ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Tuesday 10 January 2012

ད་བར་རིག་གསར་དྲི་མར་སྣོམ་བཞིན་ཡོང་།།

དེ་རིང་ནས་བཟུང་རིག་གནས་རྙིང་བརྗེ་ཡི།།
ལས་འགུལ་རྒྱ་མཚོའི་རླབས་བཞིན་སྤེལ་སྲིད་པས།།
གསར་ཞེན་པ་དག་འབྲོ་བྱོལ་ལྕེབ་གསུམ་བྱོས།།
སྲིད་པ་ཆགས་པའི་གངས་རི་དཀར་པོ་དག།
ད་ནི་སྤོབས་པའི་མགོ་བོ་གྱེན་བཏེགས་ཏེ།།
ཕ་དང་མེས་པོས་བྲིས་པའི་ལོ་རྒྱུས་དག།
བུ་དང་ཚ་བོའི་སྙན་དུ་གྱེར་བར་མཛོད།།
ཡ་ཆུང་ཕུག་ཏུ་ལོ་སྟོང་བརྩིགས་པ་ཡི།།
གངས་རིའི་འོ་ཟོ་ཕྲེང་བར་བསྒྲིགས་པ་འདི།།
ད་ནི་ཞོགས་པའི་ཉི་འོད་ཀློང་དྲུད་དེ།།
འབྲི་མོ་གན་ཚོ་བཞོ་བའི་སྟ་གོན་མཛོད།། 

རིག་གསར་ས་རྡུལ་མཐུག་པོའི་གྲིབ་ཕོག་པའི།།
བན་རྒན་ཁོང་ཚོའི་གཟན་དང་༷ཤམ་ཐབས་དག།
རྨ་ཆུ་འབྲི་ཆུའི་ནང་དུ་ལན་དགུར་བཀྲུས།།
ཧི་མ་ལ་ཡའི་ངོས་སུ་སྐེམ་པར་མཛོད།།
ཐོ་རངས་དུས་ནས་གཉིད་སློང་སྐད་འབྱིན་པའི།།
བྱ་ཕོ་ཚ་ལུ་ཁྱེད་ཅག་ཡར་ལོངས་ལ།།
ཆང་དྲིའི་ཁྲོད་དུ་གཏི་མུག་གཉིད་ལོག་པའི།།
མི་བུ་གན་ཚོའི་རྐུབ་ལ་མཆུ་ཏོ་ཚུགས།།
ཟི་ལིང་མཁར་ནས་ཟ་ལར་རྒྱ་སྤྲུལ་འགའ།།
རིག་གསར་གདོན་གྱིས་བཟུང་བའི་རང་རྟགས་སུ།།
དཔྱོད་ཤེས་སྒལ་ཚིགས་ཆག་པོ་ཤིང་སྐྱོར་ཅན།།
དེ་དག་སྙིང་ལ་རྙིང་སྨན་དགུ་སྦྱོར་སྟེར།།
གངས་རིའི་ལྡོག་འོད་འཁྱུད་པའི་རྒྱུ་སྐར་ཚོགས།།
གནམ་རྒན་མ་ཡི་སྙན་ངག་ཡིན་བཞིན་དུ།།
བསད་ཁྲག་བྱུགས་པའི་སྐར་མ་ཉེས་ཅན་འགའ།།
སྐྱབས་སུ་བསྟེན་དག་སྙིང་ཤ་འཐག་གི་ཡིན།།
སྦྲ་རྒན་མེར་བསྲེགས་ཁྱི་རྒན་རྒྱར་བཙོངས་ནས།།
ཤོག་སྒོར་རེ་འགས་མུག་ཁ་གསོ་བ་དག།
ས་ནག་ཐུར་ལ་དྲུད་པའི་ཁྲག་རྗེས་ཀྱིས།།
གསར་ཞེན་སྙིང་ལ་འཇིགས་པའི་དུ་ནག་བསྐྱིལ།།
ད་དུང་མང་མོད་དུས་ཚོད་བཙན་པོ་ཡིས།།
སྨྱུག་ཁར་ཚོད་འཛིན་ཐེབས་པ་མ་ཡིན་ཚེ།།
གསར་ཞེན་མིག་སེར་མུན་པ་སྐྱབས་བསྟེན་དག།།
མ་ཤི་གསོན་པོར་དམྱལ་ཁམས་སྟོན་ན་འདོད།།

0 བསམ་ཚུལ་འདོན་པ།:

Post a Comment