ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Wednesday 6 April 2011


ལག་མགོའི་ཆུ་ཚོད་ཀྱིས་ཅོང་བརྡ་ཚར་དགུ་བསྒྲགས་ཟིན་ཀྱང་།
ཁོ་བོ་ད་དུང་རྒུན་ཆང་དམར་པོ་ཕོར་བ་གང་གི་ཁ་གཏད་དུ་འགྲེང་སྟེ་བསྡད་ཡོད།
འཐུང་ངམ་མི་འཐུང་།
འདི་ནི་ཆེས་ཐག་གཅོད་དཀའ་བའི་གདམ་ཀ་ཞིག་རེད་ཨང་།
གནའ་བོའི་སྙན་ངག་པ་ཞིག་གིས་འདི་སྐད་དུ།
ཆང་འདི་དང་པོས་མ་བཟི།
ཆང་འདི་གཉིས་པས་མ་བཟི།
ཆུང་འདྲིས་བྱམས་པས་ཞུས་པའི།
ཞལ་དཀར་གང་གིས་བཟི་སོང་།
ཕྱི་རོལ་ཏུ་གློག་དམར་འཁྱུག་ཅིང་འབྲུག་སྒྲ་ལྡིར།
ལྗོན་ཤིང་གི་རྩེ་རུ་འདབ་ཆགས་དག་གིས་སྐྱོ་ངག་འབྱིན་བཞིན་ཡོད་ངེས།
གཤོག་པ་ཡོད་མེད་ཀྱི་ཁྱད་པར་ཙམ་ལས་ཁོ་བོ་ཡང་འདབ་ཆགས་ལས་ངན་ཞིག་སྟེ།
འཕུར་འདོད་ཡོད་ཀྱང་འཕུར་ཐབས་མེད་པར་ལུས་བསྡད་ཡོད་ཨང་།
ལྕེ་སྟེང་དུ་མཆིལ་མ་དྲོན་མོ་ཞིག་འཁྱིལ་ཡོང་།
སེམས་གཏིང་ལ་ཟ་འཕྲུག་དྲག་པོ་ཞིག་ལངས་སོང་།
རྒུན་ཆང་དམར་པོ་ཡ།
ཆེས་མཐའ་མཇུག་མིན་པའི་ཟུངས་ཁྲག་གི་བཞུར་རྒྱུན་ཞིག་གི་རེ་བ་བཅོལ་ཡོད།
གལ་སྲིད་ཀྱི་ཁྱོད་ཀྱི་ཐིགས་པ་རེ་རེ་བཞིན་ངའི་རྩ་ལམ་དུ་བརྒྱུགས་ཚེ།
ངའི་རྣམ་ཤེས་རབ་རིབ་དང་ལག་པ་འདར་འདར་མི་ཆགས་པའི་ངེས་པ་མེད་ལ།
གལ་སྲིད་ཁྱོད་ཀྱི་བཟི་ཁ་རེ་རེ་བཞིན་ངའི་སྙིང་གསེང་དུ་ཁྱབ་ཚེ།
ངའི་མིག་ཟུང་ཟམ་ཟུམ་དང་རྐང་པ་འཁྱར་འཁྱོར་མི་བྱེད་པའི་རང་དབང་མེད་པས།
ཅོག་ཅེའི་སྟེང་གི་དགུན་ཆང་དམར་པོ་ཕོར་བ་གང་འདི།
ཧུབ་ཐེངས་གཅིག་གིས་ཞབ་བཏེགས་རྒྱག་དགོས་སོང་།
མུན་ནག་ལྟ་བུའི་སྐྱོ་གདུང་གི་ཁྲོད་དུ།
མེ་ལྕེ་འདྲ་བའི་རྒུན་ཆང་དམར་པོ་འདི།
རླུང་འཚུབ་དང་འདྲ་བའི་དབུགས་རིང་ཞིག་གིས་ལྕིབས་དུས།
མིག་མཐའ་ཡང་བརླན་སིལ་སིལ།
སེམས་ཁོང་ཡང་འཁྱག་སིབ་སིབ།
རྒུན་ཆང་འདིས་ང་ལ་ཕྱིར་དྲན་གྲངས་མེད་ཅིག་བྱིན་པའི་ཁྲོད་ཀྱི་གཅིག་སྟེ།
ནམ་ཡང་ཕྱིར་ལོག་མེད་པའི་ལང་ཚོའི་ཆུ་འགྲམ་དེ་རུ།
རྣམ་ཤེས་འཁྱམ་པོ་ལྟ་བུའི་བྱིས་དུས་ཀྱི་རྩེད་ར་ཆུང་ཆུང་ཞིག་ཡོད་ཅིང་།
དེ་རུ་ཆུང་འདྲིས་བྱམས་པ་དང་མོའི་རྐང་རྗེས་དག
ད་དུང་རལ་བརྡོལ་དུ་གྱུར་པའི་མགོ་རས་ཁྲ་ཁྲ་ཞིག
མིག་ཟུང་ཕྱེས་དུས།
ཆང་ཁང་ཞིག་གི་སྒོ་བྱང་རླུང་བུས་སྐྱོད་བཞིན་འདུག་ལ།
ཁེར་རྐྱང་གི་སྐྱོ་གདུང་ལྕི་བའི་མི་རྣམས་དེའི་ཕྱོགས་སུ་སྙེག་བཞིན་མཆིས།
རྒུན་ཆང་དམར་པོའི་ཐིགས་པ་རེ་རེ་བཞིན་ཞིང་གྲོང་གི་ངལ་རྩོལ་བའི་རྔུལ་ཆུ་ལས་གྲུབ་པས། 
འདིའི་ཐིགས་པ་རེ་རེའི་ངོས་སུ་གསེར་མདོག་གི་ཉི་འོད་དྲོན་པོ་འཛད་མེད་ཅིག་འཁྱུག་མྱོང་ལ། 
འདིའི་གཏིང་མཐའ་རེ་རེ་ན་བརྩེ་དུང་གི་གླུ་དབྱངས་གང་མང་ཞིག་ཀྱང་བསྐུངས་བསྡད་ཡོད་ཨང་།
དེ་ལྟ་བུའི་འཆར་ཡན་རྫོགས་མེད་ཅིག་གིས་བསླུས་ཏེ། 
དོ་དགོང་ངས་རྒུན་ཆང་དམར་པོ་འདི་འཐུང་དགོས་སོང་། 
དོ་དགོང་ངས་ཚོར་བ་སྐྱིད་པོ་འདི་བརྗོད་དགོས་སོང་། 
དགོངས་པ་མ་ཚོམས། 
ང་བཟི་མེད། 
ང་དངོས་གནས་བཟི་མེད། 



2 comments:

  1. ངས་ཀྱང་དགུན་ཆང་ཞིག་འཐུང་བཞིན་བཀླགས་ཚེ་སོང་།
    སེམས་དེ་ཡང་ཁྱོད་དང་འདྲ་མཚུངས་རེད།
    དྲན་མི་མི་འདོད་པ་མང་པོ་ཞིག་དྲན་སོས་བྱུང་།
    དྲན་མི་དགོས་པ་མང་པོ་ཞིག་ཀྱང་དྲན་སོས་བྱུང་།
    མིག་ཆུ་རྡོག་པོ་རེ་མར་ལྷུང་གྲབ་འདུག་པ་བཙན་གྱི་ཕྱིར་ཁུང་དུ་མིད་པ་ཡིན།
    བིས་དུས་དང་གཞོན་དང་། ད་དུང་རྒས་དུས་སོགས་གཟུགས་བརྙན་དུ་མིག་ལ་དྲངས་སོང་།
    སྐྱོ་སོང་། སྐྱོ་སོང་། སྐྱོ་སོང་།
    ད་ནི་ཅི་ཡང་མེད་པའི་གནས་ཤིག་ཏུ་སོང་ན་སྙམ།
    རང་ལུས་རང་གིས་བསྲེག་པའི་ཡུལ་གྲུ་འདི་ནས།
    རང་ཁྱིམ་རང་གི་གཏོར་བའི་ཡུལ་གྲུ་འདི་ནས།
    རང་རིགས་རང་གིས་གསོད་པའི་ཡུལ་གྲུ་འདི་ནས།
    རང་སྤུན་མི་རང་གིས་བཅོལ་པའི་ཡུལ་གྲུ་འདི་ནས།
    གཏན་དུ་བུད་སོང་ན།
    གང་དུ་འགྲོ་དགོས་སམ

    ཡོད་ཚད་དགུན་ཆང་འདིས་ལན་པ་ཡིན་ནམ།
    ཡང་ན་རང་གི་འདས་སོང་དེས་མནར་བ་རེད།
    ཞགས་བཏེགས་ཤིག་བཀྱགས་རྗེས་མིག་ཀྱང་བཙུམ་སོང་ན་སྙམ།
    རབ་རིབ་ཀྱི་མིག་འདིས་ཀྱང་ཅི་ཡང་མ་མཐོང་ན།
    རྣ་ཅོག་ལེན་མོ་འདིས་ཀྱང་ཅི་ཡང་མ་གོ་ན།
    མཐོང་མི་འདོད་ལ་ཐོས་མི་འདོད་པ་དག་དང་གཏན་དུ་བྲལ་སོང་ན།
    ཨ་ཨ་་་་་་་་་་་་ཅི་འདྲའི་སེམས་ལྷོད་ལྷོད་ཅིག་དང་།
    ལུས་དལ་དལ་ཞིག་ཡིན་ནམ།
    "མ་བྱས་མི་ཁ་སྡང་བ།།
    ང་དང་ཕོ་རོག་ནག་ཆུང་།།
    བྱས་ཀྱང་མི་ཁ་མི་འདུག།
    ཁོང་དང་རྒྱ་ཕྲ་ཧོར་པ"

    ReplyDelete
  2. ངེད་གཉིས་མཉམ་བཟི་བྱེད་ཡ། ཡིན་ན་ཡང་ང་བཟི་མེད།

    ReplyDelete