ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Friday, 18 March 2011


བོད་ནང་གི་དགེ་འདུན་ཆོས་འཕེལ་དྲ་བའི་ངོས་སུ་བོད་ཀྱི་རི་མོ་བ་མིང་གྲགས་ཅན་ཨ་མདོ་བྱམས་པས་དམར་བྲིས་བྱེད་བཞིན་ཚུལ་པའི་འདྲ་པར་ཞིག་བཞག་སྟེ་ཟླ་བ་ཁ་ཤས་ཕྱིན་པ་མ་ཟད་ཀློག་མཁན་གྱི་གྲངས་འབོར་དེ་ཡང་སུམ་བརྒྱ་དྲུག་ཅུ་རེ་བདུན་དུ་བསླེབས་ཡོད་ན་ཡང་དེ་རིང་བར་དུ་མི་སུ་ཞིག་གིས་ཀྱང་རིག་པ་གྲུང་པོ་དང་མིག་མདའ་རྣོན་པོ་ཞིག་སྤྱད་དེ་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པ་དེར་ཁོ་བོ་དངོས་གནས་ཧང་སངས་སོང་ལ། རང་ཉིད་ཆུང་དུས་ནས་མོ་དགའ་ཞིག་ཡིན་པའི་དབང་གིས། བོད་ཀྱི་རི་མོ་བ་གྲགས་ཅན་ལོ་ན་བདུན་ཅུ་དོན་གྲངས་ནང་སོན་པ་ཞིག་གིས་ནུབ་གླིང་དུ་དར་ཁྱབ་ཆེ་བའི་རི་མོ་འབྲི་སྟངས་ཤིག་སྟེ། བུད་མེད་གཞོན་ནུ་མ་གང་ཞིག་དམར་རྗེན་དུ་ཕུད་ནས་འདོད་ཆགས་མེ་ལྟར་འབར་བར་བྱེད་པའི་དེའི་གཟུགས་པོའི་སྒང་གཤོང་གི་མཛེས་ཆ་མ་ལུས་པ་པུར་དང་ཚོན་གྱི་ལམ་ནས་བཞེངས་སྐྲུན་བྱེད་བཞིན་པའི་ངང་ཚུལ་འདི་མཐོང་ཐེངས་རེ་རེ་བཞིན། ཁོ་བོའི་ཁོག་གི་སྙིང་དམར་པོ་དེ་སྡོད་བཟོད་མེད་པར་གྱུར་ཅིང་། དེ་དང་ལྷན་ཅིག་མིག་གདངས་ཏེ་ལན་གྲངས་མང་པོར་ལྟ་བར་ཐལ་བ་མ་ཟད། རི་མོ་མཁན་འདིའི་སྐབས་ཐོག་དེའི་ཚོར་བ་ངོ་མ་དེ་ཤེས་འདོད་ཀྱི་ཟ་འཕྲུག་ལངས་པ་ཡང་ཐེངས་གཅིག་མིན།
གལ་སྲིད་དམར་བྲིས་འབྲི་ཡུལ་དེ་ངོ་ཚ་ཧ་ཅང་སྨིན་པའི་བོད་མོ་ཞིག་ཡིན་ན། སྐབས་དེར་ཨ་མདོ་བྱམས་པའི་སེམས་ཁམས་དེ་ཇི་འདྲ་ཞིག་ཡིན་ནམ། སྐབས་དེར་བོད་མོ་དེའི་སེམས་ཁམས་ག་འདྲ་ཞིག་ཡིན་ནམ། གལ་སྲིད་དམར་བྲིས་འབྲི་ཡུལ་དེ་སྒོར་མོ་ཁོ་ན་མ་གཏོགས་མི་བསམ་པའི་རྒྱ་མོ་ཞིག་ཡིན་ན། སྐབས་དེར་རྒྱ་མོ་དེའི་སེམས་ཁམས་ཇི་འདྲ་ཞིག་ཡིན་ནམ།
དམར་བྲིས་བྱེད་པའི་ལུགས་སྲོལ་དེ་ཨ་མདོ་བྱམས་པས་བོད་ལ་གསར་བཏོད་བྱས་པ་ཡིན་ནམ། ཡང་ན་ཨ་མདོ་བྱམས་པས་དགེ་ཆོས་ཀྱི་འདོད་པའི་བསྟན་བཅོས་ལས་རྙེད་པ་ཡིན། ཡང་ན་ཨ་མདོ་བྱམས་པས་ཡོ་རོབ་དང་རྒྱ་ནག་གི་སྒྱུ་རྩལ་པ་ཚོར་དཔེ་བལྟས་པ་ཡིན།
དམར་བྲིས་བྱེད་དུས་གཞོན་ནུ་མ་དེའི་གཟུགས་པོ་ཆ་ཚང་དམར་བྲིས་བྱས་ཡོད་དམ། ཡང་ན་ལུས་སྟོད་གཅིག་པོ་ཡིན། དམར་བྲིས་དེ་འདྲ་པར་ངོས་སུ་ཡོད་པ་དེ་རང་གཅིག་པོ་ཡིན་ནམ། འདྲ་པར་ནང་དུ་མ་ཐེ་བའི་དམར་བྲིས་ད་དུང་གཞན་དག་ཡོད་དམ། དམར་བྲིས་དེ་ལྟར་བྱེད་པ་དེ་ཁྲིམས་འགལ་ཡིན་ནམ། ཡང་ན་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་དམར་བྲིས་བྱས་པ་ཡིན་ནམ།
ཁོང་གིས་དམར་བྲིས་བྱེད་ཚུལ་གྱི་འདྲ་པར་དེ་ཚོ་ཁོང་མ་གྲོངས་བར་དུ་སྤྱི་ཚོགས་སྟེང་མ་བསླེབས་པའི་རྒྱུ་མཚན་ག་རེ་ཡིན་ནམ། ལྷ་བྲིས་པ་གཞན་གྱིས་ཁོང་ལྟར་བུ་མོ་གཞོན་ནུ་མ་དག་གཅེར་བུར་ཕུད་ནས་དམར་བྲིས་བྱེད་བཞིན་ཡོད་དམ།
དམར་བྲིས་ལ་ཁ་གཡར་ནས་མི་ལུས་གཅེར་བུར་ཕུད་ན་སྡིག་ཉེས་ཡོད་དམ། གལ་སྲིད་ཡོད་ན་སྡིག་ཉེས་དེའི་ཕྱིར་དམྱལ་བར་མི་ལོ་ག་ཚོད་སྡོད་དགོས་སམ། སྡིག་ཉེས་དེ་འདག་ཐབས་ཡོད་དམ། གལ་སྲིད་ཡོད་ན་སྡིག་ཉེས་དེ་འདག་སྟངས་ག་འདྲ་ཞིག་ཡིན་ནམ།
ཨ་མདོ་བྱམས་པས་དམར་བྲིས་བྱེད་སྟངས་དེའི་རྒྱུན་འཛིན་པར་སུ་བདམས་ཡོད་དམ། དམར་བྲིས་བྱེད་པར་རྒྱུན་འཛིན་པ་ཞིག་ངེས་པར་དུ་དགོས་སམ་མི་དགོས།
གང་ལྟར་ཨ་མདོ་བྱམས་པས་དམར་བྲིས་བྱེད་པའི་འདྲ་པར་དེའི་གསང་བ་ངོ་མ་དེ་ངས་ནམ་ཡང་ཤེས་ཐབས་བྲལ། ལྷ་སར་བསྐྱོད་དེ་ཁོང་གི་དགེ་ཕྲུག་རེར་སྐད་ཆ་དྲིས་ན། སྐབས་དེའི་པར་རྒྱག་མཁན་དེར་སྐད་ཆ་དྲིས་ན། ཡང་མིན་ན་ཁོང་གི་བཟའ་ཟླར་སྐད་ཆ་འདྲི་དགོས། དམར་བྲིས་ཀྱི་འདྲ་པར་ནང་གི་གཞོན་ནུ་མ་དེ་ཁོང་གི་བཟའ་ཟླ་ཡིན་སྲིད་དམ། གལ་སྲིད་ཡིན་ན་དམར་བྲིས་བྱེད་པ་དེ་ཁོང་གཉིས་ཀའི་འདོད་པ་ཡིན་ནམ་ཁོ་རང་གཅིག་པོའི་འདོད་པ་ཡིན། དེ་ཡང་ངས་སུ་ལ་འདྲི་དགོས།

ཟིན་བྲིས་འདིར་མཆན་འདེབ་ན་སྒོ་སྒལ་ཡིག་སྒམ་ཞིག་ངེས་པར་དུ་ཡོད་དགོས།

8 comments:

  1. This comment has been removed by the author.

    ReplyDelete
  2. This comment has been removed by the author.

    ReplyDelete
  3. ཨོའོ། དེ་ནི་གསར་བཏོད་ཀྱི་རྣམ་པ་ཞིག་རེད། དངོས་གནས་དེ་འདྲ་ཞིག་ཡིན་དགོས་ཀྱི་རེད། རྒྱ་གར་གྱི་གནའ་བོའི་ལྷ་ཁང་གི་རྩིག་ངོས་དང་དིལླི་ཡི་རྒྱལ་སྤྱིའི་འགྲེམས་སྟོན་ཁང་དུ་ཡོད་པའི་སྣང་བརྙན་དེ་དག་གི་ནི་དམར་བྲིས་དཔེ་ལྟ་ས་དེ་ལྟ་བུ་རྐྱང་རྐྱང་འདུག པར་འཇོག་ས་ཞིག་ཡོད་པར་འཇོག་མོ། མེད་པའི་ཐབས་བྲལ།

    ReplyDelete
  4. དགོངས་དག གོང་གི་དེ་ཚོད་ལྟ་ཞིག་ཡིན། དེ་རིང་ནས་ལྒོ་ལྒལ་སྒམ་ཆུང་ཞིག་ཀྱང་བཟོས་ཡོད། མགྲོན་དུ་ཡོང་གིན་ཡོད།
    ཨ་མདོའི་བྱམས་པས་ལོ་བརྒྱད་ཅུའི་ནང་ལ་རྒྱ་མོ་ཆུང་ཆུང་ཞིག་ལ་གཡབ་གོ་ཁུ་ཞེས་ངས་གོ་མྱོང་། རི་མོ་བ་མིང་གྲགས་ཤིག་མིན་པ་མ་ཟད་ཞི་མོ་ཚོར་ཅིག་དགའ་ནོ་དེ་ལའང་ས་མཚམས་མི་འདུག་ཟེར་གི

    ReplyDelete
  5. སྐྱག་ལག་གིས་རི་མོ་བ་མིང་གྲགས་ཤིག་ཡིན་པ་མ་ཟད་ཟེར་རྒྱུའི་ཚབ་ལ་རི་མོ་བ་མིང་གྲགས་ཤིག་མིན་པ་མ་ཟད་ཅེས་བྲིས་འདུག ངའི་གཉན་ལག་འདིས་ངོ་མ་ཁ་སོས་ཀི་མི་འཇུག་གི

    ReplyDelete
  6. མིང་བོད་ཡིག་གིས་བྲིས་ནས་ཚོད་ལྟ་བྱས་བ་ཡིན།

    ReplyDelete
  7. ཡ་ཡ། ད་མཆན་འདོགས་སྟངས་དང་གསེག་འདྲི་སྟངས་ཚང་མ་ཤེས་སོང་། གོང་གི་ཚོད་ལྟ་དེ་ཚོ་བསུབ་རོགས། དྲ་ངོས་ལ་གཙང་དག་ཡོང་བའི་ཆེད་དུ།

    ReplyDelete