཡའི་ཁ་པར་ཞིག་འབྱོར་ཏེ་མོ་ངའི་སྡོད་ཁང་གི་འཁྲིས་སུ་བསླེབས་ཡོད་ཅིང་མོ་ལ་ དཀའ་ངལ་ཞིག་འཕྲད་སོང་བས་རོགས་པ་ཞིག་བྱེད་དགོས་ཟེར་བར། མོ་ཁྲིད་ནས་ཐག་ཉེའི་འཚིག་ཇ་འཐུང་ས་ཞིག་ཏུ་སོང་། མོའི་ཟབ་སྦྱོང་བྱེད་སའི་མགོ་ཁྲིད་སྐྱེས་སྨན་ཞིག་དང་ཁོ་གཉིས་ལྟ་བ་མ་མཐུན་པར་ མཐའ་མར་མོས་དེ་ནས་ལས་དགོངས་ཞུས་པ་ཡིན། ད་ནི་མོའི་སྟེང་དུ་ཁོང་ཁྲོ་མི་ཟ་བའི་ཐབས་ཤེས་ཤིག་སློབས་རོགས་ཟེར། གལ་སྲིད་ཁྱོད་རང་གིས་མོ་དང་མཉམ་དུ་ལས་ཀ་བྱས་མེད་ན་ཁྱེད་གཉིས་བར་དུ་དཀའ་ རྙོག་དེ་བྱུང་མེད་པས། དཀའ་རྙོག་དེའི་ཕྱེད་ཀའི་འགན་ཁྱེད་རང་གིས་འཁུར་དགོས་ཀྱི་འདུག ཆོས་ཕྱོགས་ནས་བཤད་ན་ལས་མ་བྱས་པ་དང་མི་འཕྲད་ཅིང་བྱས་པ་ཆུད་མི་ཟ་བ་ཡིན་པས། ཁྱེད་རང་གཉིས་ཀྱིས་གནས་སྐབས་གཅིག་གིས་གཅིག་ལ་མི་དགའ་བའི་ལས་དེ་བསགས་པ་རེད་ ལ་དེ་ནི་དེའི་འབྲས་བུ་སྨིན་སོང་བ་རེད། ད་ནི་དེའི་བུ་ལོན་འཕྲོད་སོང་བར་དགའ་བར་གྱིས་ཤིག གཅིག་བྱས་ན་ཁྱེད་གཉིས་མི་ཚེ་འདིར་ཡང་སྐྱར་འཕྲད་ཀྱི་མ་རེད། དཔེར་ན་གནམ་ཐང་དུ་མགྲོན་པོ་གཉིས་ཀྱིས་ཚིག་རྩོད་བྱས་པ་བཞིན་ཏོག་ཙམ་གྱི་རྗེས་ སུ་གནམ་གྲུ་སོ་སོར་ཞུགས་ནས་རྒྱལ་ཁབ་མ་འདྲ་བར་ལོག་སོང་བ་བཞིན་རེད་ལབ་པར་དགའ་ སོང་།
དེ་ནས་ཚེ་སྟོབས་ལགས་ཀྱིས་ཁོ་བོ་ཁྲིད་ནས་REIཞེས་ པའི་ཚོང་ཁང་སྐད་གྲགས་ཅན་དེའི་ནང་དུ་སོང་ནས་དཔྱིད་སྟོན་དགུན་གསུམ་ལ་གྱོན་ ཆོག་པའི་སྟོད་གོས་དམར་སེར་ཞིག་ལེགས་སྐྱེས་སུ་ཉོས། དེ་ནས་ཁོའི་ནང་དུ་སོང་དུས་ཁོའི་སྐྱེས་སྨན་གྱིས་མོ་མོ་བཟོས་ཤིང་རྔ་ཚིགས་ བཙོས་ནས་བསྒུགས་བསྡད་འདུག དགོང་ཟས་བཟའ་ཞོར་དུ་ཁོ་རི་ཡའི་སྐད་དུ་བསྒྱུར་པའི་བོད་ཀྱི་དངོས་བཤུས་གློག་ བརྙན་སྐོར་ཞིག་ལ་བལྟས། དེའིི་ནང་དུ་གཞིས་ཀ་རྩེའི་ལུང་ཁུག་གྲོང་གསེབ་ཅིག་གི་ཡུལ་མི་ཚོས་གཙང་པོ་ལས་ ཚྭ་ཆུ་དྲངས་ཏེ་ཚྭ་བཟོས་ཏེ་འཚོ་ཐབས་བྱེད་པ་ཞིག་དང་། ཡང་མངའ་རིས་གུ་གེའི་འབྲོག་པ་སྐོར་ཞིག་གིས་གནམ་མཚོ་ཡིན་ནམ་མཚོ་ཞིག་ལས་ཚྭ་ བླངས་ནས་འཚོ་ཐབས་བྱེད་པ་ཞིག་ལ་བལྟས།
ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་ ཞིག་ལ་ནང་དུ་ལོག་ནས་ཉིན་ཐོ་འདི་མུ་མཐུད་དེ་བྲིས། བརྙན་འཕྲིན་ལས་གཞས་པ་མེ་ཁལ་ཇག་སོན་གྱི་སྨན་པས་ཇི་ལྟར་མེ་ཁལ་འཆི་ལམ་དུ་ བསྐྱལ་བའི་སྐོར་གྱི་དངོས་བཤུས་གློག་བརྙན་ཞིག་ལ་བལྟས། མེ་ཁལ་གྱིས་སྨན་པ་དེར་ཟླ་རེར་ཨ་སྒོར་འབུམ་གཅིག་ལྷག་རེ་སྤྲད་འདུག
ཨེ་ཤ་ཡའི་རང་དབང་རླུང་ འཕྲིན་ལས་མཛངས་མ་འོད་ཟེར་གྱི་རྩོམ་ཡིག་བཀླགས་ཤིང་། དེ་ནས་ཁམས་པ་སྐོར་ཞིག་གིས་མི་ཚེ་འདིར་གོང་ས་མཆོག་མཇལ་མ་ཐུབ་པས་མི་ཚེར་དོན་ སྙིང་མ་ཚོར་ལུགས་བརྗོད་པ་བཀླགས་ཏེ་སེམས་པ་དྲག་ཏུ་གཡོས། ཁོ་བོ་རང་ཉིད་ཀྱིས་གོང་ས་མཆོག་གི་གསེར་ཞལ་ལན་གྲངས་དུ་མར་མཇལ་བ་མ་ཟད། པདྨ་དཀར་པོའི་འདབ་མ་ལྟ་བུར་དཀར་ཞིང་འཇམ་པའི་ཕྱག་སོར་དྲོན་མོས་ཁོ་བོའི་མགོ་ བོར་བྱུགས་བྱུགས་གནང་མྱོང་ཞིང་ཁོ་བོའི་ལག་པར་ཡང་ཕྱག་འཇུ་གནང་མྱོང་བས་དེ་ལས་ ལྷག་པའི་བསོད་ནམས་ཆེ་སྟངས་ཤིག་སྐྱེ་བ་ས་ཡ་དུ་མར་གང་ནས་འཚོལ།

0 བསམ་ཚུལ་འདོན་པ།:

Post a Comment