ཟིན་བྲིས་ཀྱི་སྡེ་ཚན
ཚོལ་གཤེར
དྲ་ངོས་བཀླགས་གྲངས།
བཀླགས་གྲངས་མང་ཤོས
-
ཆུ་མོ་གངྒྰ་ཤག་ཤག་རྒྱུ་བའི་དུས། ། སྟོན་ལོ་སེར་པོ་ལྷབ་ལྷུབ་འཕུར་བའི་དུས། ། གནམ་སྔོན་སྤྲིན་པ་རླུང་གིས་གཡོ་བའི་དུས། ། བ་གླང་ཁྱུ་ཞིག...
-
སྟོན་པ། ངའི་གཟན་སྣེ་མེ་རུ་འབར་སོང་། ཁྱོད་འཇིག་རྟེན་དུ་བཞུགས་དུས། གྲྭ་པ་རེ་རེའི་གཟན་སྣེ་རུ་ཞི་བདེའི་རླུང...
-
མདང་དགོང་རྨི་ལམ་ཟ་ཟི་མང་ ཡང་ཁྱད་མཚར་བོ་ཞིག་ནི་དགོན་ཆེན་ཞིག་ས་འོག་ཏུ་ནུབ་བསྡད་ཡོད་ཅིང་། དགོན་བདག་བླ་མའི་ཞལ་རས་ལ་སྐྱོ་གཉེར་དགུ་བརྩེགས་ཤིག་བ...
-
ཨ་ རིར་ འབྱོར་ ནས་ ལོ་ མང་ སོང་ བ་ དང་ ། ། ཕན་ མི་ ཐོགས་ པའི་ ངོ་ ཤེས་ འགའ་ ཡང་ ཡོད། ། ད་ ནི་ སྒྲོ་ ལོར་ ལྗང་ ཁུ་ གསོག་ དུས་ འདིར། ། སོ...
-
མདང་དགོང་རྨི་ལམ་ཅུང་ཟད་ ཉུང་ཞིང་ད་ལྟ་དྲན་ཡུལ་དུ་གཅིག་ཀྱང་མི་འདུག ཆུ་ཚོད་བརྒྱད་པ་ཙམ་ལ་གཉིད་ལས་སད་བྱུང་། ཁྲུས་ཁང་གི་སྒེའུ་ཁུང་ལས་མཁའ་དབྱིང...
ཡིག་ཚགས
-
►
2012
(39)
- 09/23 - 09/30 (1)
- 07/22 - 07/29 (1)
- 07/01 - 07/08 (1)
- 06/24 - 07/01 (1)
- 06/17 - 06/24 (1)
- 06/10 - 06/17 (1)
- 06/03 - 06/10 (1)
- 05/27 - 06/03 (2)
- 05/20 - 05/27 (2)
- 05/13 - 05/20 (1)
- 04/29 - 05/06 (3)
- 04/22 - 04/29 (2)
- 04/01 - 04/08 (3)
- 03/18 - 03/25 (2)
- 03/11 - 03/18 (3)
- 03/04 - 03/11 (1)
- 02/05 - 02/12 (1)
- 01/29 - 02/05 (2)
- 01/22 - 01/29 (3)
- 01/15 - 01/22 (2)
- 01/08 - 01/15 (3)
- 01/01 - 01/08 (2)
-
▼
2011
(94)
- 12/25 - 01/01 (2)
- 12/18 - 12/25 (5)
- 12/11 - 12/18 (3)
- 12/04 - 12/11 (3)
- 11/20 - 11/27 (1)
- 11/13 - 11/20 (3)
- 11/06 - 11/13 (3)
- 10/30 - 11/06 (6)
- 10/23 - 10/30 (6)
- 10/16 - 10/23 (7)
- 10/09 - 10/16 (8)
- 10/02 - 10/09 (6)
- 09/25 - 10/02 (3)
- 09/18 - 09/25 (1)
- 09/11 - 09/18 (1)
- 09/04 - 09/11 (2)
- 08/28 - 09/04 (2)
- 07/24 - 07/31 (1)
- 06/26 - 07/03 (1)
- 06/12 - 06/19 (1)
- 06/05 - 06/12 (1)
- 05/29 - 06/05 (1)
- 05/22 - 05/29 (2)
- 04/10 - 04/17 (2)
- 04/03 - 04/10 (3)
- 03/27 - 04/03 (4)
- 03/20 - 03/27 (2)
- 03/13 - 03/20 (3)
- 03/06 - 03/13 (8)
- 02/27 - 03/06 (1)
- 02/20 - 02/27 (2)
རྟག་བརྟན་གྱི་སྙན་ཚིག
—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །
མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །
མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.
About Me
- སྨྱོན་པའི་འཇིག་རྟེན།
- མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Tuesday, 14 June 2011
ཆུང་ཆུང་བྱིས་པ་ཡིན་དུས་ནས་བཟུང་སྟེ།
ངས་ཇི་སྲིད་བར་དུ་སྐར་ཚོགས་ཀྱི་འོད་སྣང་ངོ་མ་དེ་གང་ནས་འཚེར་བ་ཤེས་ན་འདོད་པ་དང་།
ངེད་ཚང་གི་ཁྱི་རྒན་རྒྱ་སྟག་གི་སྐེ་རུ་མེ་ཏོག་སེར་ཆེན་གྱི་ཕྲེང་བ་ཞིག་བསྐོན་རྗེས།
ངེད་གཉིས་ཀྱིས་རྒྱང་རིང་གི་རྐང་ལམ་ཕྲ་མོ་དེར་ཅེར་ཏེ་ཕ་རྒན་རྫོང་ཐོག་ནས་ཕྱིར་ལོག་པར་རེ་སྒུག་བྱས།
ཨ་མས་ནོར་སླས་ནས་བཞོས་པའི་འོ་མའི་ཤག་སྒྲ་སྙན་མོ་དེས་ངའི་བསམ་གཞིག་དཀྲོགས་ཐེངས་རེ་རེ་བཞིན།
ངས་རང་ཉིད་ཆེ་རུ་འཚར་དུས་ཆུང་མ་ཞིག་བླངས་ནས་ཨ་མར་འབྲི་མོ་ཚོ་བཞོ་རོགས་བྱེད་དུ་འཇུག་ན་འདོད་ཅིང་།
ཁྱིམ་མཚེས་བུ་མོ་ཚོའི་ལང་ཚོའི་ཟུར་མིག་རེ་རེ་བཞིན་མགོ་ཐོག་གི་སྐར་མདའ་བཞིན་མུན་ཁྲོད་དུ་ཡལ་ས་དེར་བསྐྱོད་ཐུབ་ན་སྙམ་པ་དང་།
དེ་དུས་སུ་འཁོར་བའི་སྡུག་བསྔལ་ཞེས་པ་དེའི་མིང་ཙམ་ཡང་ངས་མི་རྟོགས་ལ།
དེ་དུས་སུ་འདི་སྣང་འཁྲུལ་བ་ཞེས་པའི་ཐ་སྙད་དེའི་གོ་དོན་ཡང་ངས་ག་ལ་རྟོགས།
ཐ་ན་རང་གི་རྩེད་རོགས་ཁྱི་རྒན་རྒྱ་སྟག་དང་ངེད་གཉིས་ནམ་ཞིག་ཁ་གྱེས་དགོས་པ་ཙམ་ཡང་ཤེས་ཀི་མེད་ལ།
ཉིན་ཞིག་ང་རང་ཡང་འཇིག་རྟེན་འདི་ནས་བོར་བརླག་ཏུ་འགྲོ་སྲིད་པའི་གནས་ལུགས་དེ་ཡང་ཡིད་ངོར་འཆར་མ་མྱོང་།
ནམ་རྒྱུན་ཟོག་རྫིར་འགྲོ་དུས་མེ་ཏོག་གི་གཞུང་རྟ་རེ་རེ་བཞིན་རྐང་མཛུབ་ཀྱི་བར་ནས་གཅོད་པར་དགའ་ཞིང་།
རི་མགོ་མཐོ་ས་རེ་ནས་ཁྱིམ་མཚེས་བུ་མོ་ཆུང་ཆུང་དེ་ཨེ་ཡོང་གི་རེ་སྒུག་གྲངས་མེད་ཅིག་གིས་དབྱར་ཟླ་དང་སྟོན་ཟླ་བསུས།
དེ་ལྟར་ལོ་ཟླ་གང་མང་ཞིག་འགོར་བའི་རྗེས་སུ།
ངས་དབེན་དགོན་ཞིག་ནས་རང་གི་བརྩེ་དུང་དང་འཁོར་བའི་གཏམ་རྒྱུད་དག་སྙན་ངག་ཏུ་འབྲི་མགོ་བརྩམས་ཤིང་།
ཚགས་པར་དང་དུས་དེབ་མང་པོའི་ངོས་སུ་རང་ཉིད་ཀྱི་འདས་ཟིན་པའི་མི་ཚེའི་ཀྱག་ཀྱོག་ལམ་བུ་རེ་རེ་བཞིན་གང་སར་འཐེན་དུ་བཅུག་པ་ཡིན།
མ་གཞི་དགོན་སྡེ་ནི་འཁོར་བའི་ཕྱི་རོལ་ན་ཡོད་འོས་པའི་གསེར་མདོག་གི་གཞིས་ཀ་ཆུང་ཆུང་ཞིག་ཡིན་པས།
དེ་རུ་ཡང་དགའ་སྐྱོ་ཆགས་སྡང་གི་རྦ་རླབས་ནི་གཅིག་རྗེས་གཅིག་གིས་དེད་དེ་འོང་བཞིན་ཡོད་པ་དང་།
ནང་ཆོས་ཀྱི་དད་སེམས་དང་སྒྱུ་རྩལ་གྱི་བསླུ་བྲིད་གཉིས་ཀའི་བར་ན་ལུས་པའི་ང་དང་ངའི་ཆོས་གྲོགས་དག་ནི།
ངུར་སྨྲིག་གི་རྨི་ལམ་གྲངས་མེད་ཅིག་ལ་ལོ་ངོ་སྟོང་ཕྲག་གི་ས་རྡུལ་བན་བུན་དུ་བབས་ཡོད་པའི་ལྡེབས་ཁྲོད་ཀྱི་ལྷ་སྐུ་རེ་རེ་ཡིན་ལ།
ཞིང་ཁམས་འདིའི་དྲི་བཟང་འཐུལ་བའི་སྤོས་ཀྱི་དུ་ཞགས་ཀྱ་ཀྱུ་མ་དག་གིས་ང་ཚོ་ལ་ཚེ་འདི་ཕྱིའི་ཉི་འོད་སེར་པོ་ཞིག་བར་མེད་དུ་བཀྱེས་བྱུང་།
བླ་མའི་གདམས་ངག་གིས་དབང་རྩ་སྦྲིད་པའི་ང་ཚོས་རང་རང་གི་ལང་ཚོའི་ཡིག་འབྲུ་རེ་རེ་བཞིན་དགོན་རྒྱབ་ཀྱི་བྲག་རིའི་ངོས་སུ་བརྐོས་ཤིང་།
ལོ་ཟླའི་རླུང་བུ་དང་དར་ལྕོག་ཟད་པོ་དག་གིས་དེ་ལ་ཅི་མི་སྙམ་པའི་ངང་བྱིལ་བྱིལ་ཅི་ཙམ་བྱས་ཀྱང་ང་ཚོར་བདེ་སྡུག་གི་ཚོར་བ་ཡོངས་སུ་བྲལ།
ཆེས་མཐའ་མཇུག་གི་དབྱར་གཞུང་ཞིག་ཡིན་འོས་པའི་ཕྱི་དྲོ་དེར།
ངས་རང་གི་བྲང་གཞུང་དྲོན་མོ་ཕ་ཡུལ་གྱི་རྩྭ་ཐང་གི་ཕང་བར་ཡུན་རིང་ཞིག་ལ་གླན་ནས་བསྡད་ཅིང་།
དེ་དུས་ཀྱི་ཚོར་བ་ནམ་ཡང་བརྗེད་ཐབས་བྲལ་བ་དེའི་ཀློང་ནས་ངས་རང་ཉིད་ཀྱི་དབེན་དགོན་དེ་ཡང་སྨུག་ཞགས་ཀྱིས་བཏུམས་པ་མཐོང་བྱུང་ཨང་།
གང་ལྟར་ཇི་སྲིད་བར་དུ་རྨི་ལམ་ཁྲོད་ནས་ཡང་དང་ཡང་དུ་མཇལ་བའི་ཕ་ས་སྨུག་པོ་དེ་དྲན་ཐེངས་རེ་རེ་བཞིན།
ངས་རང་ཉིད་ཀྱིས་བཟོས་པའི་ནོར་འཁྲུལ་གྲངས་ལས་འདས་པ་དེ་ཚོར་འགྱོད་གདུང་ཅི་ཡང་མེད་པར་བྱིལ་བྱིལ་རེ་བྱེད་ཞོར།
སེམས་པ་ལྷོད་ལ་བབས་ནས་ཆིལ་ཆིལ་རྦབ་ཆུ་ལྟ་བུའི་བཞུར་རྒྱུན་དྲག་ལ་རྔམ་པའི་མི་ཚེའི་བརྗེད་བྱང་གི་སྙན་ངག་འདི་བྲིས་པ་ཡིན།
*གོང་གི་པར་དེའི་པར་པ་རང་ཉིད་ཡིན།
Subscribe to:
Post Comments
(Atom)
0 བསམ་ཚུལ་འདོན་པ།:
Post a Comment