ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Thursday 22 March 2012


ཀླུ་སྨྱོན་དང་ར་ས་ཕོ་ཉ

མཚུངས་མེད་གྲོགས་པོ་ར་ས་ཕོ་ཉ་ལགས།

ཁྱེད་ ཀྱིས་བྱམས་བརྩེ་ཆེན་པོས་ཁྱི་འཁྱམས་དེ་ཚོར་རོགས་རམ་གནད་དུ་སྨིན་པ་གནང་བ་དེར་ ངས་མི་ཚེ་གཅིག་རིང་བཀའ་དྲིན་ཆེ་ཞུས་ཀྱང་མི་འདངས་པ་ཞིག་རེད། ངས་འདི་ནས་ངེད་ཅག་གིས་མ་རྒན་ཁྱི་ལྡོམ་ཚོར་རོགས་སྐྱོར་གྱི་ཆེད་དུ་ཕན་ཚུན་ སྤྲིངས་པའི་འཕྲིན་ཡིག་དེ་ཚོ་ཕྱོགས་བསྡོམས་ཀྱིས་ཁ་བརྡ་དྲ་ངོས་སུ་བཞག་ཡོད་པས། ཆོས་གྲོགས་གཞན་རེར་ཡང་སེམས་ཤུགས་འཕར་ཏེ་མ་རྒན་ཁྱི་ལྡོམ་གང་ན་སུ་ཡོད་དག་ལ་ རོགས་རམ་རེ་གནང་སྐྱོང་ཡོང་བའི་ཡིད་ཆེས་ཤིག་འཕེལ་སོང་བས། ཉིད་ལ་ཡང་འཕྲིན་ཡིག་དེ་ཚོ་དྲ་ངོས་སུ་འཇོག་པའི་ཐུགས་འདོད་ཡོད་པར་སྨོན། རྗེས་མར་ཡང་ཁྱི་ལྡོམ་ཉམ་ཐག་དེ་འདྲར་རོགས་རམ་གནང་བའི་དུས་ཚོད་ཡོད་ཚེ་ཁོ་བོར་ གསུངས་དང་འདི་ནས་དངུལ་ཏོག་ཙམ་རེ་རྒྱུན་དུ་བསྐུར་ཨེ་ཐུབ་བལྟ།

ཞེས་མི་ལྡོམ་ཀླུ་སྨྱོན་ནས།
 ------------------------------------
མཚུངས་མེད་གྲོགས་པོ་ཀླུ་སྨྱོན་ཧེ་རུ་ཀ་ལགས།
ལོ་སྔོན་མའི་ནང་ཉིད་ཀྱིས་ ཁྱི་ཕྲུག་ཁ་ཤས་གསོ་སྐྱོང་བྱེད་པའི་ཁྱི་མོ་ཞིག་གཙོར་བཟུང་། དགོན་པའི་ཁྱི་འཁྱམས་ཚོའི་ཆེད་དུ་རོགས་དངུལ་ཨ་སྒོར་༢༠༠ ཧིན་སྒོར་དུ་དེ་སྐབས་བསྒྱུར་བ་ཧིན་སྒོར་བདུན་སྟོང་ལྷག་ཙམ་འདུག་པ། ཁོ་བོས་ངོ་ཤེས་གྲོགས་པོ་འགའ་ཤས་རོགས་རམ་བརྟེན་ཁྱིའི་ཨ་མ་དེར་སྨན་བཅོས་དང་། དེ་བཞིན་ཁྱི་ཕྲུག་བཅས་པར་ཟས་དང་འོ་མ་སྤྲད་ཡོད་པ་དང་། དེ་ནས་གང་མཚམས་ནས་ཁྱི་ཕྲུག་དེ་ཚོ་ཆེན་པོ་ཆགས་སྐབས་རང་མགོ་འཐོན་ནས་ཁྱི་ཨ་མ་ དང་ཁྱི་ཕྲུག་དེ་ཚོ་ས་ཆ་གཞན་དུ་ཕྱིན་སོང་། དེའི་རྗེས་ཁྱེད་ཀྱི་རོགས་དངུལ་ལྷག་འདུག་པ་དེ་དག་ལས་དགོན་པའི་ཁྱི་འཁྱམ་རྔོ་ ཅན་ཚོར་རྔོ་སྨན་ཉོས་ནས་ཤ་དང་ལྷན་དུ་གང་ཐུབ་སྤྲད་པ་ཡིན། དེ་བཞིན་ཁྱི་ནད་ཅན་དེ་ཁ་ཤས་མཐོང་སོང་བ་དེ་ཚོར་སྨན་བཅོས་བྱེད་རོགས་ཞེས་ཉེ་ འཁྲིད་ཀྱི་མི་ལ་དངུལ་སྤྲད་པ་ཡིན། ད་དུང་དངུལ་གང་མཚམས་ལྷག་འདུག་པ་དེ་དག་ཁྱི་འབའ་ཞིག་གི་ཆེད་དུ་སོང་ཕྱིར། ཁྱི་ཡི་རྔོ་སྨན་ཉོས་ནས་གྲོགས་པོ་ཚོར་ཁྱི་འཁྱམས་རྔོ་ཅན་དག་ལ་རོགས་རམ་བྱེད་ མཁན་ཡོད་ན་ཁོང་ཚོར་སྤྲོད་རོགས་ཟེར་ནས་བཞག་ཡོད། ཉིད་ཀྱི་དེ་སྔ་གསུངས་དོན་བཞིན་ཞིབ་ཕྲའི་རྩིས་བཀྲ་གཤམ་དུ་ཡོད། ཁོ་བོ་དེ་རིང་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གསང་སྔགས་རྡོ་རྗེ་ཐེག་པར་ཐོས་ བསམ་བྱེད་པར་འགྲོ་མཁན་ཡིན། ཉིད་ཀྱི་དགེ་སྦྱོར་ལ་རྗེས་སུ་ཡི་རང་ཞུ།།


གྲོགས་པོ་ར་ས་ཕོ་ཉས།

ཁྱིའི་འགྲོ་སོང་རྩིས་བཀྲ
༡ ཟླ་བ་གཅིག་གི་འོ་རིན། ༣༠༠

༢ སྨན་པའི་ཁབ་རྒྱབ་གླ ༡༠༠

༣ ཁྱིའི་རྔོ་སྨན་༢༠ ལ་ ༦༠༠

༤ ཤ་ལ། ༡༦༠

༥ ཁབ་རྒྱབ་གླ ༡༠༠

༦ ཤ་ལ། ༡༦༠

༧ འོ་མ་ལ། ༤༦༠

༨ ཁབ་རྒྱབ་གླ ༡༠༠

༩ ཁྱིའི་རྔོ་སྨན། ༦༥༠

༡༠ ཁྱི་མོ་ཞིག་གི་ཆེད་དུ་སྨན་བཅོས་ཆེད། ༢༠༠

༡༡ ཁྱི་རྔོ་སྨན་གཤེར་ཁུ་གྱིག་དམ་ ༡༥ དང་དག་རྫས་སམ་ཡིག་རྩི་༢༠ སྒོར་༤༢༠༠

༡༢ ཁྱི་འཁྱམ་ལུས་པོ་སྐྱོ་པོ་ཁག་གཅིག་ལ་ཟས་སྦྱིན་སྒོར། ༥༠༠

༡༣ ཁྱི་འཁྱམ་ཁག་གཅིག་ལ་ཟས་སྦྱིན་སྒོར། ༥༠༠

ཁྱོན་བསྡོམས། ༨༠༣༠།

———————
ཆོས་གྲོགས་དམ་པ་ར་ས་ཕོ་ཉ་ ལགས། ཉིད་ཀྱི་བྱམས་བརྩེ་ཆེན་པོས་ཁྱི་མོ་དེར་བདག་སྐྱོང་གནང་བར་ངས་འདི་ནས་སྙིང་ཐག་ པ་ནས་ཐུགས་རྗེ་ཆེ་ཞུ། ཁྱི་མོ་དེར་སྨན་བཅོས་གང་ཐུབ་ཅིག་མུ་མཐུད་དེ་གནང་རོགས། གལ་སྲིད་དངུལ་གྱིས་མ་འདངས་ན་ངས་འདི་ནས་ཡང་སྐྱར་ཅིག་བསྐུར་ཨེ་ཐུབ་ལྟ་གི་ཡིན། རང་རེའི་མ་རྒན་དྲིན་མོ་ཆེ་ཤ་སྟག་ཡིན་པའི་དུད་འགྲོ་མགོན་མེད་སྐྱབས་མེད་འདི་ ཚོ་དུས་ནམ་ཡང་ཐུགས་ནས་མི་འདོར་བར་ཞུ། དེ་ནི་རྒྱ་གར་གྱི་སློབ་དཔོན་སྣང་བ་སྐྱིད་པོ་ཞི་བ་ལྷས། སེམས་ཅན་དང་ནི་སངས་རྒྱས་གཉིས། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་མཆོད་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། །ཞེས་པ་བཞིན་ཡིན་ཞིང་། ཉིད་ལྟ་བུའི་ཆོས་གྲོགས་རེ་ཡོད་པར་སྤོབས་པ་ཆེན་པོ་བྱེད་བཞིན་ཡོད་ལགས། ཐུགས་རྗེ་ཆེ། ཀླུ་སྨྱོན་ནས།

—————-
ཡིད་ཆེས་ལྡན་པའི་གྲོགས་པོ་ཀླུ་སྨྱོན་ལགས།

ཉིད་ཀྱི་རོགས་རམ་མཛད་ པའི་ཁྱི་མོ་དེ་འདི་ནས་སྨན་བཅོས་དང་ཁ་ལག་མཐུན་འགྱུར་བྱས་པ་ལས་མཇུག་མའི་ནད་ གཞི་དང་སྔོ་ནད་དེ་དག་ཕལ་ཆེར་དྲག་རྒྱས་བྱུང་ཡང་། ད་ལན་ཡང་མོ་མཚན་ལ་ནད་ཞིག་བྱུང་འདུག་པར་སྨན་བཅོས་བྱེད་མུས་ལྟར་ཡིན། ཉིད་ནས་བཏང་བའི་དངུལ་དེ་ཚོ་ཁྱི་ཁོ་ནའི་ཆེད་དུ་འགྲོ་ཐབས་བྱེད་ཀྱི་ཡོད། དེ་བཞིན་ཁྱི་ཕྲུག་གསུམ་ལས་གཅིག་མིས་བདག་པོ་རྒྱག་སོང་། ད་ཆ་གཉིས་འདུག དངུལ་ད་དུང་ལྷག་ཡོད་པས་རིམ་པས་ཁྱི་ཚོའི་རིགས་ལ་མཐུན་འགྱུར་བྱས་རྗེས་རྩིས་ ཁྲ་ཡང་ཕུལ་ཆོག
གྲོགས་པོ་ར་ས་ཕོ་ཉས།
—————–
ཕོ་ཉ་ལགས། སེམས་གཏིང་ནས་ཐུགས་རྠེ་ཆེ་ཞུ། ང་སྔོན་མར་འབྲས་སྤུངས་སུ་ཡོད་དུས་ཁྱི་མོ་དམར་མོ་ལྟ་བུའི་ཁྱི་མང་པོ་ཞིག་གི་ ཕྱི་ལུས་པོ་རྨ་དང་རྣག་གིས་གཟིར། ནང་ཁོག་པ་ལྟོགས་དང་སྐོམ་པས་གཟིར་བཞིན་པ་མཐོང་ཡང་དེ་དུས་ང་རང་གྲྭ་པ་གྲྭ་ རྐྱང་དབུལ་བོ་དབུལ་ནག་ཅིག་ཡིན་པས་དེ་ཚོར་རོགས་རམ་བྱེད་ཐབས་བྲལ་ཡང་སྙིང་རྗེ་ ཤས་མི་བཟོད་པ་རེ་སྐྱེས་མྱོང་། དེ་རིང་ད་དུང་དབུལ་བོ་ཞིག་ཡིན་མོད་སྔོན་ཆད་ལས་ལྡབས་ཀྱིས་གནས་སྟངས་བཟང་པས་ ཁྱི་མོ་དེར་རོགས་རམ་ཕྲན་བུ་ཞིག་བྱེད་འདོད་སྐྱེས་སོང་། གལ་སྲིད་ཉིད་ཀྱིས་པར་དེ་བཞག་མེད་ན་ང་དང་ཁྱི་མོ་དམར་མོ་གཉིས་ཇི་ལྟར་ངོ་ཐུག་ ཐུབ། འདི་ནི་ཁྱེད་ཀྱི་བཀའ་དྲིན་རེད། ཐུགས་རྗེ་ཆེ། ཇི་སྲིད་ཁྱི་མོ་དམར་མོ་དེ། ། གཞན་དུ་མ་འཁྱམས་དེ་སྲིད་དུ། ། ལྟོ་དང་སྨན་བཅོས་གང་དྲགས་རེ། ། གནང་རོགས་ར་ས་ཕོ་ཉ་ལགས། ཞེས་ལྡོམ་པོ་ཀླུ་སྨྱོན་ནས།

—————–
གྲོགས་པོ་ཀླུ་སྨྱོན་ལགས།

འདི་ནས་ཉིད་ནས་ཁྱི་མོ་དེར་གནང་བའི་རོགས་དངུལ་དེ་ལེན་ཟིན་པ་ཡིན། བློ་བཟང་xxxནི་ ཁྱི་མོ་དེ་འདུག་སའི་ཉེ་ཁྲིད་ཀྱི་གྲྭ་ཤག་ཏུ་སྡོད་མཁན་ཞིག་ཡིན། ཁོ་བརྗོད་གསལ་དེ་ལ་ཁྱི་མོ་དེ་ཇི་ཙམ་བར་དེར་བསྡད་ཡོང་མི་ཤེས། ཁྱི་ཕྲུག་དེ་ཚོ་ཆེན་པོ་ཆགས་ཚེ་བསྡད་ཨེ་ཡོང་ཟེར་གྱི་འདུག གང་ལྟར་ཡང་། ཉིད་ནས་བསྐུར་བའི་དངུལ་དེ་ཚོ་སེམས་ཅན་གྱི་ལུས་ཐོག་ལ་སྨན་པ་བྱེད་ཆོག རྩིས་ཁྲ་ཡང་རིམ་པས་བསྐུར་ཆོག
ར་ས་ཕོ་ཉས།
————-
ར་ས་ཕོ་ཉ་ལགས། ངས་དེ་རིང་བློ་བཟང་
xxxxཀྱི་མིང་ཐོག་ཏུ་ཨ་སྒོར་ཉིས་བརྒྱ་བསྐུར་ཡོད། དེ་ནི་རྒྱ་གར་གྱི་སྒོར་བརྒྱད་སྟོང་བདུན་བརྒྱ་དགུ་བཅུ་དང་པེ་ཤ་བཅུ་བཞི་རེད། 8790.14 དངུལ་ལེན་སའི་གསང་ཨང་ནི། 033 xxxx རང་རེའི་མ་རྒན་ཁྱི་མོ་དམར་མོ་དེར་སྨན་བཅོས་གནང་རོགས། ཟ་མ་རེ་ཡང་སྦྱིན་རོགས། དེ་བཞིན་རྩིས་ཁྲ་ཁམས་དྭངས་རེ་ཡང་གནངས་རོགས། འདི་ནི་གྲོགས་པོའི་མཛའ་བརྩེ་གོང་དུ་འཕེལ་བའི་ཆ་རྐྱེན་ཞིག་ཀྱང་རེད། ཞོར་ནས་ཁྱི་ཕྲུག་དེ་ཚོར་ཡང་ལྟ་རྟོག་རེ་གནང་རོགས། དངུལ་འདི་མང་པོ་ཞིག་མིན་ཡང་སེམས་ཀྱིས་མ་བཟོད་པའི་རྣམ་འགྱུར་ཞིག་ཡིན། ཞེས་ལྡོམ་པོ་ཀླུ་སྨྱོན་ནས།
——————–
གྲོགས་པོ་ཀླུ་སྨྱོན་ལགས།

ཁྱེད་ཀྱིས་དངུལ་འོག་མིང་པ་ངའི་གྲོགས་པོ་དེའི་མིང་ཐོག་
western union བརྒྱུད་སྐུར་ན་ལེན་ཐུབ། ཁོའི་མིང་ལ་ lobsang xxxxx དང་། ཁ་བྱང་། drepung loseling (gowo) p.o.Tibetan colony, mundgod Karnataka state India རེད།. དངུལ་བཏང་ཟིན་པ་དང་། ཁོ་བོར་གློག་འཕྲིན་ནམ་ཁ་པར་བརྒྱུད་གསང་ཨང་གསུངས་རོགས། ངའི་ཁ་པར་ཨང་།་༠༠༩༡-༨༨༩༢༨༢xxxx རེད།
ར་ས་ཕོ་ཉས།

——————–
ཕོ་ཉ་ལགས། ཉིད་ཀྱི་སྡོད་གནས་ཁ་བྱང་དང་ལག་ཁྱེར་སྟེང་གི་མིང་ངོ་མ་དེ་བྲིས་ནས་ཅིག་སྐུར་ དང་ངས་འདི་ནས་དངུལ་ཏོག་ཙམ་ཞིག་བསྐུར་ཡོང་། དེས་ཁྱེད་ཀྱིས་ཁྱི་མོ་དེ་ཕྱུག་རིགས་སྨན་པའི་རྩར་ཁྲིད་ནས་སྨན་བཅོས་ཤིག་བྱེད་ རོགས། དེ་གར་
West Union ཞེས་པའི་དངུལ་བསྐུར་ས་དེ་ཡོད་དམ། ས་གནས་གཞན་དག་ཏུ་དངུལ་ཁང་ཚོར་དེ་ཡོད་པ་དང་མི་སྒེར་བས་ཀྱང་དེ་སྒོ་ཕྱེས་པ་དེ་ འདྲ་འདུག ཞེས་ཀླུ་སྨྱོན་ནས།
———————-
ཁ་བ་ལགས། དགོན་པའི་སྨན་ཁང་ནས་ཁྱི་དེར་བཅོས་བྱ་རྒྱུ་ཁག་པོ་རེད། འོན་ཀྱང་ཉིད་ནས་ཕྱག་དངུལ་གནང་ན་འདིའི་ས་གནས་ཕྱུགས་རིགས་སྨན་པ་དང་། ཉེ་ཁྲིད་གྲོང་ཁྱེར་ཁྱི་ཡི་སྨན་པའང་ཡོད།
. གལ་ཏེ་ཕྱག་དངུལ་གནང་བློ་ཡོད་ན་ཇི་ལྟར་གནང་འཆར་གསུངས་རོགས། ཁོ་བོས་ཁྱི་དེའི་ཐོག་སོང་བ་བྱེད་ཆོག
> ར་ས་ཕོ་ཉས།
—————
ཕོ་ཉ་ལགས། ངའི་ཁ་པར་ཨང་གྲངས་ནི ༢༠༦
xxxx ཡིན། རོགས་རམ་བྱེད་སྟངས་ནི་དེ་གའི་དགོན་པའི་སྨན་ཁང་ནས་ཁྱི་མོ་དེར་རྨ་བཅོས་བྱས་ ནས་ལུས་སྟེང་གི་རྨ་ཁར་དྲགས་སྐྱེད་ཨེ་འབྱུང་བལྟ་རྒྱུ་དེ་ཡིན། དེ་ནས་ཁྱི་མོ་དེར་ཟ་མ་རེ་ཉོ་རྒྱུ་དེ་ཡང་ཡིན།
———
མཚུངས་མེད་ཀླུ་སྨྱོན་མཆོག་ལ།

ཉིད་ནས་ཁྱི་མོ་དམར་པོ་དེར་རོགས་རམ་གནང་འཆར་ཡོད་པ་ཁོ་བོའི་ཟིན་བྲིས་སུ་ གསུངས་འདུག་ན། ཇི་ལྟར་སྣང་འཆར་ཡོད་གསལ་པོ་གསུངས་རོགས། ཡང་ན་ཉིད་ཀྱི་ཁ་པར་ཨང་གྲངས་ཤིག་གནང་རོགས། ར་ས་ཕོ་ཉས།
--------
ཁྱི་མོ་འདིའི་སྐོར་གྱི་གསར་འགྱུར་ཐོག་མ།
http://www.tibettimes.net/blogs.php?id=234&post_id=13389

0 བསམ་ཚུལ་འདོན་པ།:

Post a Comment