ཟིན་བྲིས་ཀྱི་སྡེ་ཚན
ཚོལ་གཤེར
དྲ་ངོས་བཀླགས་གྲངས།
བཀླགས་གྲངས་མང་ཤོས
-
ཆུ་མོ་གངྒྰ་ཤག་ཤག་རྒྱུ་བའི་དུས། ། སྟོན་ལོ་སེར་པོ་ལྷབ་ལྷུབ་འཕུར་བའི་དུས། ། གནམ་སྔོན་སྤྲིན་པ་རླུང་གིས་གཡོ་བའི་དུས། ། བ་གླང་ཁྱུ་ཞིག...
-
སྟོན་པ། ངའི་གཟན་སྣེ་མེ་རུ་འབར་སོང་། ཁྱོད་འཇིག་རྟེན་དུ་བཞུགས་དུས། གྲྭ་པ་རེ་རེའི་གཟན་སྣེ་རུ་ཞི་བདེའི་རླུང...
-
མདང་དགོང་རྨི་ལམ་ཟ་ཟི་མང་ ཡང་ཁྱད་མཚར་བོ་ཞིག་ནི་དགོན་ཆེན་ཞིག་ས་འོག་ཏུ་ནུབ་བསྡད་ཡོད་ཅིང་། དགོན་བདག་བླ་མའི་ཞལ་རས་ལ་སྐྱོ་གཉེར་དགུ་བརྩེགས་ཤིག་བ...
-
ཨ་ རིར་ འབྱོར་ ནས་ ལོ་ མང་ སོང་ བ་ དང་ ། ། ཕན་ མི་ ཐོགས་ པའི་ ངོ་ ཤེས་ འགའ་ ཡང་ ཡོད། ། ད་ ནི་ སྒྲོ་ ལོར་ ལྗང་ ཁུ་ གསོག་ དུས་ འདིར། ། སོ...
-
མདང་དགོང་རྨི་ལམ་ཅུང་ཟད་ ཉུང་ཞིང་ད་ལྟ་དྲན་ཡུལ་དུ་གཅིག་ཀྱང་མི་འདུག ཆུ་ཚོད་བརྒྱད་པ་ཙམ་ལ་གཉིད་ལས་སད་བྱུང་། ཁྲུས་ཁང་གི་སྒེའུ་ཁུང་ལས་མཁའ་དབྱིང...
ཡིག་ཚགས
-
▼
2012
(39)
- 09/23 - 09/30 (1)
- 07/22 - 07/29 (1)
- 07/01 - 07/08 (1)
- 06/24 - 07/01 (1)
- 06/17 - 06/24 (1)
- 06/10 - 06/17 (1)
- 06/03 - 06/10 (1)
- 05/27 - 06/03 (2)
- 05/20 - 05/27 (2)
- 05/13 - 05/20 (1)
- 04/29 - 05/06 (3)
- 04/22 - 04/29 (2)
- 04/01 - 04/08 (3)
- 03/18 - 03/25 (2)
- 03/11 - 03/18 (3)
- 03/04 - 03/11 (1)
- 02/05 - 02/12 (1)
- 01/29 - 02/05 (2)
- 01/22 - 01/29 (3)
- 01/15 - 01/22 (2)
- 01/08 - 01/15 (3)
- 01/01 - 01/08 (2)
-
►
2011
(94)
- 12/25 - 01/01 (2)
- 12/18 - 12/25 (5)
- 12/11 - 12/18 (3)
- 12/04 - 12/11 (3)
- 11/20 - 11/27 (1)
- 11/13 - 11/20 (3)
- 11/06 - 11/13 (3)
- 10/30 - 11/06 (6)
- 10/23 - 10/30 (6)
- 10/16 - 10/23 (7)
- 10/09 - 10/16 (8)
- 10/02 - 10/09 (6)
- 09/25 - 10/02 (3)
- 09/18 - 09/25 (1)
- 09/11 - 09/18 (1)
- 09/04 - 09/11 (2)
- 08/28 - 09/04 (2)
- 07/24 - 07/31 (1)
- 06/26 - 07/03 (1)
- 06/12 - 06/19 (1)
- 06/05 - 06/12 (1)
- 05/29 - 06/05 (1)
- 05/22 - 05/29 (2)
- 04/10 - 04/17 (2)
- 04/03 - 04/10 (3)
- 03/27 - 04/03 (4)
- 03/20 - 03/27 (2)
- 03/13 - 03/20 (3)
- 03/06 - 03/13 (8)
- 02/27 - 03/06 (1)
- 02/20 - 02/27 (2)
རྟག་བརྟན་གྱི་སྙན་ཚིག
—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །
མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །
མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.
About Me
- སྨྱོན་པའི་འཇིག་རྟེན།
- མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Tuesday, 24 April 2012
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཨོ་སྦ་མ་ཞེས་བྱ་བ་ཞིག་ཨ་རི་ཡུལ་རྒྱལ་སའི་དཀྱིལ་ཕོ་བྲང་དཀར་པོའི་མདུན་ཐང་དེར་འགྲོ་བ་མིའི་ཐོབ་ཐང་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་འཁོར་འདུས་པ་དེའི་ནང་དུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཀླུ་སྨྱོན་ཞེས་བྱ་བ་ཞིག་ཀྱང་དེར་འདུས་པར་གྱུར་ཏོ།།
ཉི་མ་རེ་རེ་ བཞིན་དང་འདྲ་བར་བཅོམ་ལྡན་འདས་ཀྱིས་རང་ཉིད་ཀྱི་འཁོར་འདུས་པ་རྒྱ་མཚོ་ལྟ་བུ་དེར་ཞལ་འཛུམ་ པ་དང་ལྡན་པའི་སྒོ་ནས་ཐེངས་ཤིག་གཟིགས་པ་དང་། འཁོར་རེ་རེའི་སེམས་ཀྱི་རྒྱུ་བ་ཕྲ་མོ་དག་ཀྱང་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་གཟིགས་དུས། འཁོར་དེའི་གྲུ་ཟུར་ཞིག་ཏུ་མཆིས་པའི་བྱང་ཆུབ་སེམས་དཔའ་ཀླུ་སྨྱོན་གྱི་སེམས་ ནང་བོད་གངས་ཅན་གྱི་འདས་མ་ད་གསུམ་སྤྱི་དང་། ཁྱད་པར་དུ་ཁ་སང་དེ་རིང་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་དང་ སྤེལ་བཞིན་པའི་གནས་སྟངས་ལ་སྔ་འདང་ཕྱི་འདང་རྒྱག་བཞིན་བཅོམ་ལྡན་འདས་ཀྱིས་ གསུངས་པའི་ཆོས་གང་ཞིག་རྣ་བས་ཐོས་ཀྱང་སེམས་ལ་འབབ་ཐུབ་ཀི་མེད་པ་དེ་གཟིགས་ སོ།།
དེ་ནས་བཅོམ་ལྡན་འདས་ཀྱིས་རང་ཉིད་ཀྱི་སྐེ་རགས་ཀྱི་གསེབ་ཏུ་དྲངས་པའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་གསར་པ་དེ་ཕྱག་ཏུ་བཞེས་ནས་ཀླུ་སྨྱོན་གྱི་ཁ་པར་ཨང་གྲངས་དེ་ཚར་ གཅིག་མནན་པའི་དུས་སུ། ཀླུ་སྨྱོན་གྱིས་ལག་ཁུག་སེར་པོ་དེའི་ནང་ནས་ཀྱང་ཁ་པར་གྱི་སིལ་སྒྲ་ཞིག་གྲག་ ཡོང་བ་དང་། ཁོས་རང་གི་ཁ་པར་ཡར་བླངས་ནས་དེའི་ངོས་སུ་ཤར་བའི་ཨང་གྲངས་དེ་མཐོང་མ་ཐག་ལམ་ སེང་འཁོར་འདུས་པ་རྒྱ་མཚོའི་དཀྱིལ་གཤགས་ནས་ཐད་ཀར་བཅོམ་ལྡན་འདས་ཀྱི་མདུན་དེར་ བཅར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། ཀྱེ་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལགས། དེ་རིང་ཁྱེད་ཀྱིས་གུས་པར་སྐུ་མདུན་དུ་བོས་གནང་སྟེ་བཀའ་སློབ་ཟབ་མོ་ཅི་ཞིག་ གནང་རྒྱུ་ཡོད་ལགས་སམ།
ཞེས་ཞུས་པའི་ཚེ། བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པ་པད་མའི་འདབ་མ་ལྟ་བུར་འཇམ་པ་དེ་ཀླུ་སྨྱོན་གྱི་མགོ་བོར་བཞག་སྟེ་འདི་སྐད་དུ།
ཀྱེ་ཚེ་དང་ལྡན་པ་ཀླུ་སྨྱོན།
ངའི་འཁོར་རྒྱ་མཚོ་ལྟ་བུའི་ནང་དུ་ཁྱེད་ལྟ་བུའི་སྐྱེས་བུ་དམ་པ་ཤེས་རབ་ཀྱི་སྐྱ་རེངས་དཀར་པ།
སྙིང་རྗེ་ཡི་མཚམས་སྤྲིན་དམར་པ། འདོད་ཆགས་ཀྱི་སྤྲིན་ནག་འཁྲིགས་པ།
ཞེ་སྡང་གི་གློག་དམར་འཁྱུག་པ། ཕྲག་དོག་གི་གནམ་ལྕགས་འཕེན་པ།
གཏི་མུག་གི་རླུང་ནག་འཚུབ་པ་ཞིག་ཧ་ཅང་དཀོན་པོ་ཡིན་ན་ཡང་།
ཁྱེད་དེ་རིང་བགྱི་བ་ཅི་ཞིག་གིས་ནོངས་ཏེ་ངའི་གསུང་གི་བདུད་རྩི་ཟབ་མོར་ལོངས་སུ་སྤྱོད་པར་མི་བྱེད།
དེ་ལ་སེམས་རྩེ་གཅིག་ཏུ་འཛིན་པར་མི་བྱེད། ཅེས་བཀའ་བསྩལ་པ་དང་།
བྱང་ཆུབ་སེམས་དཔའ་ཀླུ་སྨྱོན་གྱིས་ལག་གཉིས་ལག་གཉིས་ཐལ་མོ་སྦྱར་ཞིང་མིག་གཉིས་མཆི་མས་གང་ནས་འདི་སྐད་དུ།
ཀྱེ་བཅོམ་ལྡན་འདས། ཁོ་བོས་རང་གི་སྟོན་པ་ལ་མ་གུས་པ་མ་ལགས།
སྟོན་པའི་ཞལ་ལས་འོངས་པའི་གསུང་གི་བདུད་རྩི་ལ་མ་གུས་པ་མ་ལགས།
ཡིན་ཡང་ཁོ་བོ་ལྟ་བུ་སོ་སོ་སྐྱེ་བོ་ཕ་མ་ལ་ཆགས་ཤིང་ཕ་ཡུལ་ལ་བརྩེ་བ་དག་ནི། ནམ་ཞིག་རང་གི་ཕ་ཡུལ་བོད་ཁ་བ་ཅན་གྱི་ལྗོངས་དེར་གནས་པའི་སྐྱེ་འགྲོ་ཐམས་ཅད་ཀླ་ཀློའི་གདུག་རྩུབ་ཀྱིས་མནར་ཞིང་གཙེས་ཏེ་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུར་གྱུར་ཅིང་།
ས་སྟེང་གི་འགྲོ་བ་དག་ནི་སྡུག་བསྔལ་གྱིས་གཟིར། ས་འོག་གི་གཏེར་དངོས་དག་གི་ཆོམ་རྐུན་གྱིས་ཁྱེར་བའི་དུས་འདིར།
ཁོ་བོ་ཅག་གངས་ཅན་པ་དག་ནི་སེམས་ཁོང་ནི་ཆུ་བས་གྲང་ཞིང་རྡོ་ལྟར་འཁྱགས་པར་གྱུར་པ་ལགས་ན།
ཐབས་མཁས་ལ་ཐུགས་བརྩེ་བ་དང་ལྡན་པའི་བཅོམ་ལྡན་འདས་ཀྱིས་ཨ་རབ་ཁ་ཆེའི་ཡུལ་གྲུ་དུ་མར་འཇིགས་རུང་དམག་གི་འཁོར་ལོ་བསྐོར་ཏེ་དྲག་སྤྱོད་པ་སྦིན་ལ་སྒྲིན་གྱིས་གཙོས་པའི་བདུད་སྡིག་ཏོ་ལ་ལ་ནི་འཇིག་རྟེན་ཕྱི་མའི་ལྟད་མོར་མངགས།
ལ་ལ་ནི་འཆོར་མེད་བཙོན་གྱི་ཁང་པར་བཅུག
སྲིད་དབང་སྒེར་གཅོད་པ་དུ་མ་ཞིག་མཐར་སྐྲོད་བཏང་བ་ལགས་པས། བཅོམ་ལྡན་འདས་ནི་སྐྱེ་བོ་ལ་ལ་ནི་ཐུགས་ལ་བཏགས།
སྐྱེ་བ་ལ་ལ་ནི་ཡལ་བར་འདོར་བ་མི་སྲིད་པས།
གངས་ཅན་པ་དག་སྡུག་བསྔལ་གཏོས་དྲག་པོ་འདི་ལས་བསྐྱབ་ཏུ་གསོལ།
བདེ་ཆེན་རང་དབང་གི་ས་ལ་འགོད་དུ་གསོལ་ཞེས་དཔྲལ་བ་ས་ལ་བརྡབས་ཏེ་གདུང་ཤུགས་དྲག་པོའི་སྒོ་ནས་གསོལ་བ་བཏབ་པས།
འཁོར་འདུས་པ་དེའི་ནང་དུ་མཆིས་པའི་བྱང་ཆུབ་སེམས་དཔའ་ཇོན་མི་ཁེན་ཞེས་བྱ་བ་དང་།
བྱང་ཆུབ་སེམས་མ་ནན་སེ་ཕུ་ལོ་སེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དཔའ་ཞིང་འཛངས་ལ་སྙིང་རྗེ་ཆེན་པོ་དང་ལྡན་པ་དག་གིས་སྤྱན་ཆབ་ལོ་མའི་ཟིལ་བ་ལྟ་བུར་བསྙིལ་བ་དང་།
དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་སྐད་ཅིག་གིས་ཁྲོ་བོ་རང་བཙན་གཙང་མ་ཞེས་བྱ་བ་སྐུ་ལུས་ལས་བསྐལ་པ་འཇིག་པའི་མེ་སྟག་ཚ་ཚ་འཕྲོ་བ།
ཕྱག་གཡས་སུ་སྐར་ཆ་གཅིག་ལ་མདེའུ་དགུ་བརྒྱ་རེ་བར་མེད་འཕེན་པའི་གནམ་ལྕགས་ཀྱི་མཚོན་ཆ་ཆེན་པོ་ཀླ་ཀློ་མི་བསུན་དག་གིས་མཐོང་བ་ཙམ་གྱིས་སྙིང་རྩ་ནས་ཁྲག་འཛག་ཅིང་གཅིན་སྐྱག་རང་དབང་མེད་པར་དོར་མའི་ཁུག་ཏུ་ལྷུང་བར་བྱེད་པ་ཞིག་དང་།
ཕྱག་གཡོན་དུ་འཇིག་རྟེན་གྱི་གསང་བ་སྤྱི་དང་ཁྱད་པར་དུ་དགྲ་བོའི་དྲག་པོའི་དམག་ཇུས་ཡོད་ཚད་སྐད་ཅིག་མར་སྟོན་པར་བྱེད་པའི་གློག་ཀླད་གྲུ་བཞི་ཞིག་བསྣམས་པ།
འཁོར་དུ་རང་འདྲ་བའི་ཁྲོ་བོའི་དམག་དཔུང་བྱེ་བ་དགུ་བརྒྱ་ཡོད་པ་ཞིག་སྤྲོས་ཏེ།
ཀྱེ་ཁྲོ་བོའི་རྒྱལ་པོ་བཙན་རྒོལ་རྒྱལ་སྐྱོབ་ཅེས་བྱ་བ་ཁྱོད་ད་ལྟ་ཉིད་དུ་བོད་གངས་ཅན་གྱི་ཡུལ་དུ་སོངས་ལ།
ཁ་བ་ཅན་གྱི་སྐྱེ་བོ་སྐྱེ་གཟུགས་བརྗིད་ཅིང་སེམས་རྒྱ་ཡངས་པ། ལག་གཡས་སུ་འཁོར་ལོ་བསྐོར་ཞིང་ལག་གཡོན་པར་བགྲང་ཕྲེང་ཐོགས་པ།
འབུ་གྲོག་མ་ཚུན་ཆད་ཀྱི་སྲོག་གཅོད་པར་འཛེམས་པ། རང་ལས་གཞན་གཅེས་པ།
ཁྲེལ་དང་ངོ་ཚ་ལྡན་པ། བྱམས་དང་སྙིང་རྗེ་མངའ་བ་དེ་དག་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བོ་དང་།
གངས་ཅན་པའི་ཡུལ་ལྗོངས་སྟོད་ན་གངས་རི་དཀར་པོའི་གཟི་བྱིན་འབར་ཞིང་།
བར་ན་ནགས་ཀླུང་ཕྱུག་མོའི་ཚང་ཚིང་འཁྲིགས་པ།
སྨད་ན་སྤང་ལྗོངས་སྔོན་མོ་མུ་མཐའ་བྲལ་བའི་ཁྱོན་ཀུན་ཏུ་རྟ་ནོར་ལུག་གསུམ་ར་དྲེལ་བོང་གསུམ་སོགས་སྒོ་ཕྱུགས་སྣ་ཚོགས་ཅི་དགར་རྩེན་པ།
འབྲོག་རྐྱང་ཤྭ་གསུམ་སོགས་དུད་འགྲོ་སྣ་ཚོགས་རང་བྱུང་ཁམས་ཆེན་པོའི་པང་ན་གཞན་གྱི་འཚེ་བ་མེད་པར་བག་ཡངས་སུ་རྒྱུ་བ་འདི་དག་གི་ཚེ་སྲོག་ལ་བར་ཆད་རྩོམ་པའི་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཚར་ཆོད་ཅིག
དེ་དག་གི་རྒྱུད་དུ་ཤེས་རབ་དང་སྙིང་རྗེའི་སྣང་བ་དམ་པ་སྐྱེད་ཅིག ཅེས་བཀའ་བསྩལ་པ་ན།
ཁྲོ་བོའི་རྒྱལ་པོ་བཙན་རྒོལ་རྒྱལ་སྐྱོབ་འཁོར་བྱེ་བ་དགུ་བརྒྱ་བོ་དག་གིས་ཀི་ཀི་བསྭོ་བསྭོའི་ལྷ་རྒྱལ་ས་གཞི་གཡོ་ཞིང་ནམ་མཁའ་འགེང་བ་ཞིག་འཐེན་ཞིང་སྐད་ཅིག་གིས་སྤྱི་ལེ་དགུ་སྟོང་བགྲོད་པར་བྱེད་པའི་འཇིག་རྟེན་འཕུར་གྲུ་ཆེན་པོ་ལྷ་གཡག་རྟགས་ཅན་ཞིག་ལ་བསྡད་ནས་བོད་གངས་ཅན་གྱི་ཕྱོགས་སུ་གློག་འཁྱུག་པ་ལྟར་བཞུད་པར་གྱུར་ཏོ།།
དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀླུ་སྨྱོན་དང་།
བྱང་ཆུབ་སེམས་དཔའ་ཆེན་པོ་ཇོན་མི་ཁེན་ཞེས་བྱ་བ་དང་། བྱང་ཆུབ་སེམས་མ་ཆེན་མོ་ནན་སེ་ཕུ་ལོ་སེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་སེམས་མའི་ཚོགས་དེ་དག་དང་།
ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཐམས་ཅད་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཅིང་།
དུས་རབས་གསར་པ་དང་མཐུན་པར་བཅོམ་ལྡན་འདས་ལ་ལག་འཇུ་རེ་རེ་བྱས་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་བོད་གངས་ཅན་པའི་ལུགས་སྲོལ་བཞིན་ཁ་བའི་མདངས་དང་ལྡན་པའི་ཁ་བཏགས་དཀར་པོ་དྲི་མ་མེད་པ་རེ་རེ་འཁོར་དེ་དག་གི་མགུལ་བར་བསྐོན་རྗེས།
བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་བྱ་བའི་ཏིང་ངེ་འཛིན་གཞན་ཞིག་ལ་བཞུགས་པར་གྱུར་ཏོ།།
Subscribe to:
Post Comments
(Atom)
0 བསམ་ཚུལ་འདོན་པ།:
Post a Comment