ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Friday 28 October 2011
dscn4796
མདང་དགོང་རྨི་ལམ་བརྒྱུད་ རིམ་ཅན་ཞིག་གིས་མཚན་གང་བོ་ཟིན་བསྡད་ཀྱང་དེ་ཙམ་དྲན་ཐུབ་ཀི་མི་འདུག གཙོ་བོ་དེ་ནི་དགོན་པ་ཆེན་པོ་ཞིག་ལ་གསང་སྤྱོད་རྫོར་བོ་ཞིག་ཡོད་པ་དེ་ཇི་ལྟར་ ཞིག་གསོ་བྱས་ནས་གཙང་ཞིང་དག་པ་ཞིག་ཏུ་བསྒྱུར་རྒྱུའི་ཆེད་དུ་དཀའ་ལས་རྒྱག་པ་ ཞིག་རེད།
ཆུ་ཚོད་བརྒྱད་པ་ཙམ་ལ་ གཉིད་ལས་སད་དུས་གནམ་ངོ་རུབ་ཅིང་ཉེ་འཁོར་ཚང་མ་སྨུག་པས་དཀྲིས་ཏེ་ཆར་བ་འབབ་ རྒྱུའི་སྟ་གོན་བྱེད་བཞིན་འདུག ཉལ་སའི་ནང་ནས་མགོ་ཡར་བཀྱགས་ཏེ་གློག་ཀླད་ཀྱི་ཁ་ཕྱེས། གསར་འགྱུར་གསར་བ་དེ་ཙམ་མི་འདུག་ཀྱང་དུས་བབ་ལས་བློ་ཆོས་དང་བཀའ་ཤག་བར་གྱི་ འགལ་འབྲེལ་དེའི་སྐོར་རྩོམ་ཡིག་ཅུང་ཁ་གསལ་ཞིག་འདུག་ལ། བཀའ་ཁྲི་གསར་པས་བློ་ཆོས་དགོངས་སེལ་ཞུ་རུ་བསྐྱོད་དུས། མར་རྒྱུགས་ཞེས་བརྗོད་ལུགས་མཐོང་བས། ཟླ་གཅིག་སྔོན་ཙམ་ལ་བཀའ་ཁྲིས་ཕྲེང་བ་བགྲང་བཞིན་གདོང་ལ་ཁྲོ་གཉེར་བསྡུས་པའི་ འདྲ་པར་ཞིག་མཐོང་བ་དེ་ཡང་དྲན་སོང་བས། བཀའ་ཁྲི་ཁྲིམས་ལུགས་མཁས་པས་མ་འོངས་ལོ་བཞིའི་ནང་དུ་ལས་བྱེད་ག་ཚོད་ཅིག་མར་ རྒྱུགས་ཡར་ཤོག་གི་ལམ་དུ་འཇོག་རྒྱུ་རེད་ཨང་བསམ་པ་ཞིག་བྱུང་།

ཁ་ཏོན་ཚར་རྗེས་ཤོད་དུ་ སོང་སྟེ་ཞོགས་ཇ་ཞིག་འཐུངས་རྗེས་ལྕམ་སྐུ་ཁེ་ཐི་ལིན་དང་མཉམ་དུ་འཛིན་གྲྭ་ཚུགས་ ཤིང་། དེ་ཚར་མ་ཐག་མདང་དགོང་ཁོ་རི་ཡའི་ཟ་ཁང་ནས་རང་ཉིད་ཀྱི་དངུལ་བྱང་ལུས་པ་དེ་ལེན་ དུ་ཆས་ཤིང་། དེ་བླངས་རྗེས་ཁ་ཐི་ལིན་གྱིས་མོའི་ཟ་ཁང་གི་ཆེད་དུ་སྔོ་ཚལ་ཁག་ཅིག་ཉོ་དགོས་པས་ ཚོང་ཁང་མི་འདྲ་བ་གཉིས་སུ་སོང་། རླངས་འཁོར་ནང་མོས་མོ་རང་བྱིས་པ་ལོ་བདུན་ཡིན་དུས་ནས་རྒྱ་གར་ནས་རྒྱ་གར་དུ་ འགྲོ་འདོད་སྐྱེས་མྱོང་བ་དང་། བྱིས་པའི་དུས་སུ་ཡང་རྒྱ་གར་བུད་མེད་ཚོ་ནང་བཞིན་སྨིན་མཚམས་སུ་ལི་ཁྲིའི་ཐིག་ ལེ་འདེབ་རྒྱུར་ཧ་ཅང་དགའ་བོ་ཡོད་ཟེར་བས། གཅིག་བྱས་ན་ཁྱེད་རང་གི་སྐྱེ་བ་སྔ་མ་ཞིག་རྒྱ་གར་ནས་སྐྱེས་མྱོང་ཡོད་ངེས་ལབ། dscn4795
ཕྱིར་ནང་དུ་བསླེབས་ནས་ཟ་ མ་ཞིག་ཟོས་རྗེས་ཉལ་ཁང་དུ་ལོག་སྟེ་དྲ་ངོས་ནས་ཨ་རི་བ་དང་ཞིག་ཡོ་རོབ་པ་གནའ་ རྫས་ཞིག་གསོ་མཁས་ཅན་གཉིས་ཀྱིས་བལ་ཡུལ་གྱི་གློ་སྨོན་ཐང་ས་ཆའི་ལོ་ངོ་ལྔ་ བརྒྱུའི་ལོ་རྒྱུས་ཡོད་པའི་ས་སྐྱའི་དགོན་པ་ཞིག་གི་ལྷ་ཁང་གི་ལྡེབས་རིས་ཉམས་ གསོ་བྱས་པའི་གློག་བརྙན་བོད་ཀྱི་རིན་པོ་ཆེ་མཐའ་མ་ཞེས་པ་ཞིག་ལ་བལྟས། དེའི་ནང་དུ་ལོ་ངོ་ལྔ་བརྒྱའི་གོང་དུ་ཡོ་རོབ་ཏུ་སྒྱུ་རྩལ་པ་གྲགས་ཅན་ལེའོ་ནར་ སྒྲོ་ཡིས་མཐའ་མཇུག་གི་དགོང་ཟས་སོགས་དེང་སྐབས་འཛམ་གླིང་སྟེང་གྲགས་པ་འབར་བའི་ ལྡེབས་རིས་དག་བཞེངས་ཡོད་པ་དང་། དུས་རབས་དེ་རང་གི་ནང་དུ་དེ་སྐབས་བོད་ཀྱི་མངའ་ཁོངས་ཡིན་པའི་གློ་སྨན་ཐང་ས་ སྐྱའི་དགོན་པ་དེར་ལྡེབས་རིས་དེ་ཚོ་བཞེངས་ཡོད་ན་ཡང་། ལྡེབས་རིས་བཞེངས་པ་པ་དག་གི་བར་དུ་འབྲེལ་བ་ཅི་ཡང་མེད་སྐོར་ཡང་བརྗོད་སོང་བས། དེ་ནི་རྒྱ་གར་གྱི་ནང་པའི་སྟོན་པ་སངས་རྒྱས་དང་སྒི་རིག་གི་གྲུབ་མཐའ་མཁན་པོ་ སྦོ་ར་ཐུ་གཉིས་དུས་རབས་གཅིག་གི་ནང་དུ་བྱོན་ན་ཡང་ཁོང་རྣམ་གཉིས་བར་འབྲེལ་བ་ ཅི་ཡང་མེད་པ་དེ་འདྲ་བོ་རེད་ཨང་བསམ་པ་ཞིག་ཀྱང་སྐྱེས།
ཡིད་ལ་འཁོར་ཕྱོགས་ཤིག་ གིས་རྒྱལ་དབང་ལྔ་པའི་སྐུ་དུས་ཀྱི་བོད་ཀྱི་བླ་མ་སྐད་གྲགས་ཆེན་པོ་གསུང་འབུམ་ དེབ་མང་པོ་ཅན་ཞིག་གིས་རང་གི་མཛའ་མོ་ཚོར་ཇི་ལྟར་གསང་བ་སྔགས་ཀྱི་ཕྱག་བཞེས་ བཞིན་འཁྲིག་སྤྱོད་བྱས་པའི་སྐོར་གྱི་དེབ་ཅིག་ཡོད་པ་དེ་བླངས་ནས་ཤོག་ལྡེབས་ཉི་ ཤུ་ལྷག་ཅིག་བཀླགས། ཁོང་ནི་རྟོགས་པ་མཐོན་པོར་སོན་པའི་གྲུབ་དབང་ཞིག་ཡིན་པས། རྒྱོ་ཡིས་ཚོགས་བསགས་ཤིང་རྒྱོ་ཡིས་སྒྲིབ་པ་སྦྱོང་མཁན་ཞིག་རེད། བལ་ཡུལ་ནས་ཕེབས་པའི་ཁོང་གི་བླ་མ་ཞིག་གིས་དཀྱིལ་འཁོར་བཤམས་ཏེ་སེ་གོལ་རེ་ གཏོགས་པ་ཙམ་གྱིས་ཡུལ་གྲུ་ཆ་མེད་ཀྱི་བུ་མོ་མཛེས་མ་ལང་ཚོ་དར་ལ་བབས་པ་རེ་སྐད་ ཅིག་གིས་མདུན་དེར་བཀུགས་ཡོང་ཞིང་། བོད་ཡུལ་གྱི་གཞི་བདག་མོ་ལ་ལས་ཀྱང་གཟུགས་དངོས་སུ་བསྟན་ནས་བླ་མ་འདི་ལ་གསང་ སྤྱོད་ཀྱི་གྲོགས་བྱས་འདུག་པས། རྗེ་མི་ལ་རས་པར་ཚེ་རིང་མཆེད་ལྔས་གསང་སྤྱོད་ཀྱི་གྲོགས་བྱས་ཚུལ་ཡང་ཡིད་ལ་ འཁོར་ཡོང་།
སྐབས་དེར་ཆར་བ་ཞིག་ཤག་ཤག་ ཏུ་འབབ་བཞིན་འདུག་ཅིང་གནམ་གཤིས་ཀྱང་སྔར་ལས་ལྷག་པའི་གྲང་ངར་ཅན་དུ་གྱུར་ཅིང་། བཀའ་བརྒྱུད་མཁན་པོ་ཀར་བསྟན་ལགས་ཀྱིས་བསྐུར་གནང་བའི་ཁོང་གི་བདེ་ཆེན་ཞིང་ སྒྲུབ་ཀྱི་སྐད་འཁོར་དེར་ཉན་བཞིན་ཉིན་ཐོ་འདི་འབྲི་མགོ་བརྩམས།
ཡོ་ཁྲོ་ནང་དུ་འཇིག་རྟེན་ འདིའི་མཐའ་མཇུག་ཅེས་བྲིས་ཏེ་རྡེག་གནོན་ཞིག་བྱས་པ་ན། བར་སྣང་ནས་འབར་བཞིན་པའི་གོ་ལ་ཆུང་ཆུང་ཞིག་ཟགས་ཡོང་སྟེ་སའི་གོ་ལར་གདོང་ གཏུགས་བརྒྱབ་སྟེ་ཁོག་ཏུ་འཛུལ་སོང་བ་དང་། དེའི་འབར་ཤུགས་དང་མེ་ཤུགས་ཀྱིས་ས་གཞི་ཧྲིལ་བོ་མེ་ཞུན་གྱིས་ཁེབས་སོང་བས། ཕྱག་འཚལ་བསྐལ་པའི་མཐའ་མར་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །ཞེས་པ་དེ་ཡང་དྲན་ཡོང་།
གློག་འཕྲིན་དྲ་བThe Telegraphགསར་ འགྱུར་ལས། རྒྱ་གར་བྱང་ཤར་ཕྱོགས་ཀྱི་ས་གནས་ཤིག་ཏུ་ཟེའོ་ན་ཆ་ན་ཟེར་བའི་སྐྱེས་པ་ཞིག་གིས་ རང་ལོ་རེ་དྲུག་བར་དུ་སྐྱེས་སྨན་སོ་དགུར་གཉེན་བསྒྲིགས་ཡོད་ཅིང་། ཕྲུ་གུ་གོ་བཞི་དང་ཚ་བོ་ཚ་མོ་སོ་གསུམ་ཡོད། ཁོས་ཐེངས་གཅིག་ལོ་གཅིག་གི་ནང་དུ་བུད་མེད་བཅུ་དང་མཉམ་དུ་གཉེན་བསྒྲིགས་བྱས་ འདུག ཁོ་ཚོ་ཚང་མ་ཁང་མིག་བརྒྱ་ཡོད་པའི་ཐོག་ཁང་ཆེན་པོ་ཞིག་ཏུ་བསྡད་ཡོད་ཅིང་། ཁོས་འགྲོ་འདུག་གང་གི་སྐབས་སུ་ཡང་སྐྱེས་སྨན་བདུན་བརྒྱད་ཅིག་མཉམ་དུ་ཉར་ཡོད་ འདུག ཁོས་ཉེ་འདབས་ཀྱི་ཆོས་ཚོགས་ཤིག་ཏུ་ལས་ཀ་བྱེད་བཞིན་ཡོད་ལ། ད་དུང་མུ་མཐུད་དེ་གཉེན་སྒྲིག་བྱེད་ན་འདོད་ཟེར། གསར་འགྱུར་འདི་རྒྱ་མོ་ལོ་གཞོན་ངོ་ཤེས་ཧྲང་ཧེ་ནས་ཡོང་བ་ཞིག་ལ་བསྐུར་པས། མོས་མི་དེས་ཁོའི་སྐྱེས་སྨན་དག་ཕྲུ་གུ་བཟོ་སྤྱད་ཀྱི་འཕྲུལ་འཁོར་འབའ་ཞིག་ཏུ་ བརྩིས་འདུག་ཟེར།
ད་ལྟ་ང་མིག་ཆུའི་ནང་དུ་ ཡོད། ཁོ་རི་ཡའི་གློག་བརྙན་ནང་གི་སྨན་པ་དེར་གློ་བའི་ཀེན་སར་བྱུང་བས། ཁོའི་མཛའ་མོ་སྨན་པ་དེས་ཁོ་ལ་ལམ་སེང་གཉེན་སྒྲིག་བྱེད་རོགས་ཟེར། དེ་ནི་མོས་ཁོའི་ཚེ་མཇུག་གི་ཉི་མ་ཚོར་བདེ་སྐྱིད་ཕྲན་བུ་ཞིག་སྟེར་ཐུབ་པའི་ ཆེད་དུ་རེད། ཡང་སྨན་པ་གཞན་དག་ཅིག་དགའ་སའི་བུ་མོ་ནད་པ་དེར་ཡང་ཚེ་ཐག་ཐུང་ཐུང་ཞིག་ལས་མེད་ པར་གྱུར།
མནའ་མས་བག་ལྭ་གྱོན་ནས་ལྷ་ ཁང་ནས་བསྒུགས་བསྡད་ཀྱང་མག་གསར་ཡོང་རྒྱུ་མ་བྱུང་། ་་་ ་་་ འཁོར་བ་འདི་ཨང་། ཤུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

0 བསམ་ཚུལ་འདོན་པ།:

Post a Comment