ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Friday 13 January 2012



—<ནགས་ཚང་ཞི་ལིའི་སྐྱིད་སྡུག>བཀླགས་རྗེས།
སྤྱི་ལོ་༢༠༠༧ལོའི་རང་རེའི་རྩོམ་རིག་སྤྱི་ཚོགས་ཁྲོད་ཀྱི་གླེང་གཞི་ཆེན་པོ་གཉིས་ནི་<ནགས་ཚང་ཞི་ལིའི་སྐྱིད་སྡུག>་དང་<ང་ཚོ་སད་རན>་ ཞེས་པའི་དཔེ་དེབ་འདི་གཉིས་རེད། ཡུན་རིང་གི་རེ་སྒུག་ཅིག་གི་རྗེས་སུ་ནུ་བོ་བརྒྱུད་དཔེ་དེབ་འདི་གཉིས་ཨ་མེ་རི་ ཁའི་ནུབ་མཐའ་ཞིག་ནས་ཉི་མ་གཅིག་གི་ནང་དུ་ལག་སོན་བྱུང་བ་ནི་ཇི་འདྲའི་དགའ་འོས་ པ་ཞིག་རེད། དེ་བས་སྤྱང་ལྟོགས་ལུག་ཤར་ཕྲད་པས་མཚོན་དུ་མེད་པའི་དགའ་སྤྲོ་དང་བཅས་དེབ་འདི་ གཉིས་རིམ་བཞིན་ཀློག་པའི་སྦྱོར་བ་ལ་ཞུགས། འདོད་ཡོན་སྤྱད་པས་མི་ངོམས་ཞེས་པ་ནི་བདེན་པར་གྲུབ་སྟེ། ངས་དང་པོར་ནགས་ཚང་ཞི་ལིའི་སྐྱིད་སྡུག་ཀློག་གིན་ཀློག་གིན་ཕྱི་དྲོའི་ཆུ་ཚོད་ དགུ་པ་ནས་ནམ་སྨད་ཆུ་ཚོད་བཞི་པ་ལ་ཇི་ལྟར་བྱས་ནས་བསླེབས་པ་མི་ཤེས་པའི་ངང་ཤོག་ ལྡེབ་བཞི་བརྒྱ་བརྒལ་པའི་དེབ་འདི་ཡོངས་སུ་བཀླགས་ཚར་སོང་། དེ་ཡང་གཉིད་མ་སད་དུ་བཀླགས་པ་མ་ཡིན་པར་ནགས་ཚང་ཞི་ལི་ངེད་གཉིས་མཉམ་འགྲོག་གིས་ ཐོག་ཆར་གློག་དམར་ཁྲོད་ནས་མཉམ་དུ་སྐྱེས་ཤིང་མ་ཤི་དྭ་ཕྲུག་གི་སྡུག་བསྔལ་དང་ དབེན་དགོན་གྱི་འཚོ་བ། ལུག་རྫི་ནོར་རྫི་དང་ལྷ་སའི་འགྲུལ་བཞུད། དམར་པོའི་འཇིགས་སྐུལ་དང་བཙན་རྒོལ་དམག་འཁྲུག ཕ་བུ་ཤི་བྲལ་དང་བྱིས་པའི་བཙོན་སྡུག་སོགས་སྐྱིད་སྡུག་མཉམ་མྱོང་བྱས་པས། ནགས་ཚང་ཞི་ལི་ནི་གཏམ་རྒྱུད་འདིའི་ནང་དུ་བརྗོད་ཟིན་པ་བཞིན་སྡུག་ཀྱང་འཆི་མ་ མི་འདོན་པའི་བུ་རྒོད་ཡ་མེད་ཅིག་ཡིན་པ་དངོས་ཡོད་ཡིན་ན་ཡང་། ང་ལ་ཅི་ཞིག་བྱུང་བ་རེད། དེབ་འདི་བཀླགས་པའི་མགོ་ནས་མཇུག་བར་ལོ་རྒན་སུམ་ཅུ་ཚར་ལ་ཉེ་བའི་མི་ཞིག་མི་ རྒན་ཞིག་དང་མི་འདྲ་བར་བྱིས་པ་ལོ་གསུམ་བཞི་ཅན་ཞིག་དང་མཚུངས་པར་མིག་ནས་མཆི་མ་ ཐར་ར་ར་འབབ་བཞིན་ཡོད་པ་མིན་ནམ།


མི་ཚེའི་ལོ་རྒྱུས་འདི་བཀླགས་ཀྱིན་བཀླགས་ཀྱིན་ངའི་ཚོར་སྣང་ཞིག་ལ་ངས་ལག་ཏུ་<ནགས་ཚང་ཞི་ལིའི་སྐྱིད་སྡུག>་ ཅེས་པའི་དཔེ་དེབ་ཅིག་བཟུང་ནས་བསྡད་མེད་ལ། ནགས་ཚང་ཞི་ལི་ཁོ་ཡང་ཞི་བདེ་རྒྱ་མཚོའི་ཕར་རོལ་ཀྱི་བོད་ཤར་ཕྱོགས་ཨ་མདོའི་ལུང་ པ་ཞིག་ཏུ་བསྡད་མེད་པར། རྩོམ་པ་པོ་ཁོ་རང་ངའི་ཉལ་ཁང་ཆུང་ཆུང་འདིའི་ནང་དུ་ཡོང་ནས་ང་དང་ཁ་གཏད་དུ་བསྡད་ དེ་ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོས་དོན་གྲུབ་རྒྱལ་ལ་རང་གི་གཏམ་རྒྱུད་བཤད་པ་ཅི་ བཞིན་དུ། གདོང་གིས་ཉམས་འགྱུར་དང་ལག་པས་ཕྱག་རྒྱ། ཁ་ཡིས་ཚུགས་ཀ་དང་ལག་གིས་སྟངས་སྟབས་སྒྱུར་བཞིན་ང་ལ་ཁོང་གི་མི་ཚེའི་བྱུང་བ་ འདི་འཆད་བཞིན་པའི་སྣང་བ་ཞིག་བཅོས་མིན་དུ་སྐྱེས་ཡོང་། ང་ཚོས་དུས་ཚོད་ཀྱི་དགོས་མཁོ་དང་བསྟུན་ནས་ནགས་ཚང་ཞི་ལིའི་མི་ཚེ་ཧྲིལ་བོའི་ སྐྱིད་སྡུག་དེ་ཁོ་རང་མ་སྐྱེས་གོང་གི་ཐོག་ཆར་གློག་དམར་དང་སྐྱེས་མ་ཐག་ནས་མགོ་ བཙུགས་པའི་ངུ་སྐད་རིང་མོ་དེས་བསྟན་ཚར་འདུག་ཅེས་བརྗོད་ཐུབ་ལ། ཁོང་གི་ཨ་མས་རང་ཉིད་ལ་ཚེ་ལྷག་ཅང་མེད་པ་ཤེས་པ་དང་ཨ་ཁུ་རི་ཁྲོད་པའི་གསང་བའི་ སྐད་ཆ། གཅོད་པའི་རྔ་ཆུང་དབྲལ་བའི་མཇུག་འབྲས། དབུས་ལམ་གྱི་འགྲུལ་བཞུད་རིང་མོ་དང་ཁོའི་ཨ་ཕས་ཕ་ཡུལ་གྱི་རི་ཆུ་ལ་བཅངས་པའི་ བརྩེ་སེམས་སོགས་ལས་གསང་བ་ལྐོག་གྱུར་དང་མངོན་སུམ་དངོས་ཡོད་བར་གྱི་གཙུབ་བརྡར་ མཐོང་ཐུབ་ལ། འདི་དག་གིས་རྩོམ་པ་པོའི་ཁ་ཕྱོགས་ལ་ནམ་ཡང་འགྱུར་མེད་རྟག་བརྟན་གྱི་ཐམ་ཀ་ཞིག་ ཀྱང་བཏབ་ཚར་འདུག་ཅེས་བརྗོད་ཆོག་པར་སྙམ།
ངས་ནགས་ཚང་གི་མི་ཚེའི་ལོ་ རྒྱུས་དེབ་འདི་དབུགས་ཐེངས་གཅིག་གིས་བཀླགས་རྗེས་ཉིན་གཉིས་པ་དེའི་སྐྱ་རེངས་ འཆར་ལ་ཉེ་ཡང་། ང་ལ་མཚོན་ན་མིག་གི་མཐའ་རུ་གཉིད་འབབ་རྒྱུའི་ཚབ་ཏུ་དེ་ནི་བདེ་འཇམ་གྱི་མལ་དུ་ ཉལ་ནས་འདུག་རྒྱུའི་དུས་ཚོད་ཅིག་མིན་པ་དེ་ཤེས་དགོས་པའི་ཚད་དུ་བསླེབས་བྱུང་། ངས་རང་དབང་མེད་པར་ཕྱིར་འདང་ཞིག་རྒྱག་དགོས་ཤིག་བྱུང་སོང་། ང་རང་གིས་ད་ལྟ་བར་དུ་ངོ་ཚ་རྒྱབ་ལ་གཡུགས་ནས་རྩོམ་དེབ་བཅུ་གྲངས་ཤིག་བྲིས་པ་ དེ་ཚོ་དང་། ང་དང་འདྲ་བར་དེབ་ཀྱི་གྲངས་ཀ་མ་གཏོགས་སྤུས་ཀ་ལ་སེམས་ཁུར་མི་བྱེད་པའི་སྨྱུག་ ཐོགས་པ་སྙིང་ཁམས་གདོན་གྱིས་བརླམས་པ་དག་གི་རྐང་རྗེས་ལ་ལྟ་ཙམ་དང་། ཡང་ནགས་ཚང་གི་ལོ་རྒྱུས་འདིའི་རིན་གོང་ཞིག་གཏན་ལ་འབེབ་རྒྱུའི་དུས་ཚོད་ལ་ བསླེབས་འདུག་ཨང་། ང་དང་ང་འདྲ་བ་དག་གིས་ད་ལྟ་བར་དུ་ཚིག་འཇིགས་པོ་དང་དོན་རབ་རིབ་ཏུ་བྲིས་པ་དག་ དང་། ནགས་ཚང་བས་ཁོ་རང་གི་ཡུལ་སྐད་སྤྱད་དེ་བྲིས་པའི་གཏམ་རྒྱུད་འདི་གཉིས་ཀྱི་ལྗིད་ ཚད་ལ་བསམས་ན། སུས་རང་གི་མི་རིགས་ལ་སེམས་ཁུར་དང་རང་ཉིད་ལ་གདེང་འཇོག་བྱས་པ་ཙམ་མ་ཡིན་པར། སུ་ཞིག་ངོ་གནོང་མི་དགོས་པའི་བོད་ཀྱི་རྩོམ་པ་པོ་རུ་བཞག་ཆོག་པ་དེ་ནི་ངའི་སྣང་ ངོ་རུ་བརྟན་ཅིང་བརླིངས་པའི་བདེན་དོན་གྱི་རྡོ་རིང་དེ་རེད།
ནགས་ཚང་ཕ་བུ་གཉིས་ཐེ་བའི་ གནས་མཇལ་རུ་ཁག་དེས་དབུས་ལམ་ནས་མཐོང་བའི་ལུས་སྨད་སྤྱང་ཀིས་ཟོས་པའི་ཨ་མ་དེའི་ སྣང་བརྙན་གཅིག་པོས་ཀྱང་གཏམ་རྒྱུད་འདི་ལ་ནམ་ཡང་མི་ནུབ་པའི་གཟི་འོད་ཅིག་བསྣན་ འདུག དེ་བཞིན་འཇིགས་སུ་རུང་བའི་ས་དོང་བཙོན་ཁང་གི་སྐོར་གྱི་ཡིག་ཕྲེང་དེ་ཚོས་ཀྱང་ རང་རེའི་ཁྲག་གིས་འཚོས་པའི་ལོ་རྒྱུས་དེ་ནམ་ཡང་བསུབ་ཐབས་མེད་པའི་དུས་རབས་ཀྱི་ གཅོང་རོང་དུ་བསྐལ་པ་མ་སྟོང་བར་དུ་འགྲེམ་སྟོན་བྱེད་རྒྱུར་བཞག་འདུག
རང་ཅག་གིས་རྩོམ་པ་པོ་ཞིག་ གི་མ་མཐའི་ཚད་གཞི་དེ་ནི་དྲང་བདེན་གྱི་སྐད་ཆ་བཤད་ཕོད་པ་ཞིག་དགོས་ཟེར་བཞིན་ ཡོད་ན་ཡང་། ད་ལྟ་བར་དུ་བོད་རིགས་རྩོམ་པ་པོ་སུ་ཞིག་གིས་རང་ཉིད་བློས་བཏང་སྟེ་དྲང་བདེན་ གྱི་སྐད་ཆ་བཤད་མྱོང་། བོད་རིགས་ཡིན་པའི་དོན་གྲུབ་དབང་འབུམ་དང་འཇམ་དཔལ་རྒྱ་མཚོ་གཉིས་ཀྱིས་བརྗོད་མ་ མྱོང་ལ། བོད་སོག་འདྲེས་མའི་ལྗང་བུ་དང་ཚེ་རིང་དོན་གྲུབ་གཉིས་ཀྱིས་ཀྱང་བརྗོད་མ་མྱོང་། གཤེགས་སྔ་བའི་དོན་གྲུབ་རྒྱལ་གྱིས་བརྗོད་མ་མྱོང་ལ་འཆི་འོས་པའི་འབྲོང་བུ་ཚེ་ རྡོར་གྱིས་ཀྱང་བརྗོད་མྱོང་མེད། འདི་འདྲའི་རྩོམ་མཁན་ཆེན་པོ་དག་གིས་བརྗོད་མི་སྲིད་པའམ་བརྗོད་མི་ནུས་པའི་ཁྲག་ གིས་འཚོས་པའི་ལོ་རྒྱུས་ཤིག་དེ་རིང་ནགས་ཚང་ཞི་ལིས་ཐེ་ཚོམ་དང་འཇིགས་སྣང་སྤུ་ ཙམ་མེད་པར་ཤར་མར་བརྗོད་བྱུང་ཨང་། ཉེས་པ་སྤུ་ཙམ་མེད་པའི་བོད་རིགས་ཕོ་མོ་རྒན་གཞོན་འབུམ་ཕྲག་ཁ་ཤས་དམར་པོ་ཁྲག་ གི་ཐང་ཆེན་དུ་བསྙལ་བའི་གཏམ་རྒྱུད་ཅིག་དེ་རིང་ངེས་པ་དོན་གྱི་མི་བུ་སྒལ་ཚིགས་ ཅན་ཞིག་སྟེ། རྨ་ཆུའི་བུ་རྒོད་ནགས་ཚང་ཞི་ལི་འདིས་བརྗོད་བྱུང་ཨང་། ད་ནི་རང་ཉིད་མི་བུ་དང་སྒལ་ཚིགས་ཅན་དུ་འབོད་པའི་སྨྱུག་ཐོགས་པ་ཚོས་ཀྱང་ནགས་ ཚང་བས་བསྟན་པའི་ལམ་ཁ་འདི་ནས་དམར་པོ་ཁྲག་གི་གཏམ་རྒྱུད་འདི་འདྲ་རེ་འབྲི་བའི་ སྟ་གོན་བྱས་ན་མི་ལེགས་སམ།
ངས་གོང་དུ་བོད་རིགས་རྩོམ་ པ་པོ་ཁ་ཤས་ཀྱི་མིང་སྨྲོས་ཏེ་ཁོ་ཚོའི་ཁྲོད་ཀྱི་སུ་ཞིག་གིས་ཀྱང་བོད་མི་རིགས་ འདིའི་ལས་དབང་ལྷུག་པོར་བརྗོད་མི་ནུས་ཚུལ་བསྙད་པ་ལ་ཡི་མི་རིང་མཁན་ཡོད་སྲིད་ ཀྱང་། ང་ཚོས་ག་ལེར་ཁོ་ཚོས་བྲིས་པའི་རྩོམ་ཡིག་རེ་རེ་ཞིབ་བཀླགས་བྱས་ཚེ་གནད་དོན་ འདིའི་ངོ་གདོང་རྗེན་པར་མཐོང་ཐུབ། དཔེར་ན་འཇམ་དཔལ་རྒྱ་མཚོའི་བརྩམས་སྒྲུང་གྲགས་ཅན་དུ་བགྲངས་པའི་<སྐལ་བཟང་མེ་ཏོག>་ ལྟ་བུའི་ནང་དུ། བཅིང་འགྲོལ་དམག་མི་བཟང་རབ་བརྒྱན་རབ་དང་ལོག་སྤྱོད་ཤོག་ཁག་ངན་རབ་སྡུག་རབ་ བརྗོད་པ་མ་གཏོགས། སྐབས་དེའི་མེ་སྒྱོགས་དང་དུད་ཞགས་ཀྱི་ཁྲོད་དུ་བོད་ཀྱི་ཆོས་དང་རིག་གཞུང་གི་ ལྟེ་གནས་སུ་གྱུར་པའི་དགོན་སྡེ་ཅི་ཙམ་ཞིག་ཤུལ་མེད་དུ་བཏང་བའི་སྐོར་ཚིག་གཅིག་ ཀྱང་བྲིས་མེད་ལ། བོད་ཞི་བའི་བཅིང་འགྲོལ་གཏོང་སྐབས་དང་རིག་གནས་གནས་བརྗེའི་སྐབས་ཀྱི་དངོས་ཡོད་ གནས་ཚུལ་འབྲི་བའི་སྤོབས་པ་མེད་པར། ཕྱོགས་གཅིག་ཁོ་ན་འབྲི་བའི་རྩོམ་པ་པོ་ཞིག་བྱས་ཚེ། རྩོམ་པ་པོས་མི་དམངས་ལ་ཞབས་འདེག་ཞུ་ཟེར་བ་དང་རྩོམ་ཡིག་གིས་མི་དམངས་ཀྱི་འཚོ་ བ་དངོས་མཚོན་པ་ཞེས་པ་སོགས་ནི་སྐྱག་རྫུན་གྱི་ཕུང་པོ་འབའ་ཞིག་ཏུ་གྱུར་པ་མ་ ཡིན་ནམ།
གལ་སྲིད་ང་ཚོས་<སྐལ་བཟང་མེ་ཏོག>་དང་<ནགས་ཚང་ཞི་ལིའི་སྐྱིད་སྡུག>་གཉིས་གཤིབས་ནས་བཀླགས་པ་ཡིན་ན། <སྐལ་བཟང་མེ་ཏོག>་ གི་ནང་ནས་ནགས་ཚང་བས་བྲིས་པའི་ཁོའི་ཕ་རྒན་ལ་དགོན་པའི་དགེ་བསྐོས་ཀྱིས་ལྕག་ཚན་ གཞུས་པའི་སྐོར་དང་། མཐོ་རིམ་མི་སྣའི་བྱ་སྤྱོད་ངན་པའི་སྐོར་དེ་ཙམ་ཞིག་མ་གཏོགས། གོང་དུ་བརྗོད་ཟིན་ཅིང་ལོ་རྒྱུས་ཀྱི་དོན་དངོས་ཡིན་པའི་བཅིང་འགྲོལ་དམག་མིས་ བོད་མི་ཁྲི་ཕྲག་མང་པོ་ཞིག་ཕོ་མོ་རྒན་བྱིས་མེད་པར་སྡེབས་གསོད་བྱས་པའི་སྐོར་ ཚིག་གཅིག་ཀྱང་རྙེད་རྒྱུ་མེད། དེ་བཞིན་གལ་སྲིད་བཅིང་འགྲོལ་དམག་མིར་ཁ་གཏད་དེ་མེ་མདའ་རྒྱག་མཁན་ཞིག་ཡིན་ ཕྱིན་མི་དེ་བཙན་རྒྱལ་རིང་ལུགས་པའི་རྒྱུགས་ཁྱི་དང་ལོག་སྤྱོད་པའི་ཞྭ་མོ་ཆེན་ པོ་རེ་གཡོགས་ཡོད་ལ། རང་གི་ཕ་མ་ཕུ་ནུ་ཡོད་ཚད་ཕ་རོལ་པོའི་ལག་ཏུ་རྩིས་སྤྲོད་བྱེད་མཁན་ཞིག་ཡིན་ཚེ་ དེ་ལ་རྒྱལ་གཅེས་པའི་མཚན་སྙན་སྤྲས་ཡོད་པས། སྐུ་ཞབས་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་རྩོམ་པ་པོ་ཆེན་པོའི་མཚན་སྙན་ཁུར་ཏེ་བོད་ མི་རིགས་ལ་ཕན་ཐོགས་ཡོད་པའི་ལས་ཀ་ཅི་ཞིག་བསྒྲུབས་ཡོད་དམ་ཞེས་ང་ཚོས་ཁོའི་མི་ ཚེའི་ལོ་རྒྱུས་ལ་དྲི་བ་འདོན་དགོས་ཤིང་། ངས་འདིར་འཇམ་དཔལ་རྒྱ་མཚོ་ལགས་དང་ཁོའི་སྐལ་བཟང་མེ་ཏོག་གཉིས་དམིགས་སུ་བཟུང་ སྟེ་བརྗོད་དགོས་དོན་ནི། ཁོ་རང་སྐབས་དེའི་བོད་བསྐྱོད་དམག་མིའི་གྲས་སུ་ཡོད་ཅིང་། སྐལ་བཟང་མེ་ཏོག་ནི་སྐབས་དེའི་དངོས་ཡོད་གནས་ཚུལ་མཚོན་པའི་བརྩམས་སྒྲུང་ཡིན་ ཟེར་གྱིན་ཡོད་པས་ཡིན། ངའི་བསམ་པར་ད་ལྟ་ཀློག་པ་པོ་མང་པོ་ཞིག་གིས་ནགས་ཚང་ནུས་བློ་དང་འཇམ་དཔལ་རྒྱ་ མཚོ་གཉིས་སྐབས་དེའི་དམག་པོ་ཁྲག་གི་ལོ་རྒྱུས་བརྒྱུད་མྱོང་བའི་མི་སྣ་ཡིན་པ་ འདྲ་ན་ཡང་། སུ་ཞིག་གིས་ལོ་རྒྱུས་ལ་འགན་ཁུར་ཡོད་པ་དང་སུ་ཞིག་གིས་རང་གི་མི་རིགས་ཀྱི་ཆེད་ དུ་དྲང་བདེན་གྱི་སྐད་ཆ་བཤད་ཕོད་པའི་སྐོར་ལ་བསམ་གཞིག་རེ་གནང་མགོ་འཛུག་གི་ ཡོད་ཀྱི་རེད་སྙམ།

0 བསམ་ཚུལ་འདོན་པ།:

Post a Comment