ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Thursday, 10 March 2011

དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་དུ་ཉིན་མོར་རིགས་རུས་མཐོ་དམན་ལ་མཆོག་ཏུ་འཛིན་མོད། མཚན་མོ་བསླེབས་ཚེ་བྲམ་ཟེ་གདོལ་བར་འགྱུར་བ་དང་གདོལ་བ་བྲམ་ཟེར་འགྱུར་འགྲོ་ ཞེས་བརྗོད་པ་བཞིན། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་མདོ་དབུས་ཁམས་གསུམ་དུ་རིས་སུ་གཅོད་པའི་འདུ་ཤེས་རྙིང་པ་དེ་ད་དུང་གྲྭ་པ་མ་ཉམས་པར་ཡོད་ན་ཡང་། ཕྱི་སྡོད་བོད་པའི་ཁྲོད་ཀྱི་དཀའ་ངལ་ཆེན་པོ་ཞིག་སྟེ་གཉེན་ཡ་འཚོལ་དུས་ཆོལ་ཁའི་ཕྱོགས་རིས་བརྩད་ནས་འདུག་ཁོམ་མེད་པར་མི་མང་ཤོས་ཀྱིས་གང་མགྱོགས་སྒོས་ཉལ་རོགས་ ཟ་རོགས་ཤིག་འཚོལ་ཅི་ཐུབ་བྱེད་དོ།། ལྷག་པར་དུ་ཨ་རི་དང་ཡོ་རོབ་སོགས་སུ་ཡོད་པའི་བོད་པའི་སྤྱི་ཚོགས་ཁྲོད་དུ་བཟའ་ ཟླ་འོས་འཚམ་ཞིག་མ་རག་པའི་སྡུག་བསྔལ་དང་ལྷག་པར་དུ་བཟའ་ཟླ་ཞིག་གཏན་ནས་མ་རག་པའི་སྡུག་བསྔལ་འདིས་མི་རྣམས་ལ་དུས་རྟག་ཏུ་གཙེ་བར་བྱེད་དོ།།

སྣང་ཚུལ་འདིའི་དབང་གིས་རྒྱ་གར་དང་བལ་ཡུལ་དུ་སྡོད་པའི་བོད་པའི་ཕོ་གསར་མོ་གསར་མང་པོ་ཞིག་གིས་ཕྱི་གླིང་པ་རྒན་རྒོན་རང་གི་ཕ་མ་བྱེད་ཆོག་པ་རེ་དང་མཉམ་དུ་ གཉེན་སྒྲིག་བྱེད་པའམ་ཡང་ན་གཉེན་སྒྲིག་རྫུན་མ་བྱས་ནས་ནུབ་ཕྱོགས་སུ་ཐར་ཅི་ཐུབ་བྱེད་པ་དང་། བོད་རིགས་ནང་ཁུལ་དུ་ཡང་རང་ཉིད་ལས་ལོ་ན་སོ་ལྡབས་ཀྱིས་རྒན་པ་དག་དང་མཉམ་དུ་ གཉེན་སྒྲིག་མི་བྱེད་རང་བྱེད་དུ་གྱུར་ཡོད།
དེ་ཡང་དེང་སྐབས་གཉེན་ཡིག་ རྫུན་མ་བཟོས་ནས་ནུབ་ཕྱོགས་སྤྱི་ཚོགས་སུ་འགྲོ་མཁན་ཧ་ཅང་མང་ཞིང་། དེ་ཡང་ཨ་རི་ལྟ་བུར་མཚོན་ན་ཨ་སྒོར་ཉིས་ཁྲི་ལྔ་སྟོང་དང་ཡང་ན་སུམ་སྟོང་ཙམ་ སྤྲད་ནས་གཉེན་ཡིག་རྫུན་མ་བཟོ་མཁན་གང་སར་ཁེངས་བསྡད་ཡོད་པ་དང་། རེ་ཟུང་གིས་གཉེན་ཡིག་རྫུན་མའི་སྟེང་ནས་ཕོ་མོ་གང་རུང་ཞིག་ཨ་རིར་བླངས་རྗེས་ས་ གནས་ཁ་ཁར་བསྡད་པ་དང་། ཨ་རིའི་གསང་བའི་ལས་ཁུངས་ཀྱང་སྤྱང་ཐག་ཆོད་ཡོད་པས་གཉེན་སྒྲིག་རྫུན་མ་ཡིན་པ་ ཤེས་ཏེ་སྒོ་ཁར་ཡོང་ནས་འདྲི་རྩད་བྱེད་པ་ཡང་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད། རང་རེའི་བོད་ཡུལ་དུ་རྒན་རྒོན་ཚོ་དང་ཕ་མ་ཚོས་གཅིག་གིས་གཅིག་ལ་བུ་ལ་མནའ་མ་དང་ བུ་མོར་མག་པ་འཚོལ་རོགས་བྱེད་པ་བཞིན། རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་གྲོགས་པོ་ཚོས་ཀྱང་ཨ་རི་སོགས་ནུབ་ཕྱོགས་སུ་ཡོད་པའི་རང་རང་གི་གྲོགས་པོ་ཚོར་མནའ་མ་དང་མག་པ་འཚོལ་རོགས་བྱེད་པ་དང་། ཨ་རིར་སྡོད་པའི་གྲོགས་པོ་དག་གིས་ཀྱང་ཕན་ཚུན་མནའ་མ་དང་མག་པ་འཚོལ་རོགས་བྱེད་དོ།། དེ་ཡང་གྲོགས་པོའི་ངོར་བལྟས་ནས་རྒྱུ་ནོར་མི་ལེན་མཁན་སྐོར་ཞིག་དང་སྤུན་མཆེད་ཀྱི་བར་དུ་ཡང་ཨ་སྒོར་ཉིས་ཁྲི་སུམ་ཁྲི་སྤྲད་ན་མ་གཏོགས་གཉེན་སྒྲིག་རྫུན་མ་མི་ རྒྱག་མཁན་ཡང་ཡོད་དོ།།
 
ད་ནི་ཕྱི་མིག་ གིས་རྒྱ་གར་དང་བལ་ཡུལ་གྱི་ཕྱི་སྡོད་བོད་མིའི་འཚོ་བར་རོབ་ལྟ་ཞིག་བྱེད་ཡ། སྐད་གསུམ་སྨྲ་བ་སྐུ་ཞབས་བྲག་གདོང་བཀྲས་གླིང་དབང་རྡོར་ལགས་ཀྱིས་བརྩམས་པའི་སྒྲུང་འབྲིང་གྲགས་ཅན་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ཅེས་པ་དེ་ཀློག་མྱོང་མཁན་ཞིག་ཕྱིན་དུས་རབས་སྔོན་མའི་ལོ་རབས་སུམ་ཅུ་པའི་ནང་དུ་རྒྱ་གར་བྱང་ཤར་གྱི་གྲོང་བརྡལ་ཀ་བློན་སྦུག་དང་རྡོ་རྗེ་གླིང་གཉིས་ནི་བོད་པའི་ཚོང་བ་ཚོས་བོད་ཀྱི་ལུག་བལ་འཚོང་བའི་ཁྲོམ་ར་ཆེན་པོ་གཉིས་ཡིན་པ་ཤེས་ཐུབ་ ཅིང་། དེའི་རྗེས་ཀྱི་ལོ་རབས་ལྔ་བཅུ་པ་དང་དྲུག་ཅུ་པའི་ནང་རྒྱ་གར་དུ་འབྱོར་བའི་བོད་པ་ཚོའི་ལས་དབང་ཡང་ལུག་བལ་གྱི་གསེབ་ནས་ཐར་མེད་པ་སྟེ། རྒྱ་གར་དུ་བོད་པ་ཚོས་ཐོག་མར་ལམ་བཟོའི་ལས་ཀ་བྱས་ཤིང་། དེའི་རྗེས་སུ་རྒྱ་གར་ཚོང་པའི་ས་ནས་བལ་བཟོས་ཀྱི་གྱོན་ཆས་འདྲ་མིན་བུ་ལོན་དུ་ བླངས་ནས་རྒྱ་གར་ཤར་ལྷོ་ནུབ་བྱང་གང་སར་ཚོང་རྒྱག་ཏུ་བསྐྱོད་དང་སྐྱོད་བཞིན་ཡོད་པ་རེད། དེ་ཡང་བོད་པ་མང་ཆེ་བས་ལས་རྒྱུ་འབྲས་རྩི་བཞིན་ཡོད་པའི་བཀའ་དྲིན་གྱིས། རྒྱ་གར་ཚོང་པ་དག་གིས་བོད་པ་ཞིག་ཡིན་ཕྱིན་ཆད་ཡིད་ཆེས་ཆེན་པོའི་སྒོ་ནས་བལ་བཟོས་གྱོན་ཆས་གང་དགོས་བུ་ལོན་དུ་འཁྱེར་བར་འདོད་མོས་ཆེན་པོ་བྱེད་ཅིང་། ནམ་ཞིག་ཚོང་ཡག་པོ་བྱུང་ཚེ་དེའི་རིན་འབབ་ལས་གང་འཚམ་ཞིག་རྒྱ་གར་ཚོང་བར་སྤྲོད་ དགོས་ཀྱི་ཡོད་པ་རེད། དེའི་ཕྱིར་རྒྱ་གར་བོད་པའི་དཔལ་འབྱོར་གྱི་ཡོང་ཁུངས་ཆེ་ཤོས་དེ་ནི་རྒྱ་གར་གྱི་ གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དུ་སོང་ནས་བལ་གོས་འཚོང་རྒྱུ་དེ་ཡིན་ཞིང་། སྔོན་ཆད་ཡིན་ན་དཔྱིད་ཀར་ཞིང་ཁ་བཏབ་ཚང་རྗེས་ཕོ་མོ་རྒན་གཞོན་མེད་པར་བལ་གོས་འཚོང་དུ་འགྲོ་བ་དང་། སྟོན་མཇུག་ཚུར་ལོག་ནས་ཞིང་བྲེགས་རྗེས་ཡང་སྐྱར་དགུན་ཁའི་བལ་གོས་འཚོང་དུ་འགྲོ་ཞིང་། འགྲོ་ས་དེ་ཡང་རྒྱ་གར་ནུབ་ཕྱོགས་དང་བྱང་ཕྱོགས་ཀྱི་གནམ་གཤིས་གྲང་བའི་ས་ཁུལ་རྡི་ལི་དང་རྡེ་ར་རྡུན་ལྟ་བུ་ཡིན་ལ། གལ་སྲིད་དགུན་ཁ་དེར་གནམ་གཤིས་ཇི་ཙམ་གྲང་ན་བོད་པའི་བལ་གོས་ཀྱི་ཚོང་ཡང་དེ་ བཞིན་ལེགས་པོ་ཡོད་ཅིང་། ཁྲོམ་ས་གཅིག་གི་བོད་པའི་ཚོང་ཁང་དང་རྒྱ་གར་ཚོང་ཁང་གཉིས་ལས་རྒྱ་གར་ཡུལ་སྐོར་ བ་ཚོས་བོད་པའི་ས་ནས་བལ་གོས་ཉོ་འདོད་བྱེད་པ་ནི་རྒྱུན་ལྡན་ཞིག་ཡིན་པས། ཉིས་སྟོང་ལོའི་གཡས་གཡོན་ནས་བཟུང་སྟེ་ས་གནས་རྒྱ་གར་ཡུལ་མི་ཚོང་བ་ཚོས་བོད་ པའི་ཚོང་བར་ཕྲག་དོག་གིས་མཚན་མོར་ས་སྣུམ་ཁྱེར་ཡོང་སྟེ་བོད་པའི་ཚོང་ཁང་སུམ་ཅུ་བཞི་ཅུར་སྡེབས་གཅིག་ཏུ་མེ་སྦར་ནས་རྩ་མེད་བཟོས་པའི་གནས་ཚུལ་ཅུང་ཚབས་ཆེ།
རྒྱ་གར་གྱི་རྒྱལ་ས་རྡི་ལིའི་གྲོང་ཁྱེར་གྱི་ཉེ་འགྲམ་དུ་ཆུ་བོ་གྲགས་ཅན་ཡ་མི་ན་ཞེས་པ་དེའི་འབབ་རྒྱུད་དུ་བོ་རྡི་སྦིས་ཡ་དང་མན་ཇུ་ཀྲི་ལ་ཞེས་པའི་གྲོང་བརྡལ་ ཆུང་ཆུང་གཉིས་ཡོད་པ་ནི་ལོ་ངོ་ལྔ་བཅུའི་རིང་ལ་བོད་པ་ཚོས་ཚོང་ཁང་དང་མགྲོན་ཁང་ཟ་ཁང་གསུམ་གཉེར་ནས་སྡོད་ས་ཆེ་ཤོས་དེ་ཡིན་ཞིང་། དེ་རུ་བོད་པ་གནས་སྐོར་བ་དང་ཚོང་བ། ཆོས་ཞུ་མཁན་དང་སློབ་མ་སོགས་བརྒྱ་ཡར་འགྲོ་དང་སྟོང་མར་ཡོང་རྒྱུན་ཆད་མེད་པར་འདུ་འཛོམས་བྱེད། མན་ཇུ་ཀྲི་ལའི་མདུན་ཕྱོགས་ནས་ཁ་གཏད་དུ་ཡོད་པའི་རྒྱ་གར་བའི་ཁྲོམ་ར་དེར་འགྲོ་ དུས་གློག་གཞུ་དམར་པོར་བསྒུགས་ནས་འགྲོ་ས་མེད་པར་འཕུར་བ་ལྟར་རྒྱུག་པའི་རླངས་འཁོར་དག་གི་རྒྱུག་མཚམས་ཆད་པའི་སྐད་ཅིག་མ་དེའི་ཀློང་ནས་ཕར་རྒྱུགས་དགོས་པས། བོད་པ་མང་པོ་ཞིག་གི་ཚེ་སྲོག་ལམ་ཁ་དེའི་སྟེང་དུ་རྒྱ་གར་གྱི་རླངས་འཁོར་ མགྱོགས་པོ་དག་གིས་འཕྲོགས་སོང་། དེ་བཞིན་བོད་པ་ཁེར་རྐྱང་རེ་གནམ་གྲུ་ཐང་ནས་བོ་རྡི་སྦིས་ཡ་དང་མན་ཇུ་ཀྲི་ལར་ཡོང་ལམ་ནས་རྒྱ་གར་བ་གླ་འཁོར་གཏོང་མཁན་དག་གིས་སྐེ་བགག་ནས་བསད་དེ་རྒྱུ་ནོར་ ཡོངས་རྫོགས་འཕྲོགས་པའམ་ཡང་ན་ཉི་མ་འགའི་རིང་ལ་དྲན་མེད་དུ་བརྒྱལ་བར་བྱེད་པའི་བཟི་སྨན་སྤྲད་དེ་རྒྱུ་ནོར་འཕྲོགས་པའི་གནས་ཚུལ་ཡང་ལན་མང་བྱུང་། མན་ཇུ་ཀྲི་ལ་གྲོང་བརྡལ་དེ་ནི་བོད་པས་ལོ་ངོ་བཞི་བཅུའི་རིང་ལ་ཆང་སེར་བཙོང་སའི་ས་ཆ་སྐད་གྲགས་ཆེ་ཤོས་དེ་ཡིན་ཞིང་། རྒྱ་གར་གླ་འཁོར་གཏོང་མཁན་ཚོས་སྒོར་མོ་ཏོག་ཙམ་རེ་བསགས་རྗེས་ལམ་སེང་དེར་ཡོང་ནས་ཆང་སེར་འཐུང་སྟེ་ར་བཟི་ནས་དྲན་པ་མེད་པ་ལྟར་འགྱེལ་སྡོད་པ་དང་། སྐབས་རེར་རྒྱ་གར་བ་གཟུགས་གཞི་སྐྱོ་བོ་དེ་འདྲས་ཆང་སེར་འཐུང་ཚོད་མ་ཟིན་པར་ཆང་ཁང་རང་དུ་ཤི་བ་མཐོང་ཚེ་ལམ་སེང་རྐང་ལག་བཞི་ནས་འཇུས་ཏེ་སྒོ་ཕྱིར་བསྐྱུར་བར་ བྱེད་དོ།།
ཡིན་ན་ཡང་ལོ་འགའི་སྔོན་ནས་བཟུང་རྒྱ་གར་གཞུང་གི་ཁྲིམས་ལུགས་དང་ བོད་པའི་ཆེ་མཐོང་ལ་དམིགས་ནས་བོད་པ་ཚོས་ཆང་སེར་བཙོང་མཚམས་བཞག་ཟིན་པའི་ཁྱབ་ བསྒྲགས་ཤིག་མཐོང་སོང་ལ། སྔོན་ཆད་ནས་བཟུང་མན་ཇུ་ཀྲི་ལ་དང་བོ་རྡི་སྦིས་ཡ་གཉིས་ནི་བོད་པ་ཨ་རི་སོགས་ནུབ་ཕྱོགས་སུ་འཕུར་ལམ་ཡོད་ན་མེད་ན་དེ་ཡིན་པས། ནུབ་ཕྱོགས་སུ་སོང་ནས་ཕྱིར་ལོག་མཁན་དང་འཕུར་ལ་ཁད་པ་དག་གི་གདོང་ན་ངའོ་སྙམ་པའི་ང་རྒྱལ་ཞིག་ཡོད་ཅིང་། ནུབ་ཕྱོགས་སུ་འཕུར་རྩིས་བྱས་ཀྱང་འཕུར་མ་ཐུབ་པ་དང་འཕུར་སྐལ་མེད་པར་ལུས་པ་དག་ གིས་འཕུར་ཟིན་པ་དག་དང་འཕུར་གྲབ་བྱེད་པ་ཚོར་ཡིད་སྨོན་དང་ཕྲག་དོག་གི་མིག་མདའ་ ཡང་འཕེན་པར་བྱེད། གང་ལྟར་མན་ཇུ་ཀྲིས་ལ་ནས་བལ་ཡུལ་དུ་འགྲོ་བའི་རླངས་འཁོར་ས་ཚིགས་ལ་ཐག་ཧ་ཅང་ཉེ་ཞིང་། རྒྱ་གར་བྱང་ཕྱོགས་ཀྱི་གྲོང་དང་གྲོང་བརྡལ་གང་ཞིག་ཏུ་འགྲོ་ན་ཡང་མཚན་གཅིག་གི་ལམ་ཁ་སྟེ་ཆུ་ཚོད་བཅུ་གཉིས་ཡས་མས་ལས་མི་འགོར་ལ། རྒྱ་གར་ཚ་བའི་ལུང་པའི་འགྲོ་སྟངས་དམིགས་བསལ་བ་ཞིག་སྟེ་རྒྱང་བགྲོད་སྤྱི་ སྤྱོད་རླངས་འཁོར་མང་ཆེ་བ་ཞིག་ཉིན་མཚན་གཉིས་ཀར་འགྲོ་བར་བྱེད་ཅིང་། འགྲུལ་བཞུད་བྱེད་དུས་ས་གནས་གང་ཞིག་ཏུ་བསླེབས་ནས་རླངས་འཁོར་བཀག་སྟེ་བཟའ་བཏུང་རེ་བྱེད་དུས་རྒྱ་གར་གྱི་གློག་བརྙན་ནང་གི་གླུ་གཞས་མི་ཐོས་ས་ཞིག་བཙལ་ཀྱང་མི་རྙེད་པ་དང་། རྒྱ་གར་གྱི་རྩིགས་པ་ཞིག་ཡིན་ཚེ་དེའི་ངོར་གློག་བརྙན་ཁྱབ་བསྒྲགས་ཀྱི་ཤོག་ཆེན་ མ་སྦྱར་བ་ཞིག་མེད་ཅེས་བརྗོད་ཀྱང་སྐྱག་རྫུན་དུ་མི་འགྲོ་བ་ཙམ་ཡོད།
རྒྱ་ གར་གློག་བརྙན་གྱི་ཤན་ཤུགས་དེ་རྒྱ་གར་བོད་པ་ཚོར་ཡང་གཏིང་ཧ་ཅང་ཟབ་མོ་ཞིག་ ཐེབས་ཡོད་པ་དང་། སྤྱིར་ན་བོད་ཡུལ་གྱི་བོད་པ་ཚོ་མང་ཤོས་ཀྱིས་རྒྱ་སྐད་མི་ཤེས་པ་དང་མི་འདྲ་བར་རྒྱ་གར་ནས་སྐྱེས་པ་དང་འཚར་ལོངས་བྱུང་བའི་བོད་པའི་ཁྲོད་དུ་རྒྱ་གར་གྱི་སྤྱི་ སྐད་ཧིན་རྡུའི་སྐད་དང་དེས་མི་ཚད་རྒྱ་གར་ཡུལ་ལུང་བྱེ་བྲག་པ་ཀར་ན་ཀྲ་ཀ་ལྟ་བུའི་སྐད་མི་ཤེས་མཁན་ཕལ་ཆེར་མེད་ཅིང་། རྒྱུ་མཚན་ཆེན་པོ་ཞིག་ནི་བོད་པ་མང་པོ་ཞིག་གོང་སྨྲོས་བཞིན་དབྱར་དགུན་གཉིས་ཀར་རྒྱ་གར་གྱི་ས་ཆ་གང་སར་བལ་གོས་འཚོང་དུ་འགྲོ་དགོས་པས་རྒྱ་གར་སྐད་བཤད་མ་ཤེས་ན་ཚོང་ལས་གཉེར་ཐབས་མེད་པས་སོ།།

0 བསམ་ཚུལ་འདོན་པ།:

Post a Comment