ཚོལ་གཤེར
དྲ་ངོས་བཀླགས་གྲངས།
908211
བཀླགས་གྲངས་མང་ཤོས
-
ཆུ་མོ་གངྒྰ་ཤག་ཤག་རྒྱུ་བའི་དུས། ། སྟོན་ལོ་སེར་པོ་ལྷབ་ལྷུབ་འཕུར་བའི་དུས། ། གནམ་སྔོན་སྤྲིན་པ་རླུང་གིས་གཡོ་བའི་དུས། ། བ་གླང་ཁྱུ་ཞིག...
-
སྟོན་པ། ངའི་གཟན་སྣེ་མེ་རུ་འབར་སོང་། ཁྱོད་འཇིག་རྟེན་དུ་བཞུགས་དུས། གྲྭ་པ་རེ་རེའི་གཟན་སྣེ་རུ་ཞི་བདེའི་རླུང...
-
མདང་དགོང་རྨི་ལམ་ཟ་ཟི་མང་ ཡང་ཁྱད་མཚར་བོ་ཞིག་ནི་དགོན་ཆེན་ཞིག་ས་འོག་ཏུ་ནུབ་བསྡད་ཡོད་ཅིང་། དགོན་བདག་བླ་མའི་ཞལ་རས་ལ་སྐྱོ་གཉེར་དགུ་བརྩེགས་ཤིག་བ...
-
ཨ་ རིར་ འབྱོར་ ནས་ ལོ་ མང་ སོང་ བ་ དང་ ། ། ཕན་ མི་ ཐོགས་ པའི་ ངོ་ ཤེས་ འགའ་ ཡང་ ཡོད། ། ད་ ནི་ སྒྲོ་ ལོར་ ལྗང་ ཁུ་ གསོག་ དུས་ འདིར། ། སོ...
-
མདང་དགོང་རྨི་ལམ་ཅུང་ཟད་ ཉུང་ཞིང་ད་ལྟ་དྲན་ཡུལ་དུ་གཅིག་ཀྱང་མི་འདུག ཆུ་ཚོད་བརྒྱད་པ་ཙམ་ལ་གཉིད་ལས་སད་བྱུང་། ཁྲུས་ཁང་གི་སྒེའུ་ཁུང་ལས་མཁའ་དབྱིང...
ཡིག་ཚགས
-
►
2012
(39)
- 09/23 - 09/30 (1)
- 07/22 - 07/29 (1)
- 07/01 - 07/08 (1)
- 06/24 - 07/01 (1)
- 06/17 - 06/24 (1)
- 06/10 - 06/17 (1)
- 06/03 - 06/10 (1)
- 05/27 - 06/03 (2)
- 05/20 - 05/27 (2)
- 05/13 - 05/20 (1)
- 04/29 - 05/06 (3)
- 04/22 - 04/29 (2)
- 04/01 - 04/08 (3)
- 03/18 - 03/25 (2)
- 03/11 - 03/18 (3)
- 03/04 - 03/11 (1)
- 02/05 - 02/12 (1)
- 01/29 - 02/05 (2)
- 01/22 - 01/29 (3)
- 01/15 - 01/22 (2)
- 01/08 - 01/15 (3)
- 01/01 - 01/08 (2)
-
▼
2011
(94)
- 12/25 - 01/01 (2)
- 12/18 - 12/25 (5)
- 12/11 - 12/18 (3)
- 12/04 - 12/11 (3)
- 11/20 - 11/27 (1)
- 11/13 - 11/20 (3)
- 11/06 - 11/13 (3)
- 10/30 - 11/06 (6)
- 10/23 - 10/30 (6)
- 10/16 - 10/23 (7)
- 10/09 - 10/16 (8)
- 10/02 - 10/09 (6)
- 09/25 - 10/02 (3)
- 09/18 - 09/25 (1)
- 09/11 - 09/18 (1)
- 09/04 - 09/11 (2)
- 08/28 - 09/04 (2)
- 07/24 - 07/31 (1)
- 06/26 - 07/03 (1)
- 06/12 - 06/19 (1)
- 06/05 - 06/12 (1)
- 05/29 - 06/05 (1)
- 05/22 - 05/29 (2)
- 04/10 - 04/17 (2)
- 04/03 - 04/10 (3)
- 03/27 - 04/03 (4)
- 03/20 - 03/27 (2)
- 03/13 - 03/20 (3)
- 03/06 - 03/13 (8)
- 02/27 - 03/06 (1)
- 02/20 - 02/27 (2)

དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།
རྟག་བརྟན་གྱི་སྙན་ཚིག
—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །
མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །

Powered by Blogger.
About Me

- སྨྱོན་པའི་འཇིག་རྟེན།
- མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Friday, 28 October 2011

མདང་དགོང་རྨི་ལམ་ཅུང་ཟད་ ཉུང་ཞིང་ད་ལྟ་དྲན་ཡུལ་དུ་གཅིག་ཀྱང་མི་འདུག ཆུ་ཚོད་བརྒྱད་པ་ཙམ་ལ་གཉིད་ལས་སད་བྱུང་། ཁྲུས་ཁང་གི་སྒེའུ་ཁུང་ལས་མཁའ་དབྱིངས་སུ་སྤྲིན་པ་སྲབ་བུ་ཞིག་འཐིབས་འདུག་པའི་ བར་གསེང་ནས་གནམ་སྔོན་པོ་ཏོག་ཙམ་རེ་མཐོང་རྒྱུ་འདུག ཡོ་ག་རྩེད་བཞིན་ངག་བྱིན་རླབས་སོགས་བཏོན།
དྲ་ངོས་སུ་ཨེ་རག་དམག་ འཁྲུག་སྐབས་ཨ་རིའི་དངུལ་དམར་ཐེར་འབུམ་དྲུག་གང་སོང་མ་ངེས་པའི་སྐོར་ཞིག་མ་ གཏོགས་གསར་འགྱུར་ཚ་བོ་དེ་འདྲ་མི་འདུག་ཀྱང་། ཉིན་གུང་ཡོལ་ཙམ་ནས་སློབ་དཔོན་འཇིགས་མེད་ལགས་ཀྱིས་ཁ་བརྡ་དྲ་བར་གྱེས་ཕྱག་ འབུལ་བའི་རྩོམ་ཡིག་དང་ཀློག་མཁན་གྱིས་དེ་ལ་བཏབ་པའི་མཆན་བུ། ད་དུང་གྲོགས་པོ་གསལ་ལེ་རྒྱལ་གྱིས་བྲིས་པའི་སེང་གེ་བློ་བཟང་དང་བྱེའུ་ཁུག་རྟ་ ཞེས་པའི་ཟུར་ཟའི་རྟོག་སྒྲུང་སོགས་འཁྲུག་པོ་འདྲ་ཞིག་ཆགས་སོང་ཞིང་། རང་གིས་ཀྱང་རྡོ་སེང་གེས་ཁ་གདངས་པ་ཞེས་པའི་རྟོག་སྒྲུང་ཐུང་ཐུང་ཞིག་འབྲི་གིན་ ཡོད། ཨ་རིའི་སྐད་སྒྲ་གསར་འགྱུར་ལས་ཆབ་མདོ་ཀརྨ་ཡུལ་ཚོའི་རྒྱ་གཞུང་ལས་ཁུངས་ལ་ཐོ་ རངས་ཀྱི་དུས་སུ་འབར་རྫས་བརྒྱབ་སྟེ་ལས་ཁུངས་རྩ་གཏོར་བཏང་ཡོད་འདུག
ཆུ་ཚོད་བཅུ་པར་ལྕམ་སྐུ་ཁ་ ལི་ལིན་དང་མཉམ་དུ་འཛིན་གྲྭ་ཚུགས་ཤིང་། མོ་ལ་བོད་ནང་སློབ་གྲྭ་པ་གསར་བུ་མང་པོས་ནང་ཆོས་རྩ་མེད་གཏོང་དགོས། རིག་གཞུང་རྙིང་པ་རྩ་མེད་གཏོང་དགོས་ཞེས་རིག་གསར་གྱི་ཁ་གཡང་སྒྲོག་བཞིན་ཡོད་ ལུགས་བརྗོད་པས། ནང་ཆོས་དང་རིག་གཞུང་རྙིང་པ་རྩ་མེད་བཟོས་ན་ཁོ་ཚོར་དེའི་ཚབ་བྱེད་ཐུབ་པའི་རིག་ གནས་ག་རེ་ཡོད་པ་རེད་ཟེར་བས། དེ་ནི་ངས་མ་ཤེས་ཞེས་ལན་བཏབ།
ཉིན་གུང་གི་ཟ་མ་ཟོས་རྗེས་ ལྕགས་རྟར་ཞོན་ནས་མཚོ་ལྗང་ཁུའི་འགྲམ་དུ་སྐོར་བ་ཞིག་བརྒྱབ་རྗེས། དབྱར་ཁར་ནམ་རྒྱུན་ཆུ་རྩེད་བྱེད་ས་ཞིག་ཡོད་པ་དེར་སོང་སྟེ་ཤིང་སྡོང་ཞིག་ལ་ བརྙེས་ནས་གདོང་ཉི་མར་གཏད་དེ་བསྡད། ལྗོན་པ་ཡོད་ཚད་ལས་སྟོན་ལོ་སེར་པོ་རླུང་གིས་འབྲུལ་བཞིན་འདུག་པས། པར་ཆས་བླངས་ཏེ་ལོ་མ་སེར་པོ་གཅིག་རེ་གཉིས་རེ་སྡོང་མགོ་ནས་མར་ཟག་ཡོང་བའི་སྣང་ ཚུལ་དེར་འདྲ་པར་འགའ་བརྒྱབ། སྙན་ངག་འབྲི་བ་དང་འདྲ་པར་ལེན་པ་འདི་གཉིས་ལ་ཡང་འདྲ་ས་མང་པོ་ཞིག་འདུག་ཀྱང་། འདྲ་པར་ལེན་པ་འདི་ནི་སྤྱིར་ན་སྙན་ངག་འབྲི་བ་ལས་ཅུང་ཟད་ཚེགས་ཆུང་དོན་ཆེའི་ ལས་རིགས་ཤིག་རེད། ཁོ་བོར་དུས་ཚོད་ཡོད་ན་འདྲ་པར་ལེན་སྟངས་སྐོར་ལ་ཡང་སློབ་གྲྭར་སོང་ནས་ཅིག་ སྦྱོང་དགོས་ཀྱི་འདུག་ཀྱང་འཆི་བདག་ནི་ཉི་མ་རེ་རེ་བཞིན་འཇབ་ནས་ཡོང་བཞིན་འདུག་ པས་དེ་ལ་ཡང་གྲ་སྒྲིག་ཅིག་མི་བྱེད་ཐབས་མེད་རེད།
ཨ་རིའི་གདོན་འདྲེའི་དུས་ ཆེན་ཟླ་བ་རྗེས་མའི་ནང་ཡིན་པས་ཁྱིམ་ཚང་མང་པོ་ཞིག་གི་སྒོ་དང་སྒེའུ་ཁུང་གི་ ཕྱི་ངོས་དང་། ཁང་པའི་ར་སྐོར་གྱི་ནང་དུ་གདོན་འདྲེའི་འདྲ་བརྙན་འཇིགས་སུ་རུང་བ་དག་སྔ་ས་ནས་ བཤམས་བཞག་ཡོད་པ་དང་། དུས་ཆེན་འདི་དང་བསྟུན་ནས་ཚོང་ཁང་མང་པོས་བྱིས་པས་གྱོན་རྒྱུའི་གདོན་འདྲེའི་ ངོ་འབག་དང་གྱོན་ཆས། མཚོན་ཆ་སོགས་བཙོངས་ཏེ་ཁེ་བཟང་ཆེན་པོ་ལེན་བཞིན་ཡོད་ཅིང་། ད་དུང་དེ་དུས་གདོན་འདྲའི་གློག་བརྙན་ཡང་འདྲ་མིན་སྟོན་གི་རེད་ལ། འདྲེ་བདའ་ཚོགས་པ་དག་གིས་ཁང་རྙིང་དང་ཁང་ཆེན་གྱི་ས་འོག་ཁང་པ་སོགས་ནས་སྒྲ་ལེན་ དང་གཟུགས་ལེན་འཕྲུལ་ཆས་ཀྱིས་ཇི་ལྟར་གདོན་འདྲའི་སྐད་སྒྲ་དང་གཟུགས་བརྙན་དག་ འཕྲུལ་ཆས་ཀྱི་ནང་དུ་ཕབ་པའི་སྐོར་ཡང་བརྙན་འཕྲིན་ལས་སྟོན་པ་དང་། གཟུགས་མེད་ཅིག་གིས་ཉལ་ཁྲིའི་སྟེང་གི་མི་ལུས་ནས་གྱོན་ཆས་ཇི་ལྟར་བཤུ་བ་ཞིག་ ཁོ་བོས་ཀྱང་སྔ་ལོའི་གདོན་འདྲེའི་དུས་ཆེན་གྱི་སྔ་ནུབ་ཅིག་ལ་མཐོང་།
ནང་ལ་ལོག་ནས་ཁོ་རི་ཡའི་ གློག་བརྙན་དེར་མཐུད་དེ་ལྟ་བཞིན་པའི་སྐབས་སུ་གྲོགས་པོ་ཨ་སྦོའི་ཁ་པར་བསླེབས་ ནས་ཟ་མ་བཟའ་རུ་འགྲོ་ཟེར་བས། ཁོ་དང་མཉམ་དུ་ཁོ་རི་ཡའི་ཟ་ཁང་དེར་སོང་ནས་ཟ་མ་བརྒྱྱགས་ཚད་ཅིག་ཟོས། ཁོའི་ཚ་མོ་དང་ངའི་སློབ་ཕྲུག་བསྟན་འཛིན་ཚེ་འཕེལ་འཛམ་གླིང་གི་ཕྱུག་བདག་གྲགས་ ཅན་སྦེལ་སྒེ་ཚེའི་བུ་སློབ་གྲྭར་འགྲོ་ས་དེར་འགྲོ་བཞིན་ཡོད་ཅིང་། ཁ་སང་དགོང་མོར་སློབ་ཕྲུག་ཚོ་སྦེལ་སྒེ་ཚིའི་ནང་དུ་སྐད་བཏང་ནས་མཉམ་དུ་རྩེད་ མོ་རྩེད་པ་དང་ཟ་མ་ཟོས་འདུག་པ་དང་། སྦེལ་སྒེ་ཚེའི་བུ་ཨང་དང་པོ་དང་ཚེ་འཕེལ་ཨང་གཉིས་པ་རེད་ཟེར། ད་དུང་ཟ་མ་ཟོས་རྗེས་སྦེལ་སྒེ་ཚེས་ཁྱིམ་ཚང་གི་ཕ་རྒན་དཀྱུས་མ་ཞིག་ཇི་བཞིན་ ཕོར་བ་དང་ཅོག་ཙེ་གཙང་མ་བཟོ་བ་སོགས་ཚང་མ་བྱེད་བཞིན་འདུག་ཟེར་བས་ཧང་འདྲ་ཞིག་ སངས་སོང་། ང་ཚོའི་ཕ་ཡུལ་དུ་ཅུང་ཟད་ཕྱུག་པོ་ཞིག་རྗེས་རང་གི་ཕོར་པ་འཁྲུ་རྒྱུ་ད་ཕར་ཟད། རང་གི་རྐུབ་ཀྱང་འཕྱི་ན་མི་འདོད་མཁན་ག་ཚོད་ཅིག་ཡོད་ཨང་།
ཁང་གསར་བསྟན་པའི་དབང་ ཕྱུག་ཚང་གི་རྒྱལ་སྲས་ལག་ལེན་གྱི་འགྲེལ་པ་ལ་ལྟ་ཀློག་ཅུང་ཟད་བྱེད་དུས། དེའི་ཚིག འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ་། །སྟོང་གསུམ་ཁྱབ་པར་སྒྲོག་པར་བྱེད་ནའང་། །བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི། །ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་པ་དེ་མཇལ་ཞིང་། རྗེ་ཙོང་ཁ་པའི་ཐོག་མཐའ་བར་དགེའི་སྨོན་ལམ་ལས། བདག་ལ་བརྡེག་འཚོག་མཚང་འདྲུའི་སེམས་ཅན་རྣམས། །མཐོང་ངམ་ཐོས་སམ་ཡིད་ལ་དྲན་པའི་ཚེ། །ཁོང་ཁྲོ་བྲལ་ཞིང་སླར་ཡང་དེ་དག་གི །ཡོན་ཏན་བརྗོད་ཅིང་བཟོད་པ་བསྒོམ་པར་ཤོག །ཅེས་པ་དེ་དྲན་ཡོང་།
ཁོ་རི་ཡའི་གློག་བརྙན་དེར་མུ་མཐུད་བལྟས་ཤིང་དེའི་བར་བཅུག་གླུ་དབྱངས་ནི།
ཁྱོད་ཀྱིས་ང་བསྐྱུར་ནས་འགྲོ་དུས། ངའི་སེམས་པ་སྟོང་པ་ཆགས་སོང་།
ངས་ཁྱེད་རང་དྲན་སྲིད།
བརྩེ་དུང་གིས་ང་བསྐྱུར་སོང་།
ཡིན་ཡང་ངས་དེ་ལ་ཡིད་ཆེས་བྱེད་ཐབས་བྲལ།
ཁྱེད་རང་ལ་དངོས་གནས་ཅི་ཡང་བྱེད་ཐབས་མི་འདུག་ཅིང་།
དེ་ཡིས་ཁོ་བོར་མནར་གཅོད་ཚད་མེད་བཏང་།
ང་ཚོའི་བརྩེ་དུང་གི་མཇུག་བསྡུས།
ཡིན་ཡང་ཁྱེད་རང་ནམ་ཡང་ངའི་དྲན་འཛིན་གྱི་ཆ་ཤས་ཤིག་ཡིན།
ཁྱེད་རང་ནམ་ཡང་ངའི་ཆ་ཤས་ཤིག་ཡིན།

Subscribe to:
Post Comments
(Atom)
0 བསམ་ཚུལ་འདོན་པ།:
Post a Comment