ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Wednesday, 9 March 2011



སྤྱི་ལོ་༡༩༣༠གཡས་གཡོན་ནས་བོད་པའི་ཚོང་བ་དང་ གནས་སྐོར་བ་སོགས་བོད་ཀྱི་ལྷོ་ནུབ་རྒྱལ་ཁབ་སྟེ་བལ་ཡུལ་དང་རྒྱ་གར་གཉིས་སུ་ བསླེབས་གྲངས་ཇེ་མང་དུ་སོང་བ་དང་། ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་དུས་སུ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་སོགས་ ཕྱི་རྒྱལ་དུ་གློག་ལས་དང་དངུལ་ལོར་གསར་བཟོ་སོགས་ཀྱི་ཆེད་དུ་བཏང་བ་དང་། སྤྱི་ལོ་༡༩༥༩ལོའི་ཡར་སྔོན་དུ་བོད་ས་གནས་སྲིད་གཞུང་གིས་ཚོང་དོན་ རྟོག་ཞིབ་ཚོགས་པ་ཞིག་ཨ་རི་དང་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་བཏང་བ་གཉིས་ནི་བོད་ རིགས་མི་གྲངས་གསུམ་ཡན་ཆད་སྡེབས་གཅིག་ཏུ་ནུབ་ཕྱོགས་སུ་བསྐྱོད་པའི་ལེ་ཚན་གསར་ པ་རེ་ཡིན།
༡༩༥༨གཡས་གཡོན་ནས་བརྩམས་ཏེ་བོད་རིགས་ཁྲི་བཅུ་གྲངས་ཤིག་གོང་གི་རྒྱལ་ཁབ་དེ་ གཉིས་སུ་འཕེལ་ཚད་མགྱོགས་པོའི་ངང་བསླེབས་ཤིང་། སྤྱི་ལོ་༡༩༦༠གཡས་གཡོན་ནས་བརྩམས་ཏེ་བོད་པ་གང་འཚམ་ཞིག་ནུབ་ཕྱོགས་རྒྱལ་ཁབ་ཁག་ ཏུ་བསྐྱོད་མགོ་བརྩམས།
སྤྱི་ལོ་༡༩༩༢ དང་༡༩༩༥ལོ་གཉིས་སུ་ཨ་རིར་བོད་པ་མི་གྲངས་གཅིག་སྟོང་ཅན་གཉིས་སྔ་ཕྱིར་བསླེབས་ པ་དེས་བོད་པ་ནུབ་ཕྱོགས་སྤྱི་ཚོགས་སུ་བསྐྱོད་པའི་སྒོ་ཆེན་ཞིག་ཕྱེས་པ་དང་། མི་གཅིག་སྟོང་ཅན་གྱི་གནས་སྤོ་ཐེངས་གཉིས་དེའི་ཁྲོད་དུ་མི་དེ་དག་གི་ནང་མི་ཨ་ རིར་བསླེབས་པ་དང་། ཡང་དེ་དག་གིས་ཐབས་ཤེས་འདྲ་མིན་གྱིས་རང་རང་ནི་སྤུན་མཆེད་དང་གྲོགས་པོ་སོགས་ ཕྱི་རྒྱལ་དུ་བསྐྱོད་པའི་རོགས་རམ་བྱས་ནས་ལོ་ངོ་བཅུ་ཕྲག་གཅིག་དང་ཕྱེད་ཀའི་ རིང་ལ་ཨ་རིའི་ནང་དུ་བོད་པ་བདུན་སྟོང་དང་ཁེ་ན་སྒྲར་ལྔ་སྟོང་། ཡོ་རོབ་རྒྱལ་ཁབ་ཁག་ཏུ་བོད་པ་ལྔ་སྟོང་བརྒལ་བ་ཞིག་སྟེ་གློ་བུར་དུ་བོད་རིགས་ ཁྲི་གཉིས་ཡན་ཆད་ནུབ་ཕྱོགས་སུ་བསླེབས་ཟིན།
བོད་རིགས་འདི་དག་ནུབ་ཕྱོགས་སུ་བསླེབས་པར་རྒྱབ་ལྗོངས་མི་འདྲ་བ་སྣ་ཚོགས་ ཤིག་ཡོད་མོད། མི་འདི་ཚོས་ནུབ་ཕྱོགས་སུ་ཉིན་རེའི་འཚོ་བ་རོལ་སྟངས་དེ་ནི་སྡོམ་རྒྱག་མི་ཐུབ་ པའི་མགོ་རྙོག་པོ་དེ་འདྲ་གང་ཡང་མ་རེད། སྤྱིར་ན་ནུབ་ཕྱོགས་སྤྱི་དང་ཁྱད་པར་དུ་ཨ་རི་ལྟ་བུར་མཚོན་ན་འབྱོར་ལྡན་མ་རྩ་ རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་དུས། ཆེ་བས་ཆུང་བ་ཟ་བ་དང་ཆུང་བས་ཡང་ཆུང་ཟ་བ་ནི་གཞི་རྩའི་སྤྱི་ཚོགས་ཀྱི་འགྲོ་ སྟངས་ཤིག་ཡིན་ཞིང་། རྒྱུ་ཡོད་ན་ཨ་རྒྱ་དེན་རྒྱ་དང་རྒྱུ་མེད་ན་དེན་རྒྱ་སྣབས་ལུག་དེ་རང་གི་གནས་ སྟངས་ཤིག་ཏུ་ཡོད་པ་རེད།
ཨ་རིའི་ཉིག་ཡོར་གྲོང་ཁྱེར་གྱི་ཉེ་འགྲམ་དུ་བོད་རིགས་ལྔ་སྟོང་ཙམ་ཞིག་གནས་ སྡོད་བྱེད་བཞིན་ཡོད་ཅིང་། མང་ཆེ་བས་ཟ་ཁང་དང་ཚོང་ཁང་། མགྲོན་ཁང་དང་བཟོ་གྲྭ་སོགས་སུ་ལས་ཀ་འདྲ་མིན་བྱེད་བཞིན་ཡོད་ལ། བོད་རིགས་བུད་མེད་མང་པོ་ཞིག་གིས་བྱིས་གཉོར་གྱི་ལས་ཀ་སྒྲུབ་བཞིན་ཡོད། དེ་མིན་མི་སྐོར་ཞིག་གིས་ཉིག་ཡོར་གྲོང་ཁྱེར་གྱི་སྲང་ལམ་ཁག་ཏུ་ཉིག་ཡོར་གྲོང་ ཁྱེར་གྱི་འདྲ་པར་སྣ་ཚོགས་དང་ཡང་ན་བོད་པའི་ཡུལ་ཐོན་དངོས་རྫས་སོགས་བཤམ་ཚོང་ བྱེད་བཞིན་ཡོད། པར་ཚོང་གི་ལས་ཀ་དེ་ནི་སྤྱིར་ན་སྣང་བ་སྐྱིད་པོ་ཞིག་ཡོད་ཀྱང་དབྱར་ཁར་ཚ་བ་དང་ དགུན་ཁར་གྲང་བའི་སྡུག་བསྔལ་བཟོད་ཐུབ་པ་ཞིག་ངེས་པར་དུ་དགོས། ཉིག་ཡོར་གྲོང་ཁྱེར་གྱི་འཁྲིས་ཤིག་ཏུ་རྒྱ་ནག་གྲོང་བརྡལ་ཟེར་བའི་གྲོང་བརྡལ་ ཆེན་པོ་ཞིག་ཡོད་པར་བསྐྱོད་ཚེ་ཟི་ལིང་ལ་བསླེབས་པའི་སྣང་བ་ཞིག་ཀྱང་སྟེར་ཞིང་། བོད་པ་མང་པོ་ཞིག་གིས་དེ་བར་ལས་ཀ་འཚོལ་བར་བྱེད། བོད་ནས་བསླེབས་པའི་བོད་པ་མང་པོ་ཞིག་གིས་རྒྱ་ནག་པ་དང་མཉམ་དུ་ལས་ཀ་བྱེད་པ་དང་ རྒྱ་གར་དང་བལ་ཡུལ་ནས་བསླེབས་པ་མང་པོ་ཞིག་གིས་ཨ་རི་བ་དང་རྒྱ་གར་བའི་མཉམ་དུ་ ལས་ཀ་བྱེད་པ་ནི་སྤྱིར་གཏང་གི་ལུགས་སྲོལ་དཀྱུས་མ་ཞིག་རེད།
ཉིག་ཡོར་དུ་བོད་པའི་ཁྲོད་དུ་ཁང་པ་ཉོས་ཡོད་མཁན་ ཉུང་ཉུང་ཞིག་ལས་མེད་པ་དང་། མང་ཤོས་ཀྱིས་ཁང་པ་གླས་ནས་སྡོད་ཅིང་། དེ་ཡང་ཁང་མིག་རེ་རེའི་ནང་དུ་མི་གཉིས་གསུམ་དང་སྐབས་རེར་བརྒྱད་དགུ་མཉམ་དུ་ཉལ་ དགོས་པའི་དུས་ཀྱང་ཡོད། ཨ་རིར་གཏན་སྡོད་ཀྱི་ཡིག་ཆ་ཐོབ་པར་ལམ་ཁ་ཁ་ཤས་ཤིག་ཡོད་པའི་དང་པོ་དེ་ནི་ཡུལ་ གྱར་བའི་ཡིག་ཆ་ལེན་རྒྱུ་དང་། ཡང་ན་ཨ་རིའི་མི་ཁོངས་ཡིན་པ་ཞིག་ལ་གཉེན་སྒྲིག་བྱེད་པ། དེ་མིན་ཆོས་ཚོགས་དང་ལས་ཁུངས་སོགས་ཀྱིས་ཁག་ཐེག་འགན་ལེན་བྱས་ཏེ་གཏན་སྡོད་ཡིག་ ཆ་བཟོ་བ་སོགས་ཡོད།
དེ་ཡང་རྒྱ་གར་དང་བལ་ཡུལ་ནས་ཡོང་མཁན་དག་གིས་རྒྱལ་ཁབ་དེ་གཉིས་སུ་དབྱིན་ ཡིག་གང་འཚམ་རེ་སྦྱངས་པ་སྔོན་དུ་སོང་ཟིན་ཚེ་ལས་ཀ་ཏོག་ཙམ་ཡག་པོ་རེ་རག་ཐུབ་ ཅིང་། བོད་ནས་ཤར་རྒྱག་ཡོང་མཁན་དང་རྒྱ་བལ་ནས་ཡོང་ན་ཡང་དབྱིན་སྐད་མི་ཤེས་མཁན་དག་ལ་ ལས་ཀ་ཐེབས་ཆག་དེ་འདྲ་ལས་མི་རག ཡིན་ན་ཡང་རྒྱ་སྐད་ཤེས་ན་ལས་ཀ་ཅུང་ཡག་པོ་རེ་རག་པའི་གོ་སྐབས་ཤིག་ནམ་ཡང་ཡོད། རྒྱ་ནག་གྲོང་དུ་ལས་ཀ་འཚོལ་སའི་ས་ཚིགས་ཆུང་ཆུང་དེ་འདྲ་ཡོད་སར་སོང་ནས་ཐོ་ འགོད་གླ་གང་འཚམ་རེ་སྤྲད་ན་ཉིག་ཡོར་གྲོང་ཁྱེར་རམ་ཡང་ན་ཞིང་ཆེན་གཞན་པའི་ནང་ དུ་ཡོད་པའི་ཚོང་ཁང་དང་ཟ་ཁང་སོགས་སུ་ལས་ཀ་བྱེད་པར་གཏོང་གི་རེད།
བོད་རིགས་སྤྱིའི་ཆ་ནས་དཔལ་འབྱོར་སྐྱོ་བོ་ཡིན་པའི་རྐྱེན་གྱིས་ཡིན་ནམ་བོད་ པ་བྱང་སེམས་ཆེ་བས་ཡིན་མི་ཤེས་ཀྱང་། བོད་པ་ཨ་རིར་ཡོད་པ་ཚོས་དངུལ་ཅུང་ཙམ་རེ་བསགས་རྗེས་རང་རང་གི་ནང་མི་དང་ཕུ་ནུ་ གྲོགས་པོ་དགོན་པ་གྲྭ་ཚང་སོགས་ལ་གང་ནུས་ཀྱིས་རོགས་རམ་བྱེད་སྲོལ་བཟང་པོ་ཞིག་ མུ་ནས་མུ་རུ་འདུག དེང་སྐབས་བོད་པའི་ཁྲོད་དུ་གཉེན་སྒྲིག་རྫུན་མ་བྱས་ནས་སྒོར་མོ་ལེན་མཁན་ཡང་གང་ འཚམ་ཞིག་ཡོད་པའི་སྐད་ཆ་ཐོས་རྒྱུ་ཡོད་ཅིང་། ཁོ་བོའི་ངོ་ཤེས་མི་རྒན་ཞིག་ལ་རྒྱ་གར་ནས་གྲོགས་པོ་ཞིག་གི་ཚ་མོ་མནའ་མར་སྤྲོད་ བྱས་ཏེ་ཡིག་ཆ་བཟོས་ཚར་རྗེས་མི་རྒན་ཡོད་སའི་ས་གནས་དེར་མ་ཡོང་བར་གནམ་གྲུ་ལས་ ཤར་རྒྱག་ཉིག་ཡོར་ལ་འཕུར་སོང་བ་ལྟ་བུ་རང་གི་མནའ་མ་མི་ཚེ་གང་བོར་མཐོང་མ་མྱོང་ མཁན་ཡང་འདུག ཨ་རིའི་ཁ་ལིས་ཧྥོ་ནི་ཡ་དང་མེ་ནེ་སོ་ཀྲ་སོགས་ཞིང་ཆེན་གཞན་པའི་ནང་དུ་བོད་པའི་ བོད་པ་ཕལ་མོ་ཆེས་ཁང་པ་རེ་ཉོས་ཟིན་ཡོད་པ་དང་། དེ་ཡང་བུ་ལོན་བླངས་ཏེ་ཉོས་པས་ལོ་ཉི་ཤུ་སུམ་ཅུ་བུ་ལོན་གྱི་འོག་ནས་མ་ཐར་བར་ སྡོད་དགོས་ཤིང་། ལོ་ལྔ་དྲུག་རེར་བུ་ལོན་ཕར་ཞོགས་བུ་ལོན་གྱི་སྐྱེད་ཀ་གཅིག་པོ་ཡང་སྤྲོད་མི་ཚར་ བའི་དཀའ་ངལ་ཞིག་འདུག ཡིན་ན་ཡང་ཁྱིམ་ཚང་གཅིག་ལ་ལས་ཀ་བྱེད་མཁན་ལྔ་དྲུག་རེ་ཡོད་ན་ལོ་ལྔ་དྲུག་དང་ཡང་ ན་བཅུ་གྲངས་ཤིག་གི་ནང་དུ་བུ་ལོན་འཇལ་ཚར་གི་རེད། ཡིན་ན་ཡང་ཁང་པ་དེ་ལ་དཔག་པའི་ཁྲལ་ཞིག་ལོ་རེ་བཞིན་འཇལ་དགོས་ཤིང་། ཁང་པ་དཀྱུས་མ་ཞིག་ལ་ཡང་ཁྲལ་ཨ་སྒོར་སུམ་སྟོང་ཙམ་རེ་འཇལ་དགོས་ཀྱི་འདུག
གང་ལྟར་ནུབ་ཕྱོགས་ཨ་རི་དང་ཁེ་ན་སྒྲ་སོགས་སུ་ཡོད་པའི་བོད་པ་ཚང་མ་སྐྱིད་ པོ་ལྷོད་པོ་བྱས་ནས་ཉི་མ་གཅིག་ལ་ཡང་སྡོད་ཁོམ་མེད་པར་ནུབ་ཕྱོགས་ཟང་ཟིང་གི་མི་ ཚེའི་ཁྲོད་དུ་མ་ཤེས་མ་ཚོར་བར་མགོ་ལ་སྐྲ་དཀར་སྐྱེས་ཤིང་ངོ་གདོང་གཉེར་མས་ ཁེངས་པའི་དུས་ཚོད་ཅིག་གིས་དབང་མེད་དུ་འཆི་བདག་གཤིན་རྗེའི་སྒོ་དྲུང་དུ་ འདྲུད་པར་བྱེད་དོ། །

0 བསམ་ཚུལ་འདོན་པ།:

Post a Comment