ཟིན་བྲིས་ཀྱི་སྡེ་ཚན
ཚོལ་གཤེར
དྲ་ངོས་བཀླགས་གྲངས།
བཀླགས་གྲངས་མང་ཤོས
-
ཆུ་མོ་གངྒྰ་ཤག་ཤག་རྒྱུ་བའི་དུས། ། སྟོན་ལོ་སེར་པོ་ལྷབ་ལྷུབ་འཕུར་བའི་དུས། ། གནམ་སྔོན་སྤྲིན་པ་རླུང་གིས་གཡོ་བའི་དུས། ། བ་གླང་ཁྱུ་ཞིག...
-
སྟོན་པ། ངའི་གཟན་སྣེ་མེ་རུ་འབར་སོང་། ཁྱོད་འཇིག་རྟེན་དུ་བཞུགས་དུས། གྲྭ་པ་རེ་རེའི་གཟན་སྣེ་རུ་ཞི་བདེའི་རླུང...
-
མདང་དགོང་རྨི་ལམ་ཟ་ཟི་མང་ ཡང་ཁྱད་མཚར་བོ་ཞིག་ནི་དགོན་ཆེན་ཞིག་ས་འོག་ཏུ་ནུབ་བསྡད་ཡོད་ཅིང་། དགོན་བདག་བླ་མའི་ཞལ་རས་ལ་སྐྱོ་གཉེར་དགུ་བརྩེགས་ཤིག་བ...
-
ཨ་ རིར་ འབྱོར་ ནས་ ལོ་ མང་ སོང་ བ་ དང་ ། ། ཕན་ མི་ ཐོགས་ པའི་ ངོ་ ཤེས་ འགའ་ ཡང་ ཡོད། ། ད་ ནི་ སྒྲོ་ ལོར་ ལྗང་ ཁུ་ གསོག་ དུས་ འདིར། ། སོ...
-
མདང་དགོང་རྨི་ལམ་ཅུང་ཟད་ ཉུང་ཞིང་ད་ལྟ་དྲན་ཡུལ་དུ་གཅིག་ཀྱང་མི་འདུག ཆུ་ཚོད་བརྒྱད་པ་ཙམ་ལ་གཉིད་ལས་སད་བྱུང་། ཁྲུས་ཁང་གི་སྒེའུ་ཁུང་ལས་མཁའ་དབྱིང...
ཡིག་ཚགས
-
►
2012
(39)
- 09/23 - 09/30 (1)
- 07/22 - 07/29 (1)
- 07/01 - 07/08 (1)
- 06/24 - 07/01 (1)
- 06/17 - 06/24 (1)
- 06/10 - 06/17 (1)
- 06/03 - 06/10 (1)
- 05/27 - 06/03 (2)
- 05/20 - 05/27 (2)
- 05/13 - 05/20 (1)
- 04/29 - 05/06 (3)
- 04/22 - 04/29 (2)
- 04/01 - 04/08 (3)
- 03/18 - 03/25 (2)
- 03/11 - 03/18 (3)
- 03/04 - 03/11 (1)
- 02/05 - 02/12 (1)
- 01/29 - 02/05 (2)
- 01/22 - 01/29 (3)
- 01/15 - 01/22 (2)
- 01/08 - 01/15 (3)
- 01/01 - 01/08 (2)
-
▼
2011
(94)
- 12/25 - 01/01 (2)
- 12/18 - 12/25 (5)
- 12/11 - 12/18 (3)
- 12/04 - 12/11 (3)
- 11/20 - 11/27 (1)
- 11/13 - 11/20 (3)
- 11/06 - 11/13 (3)
- 10/30 - 11/06 (6)
- 10/23 - 10/30 (6)
- 10/16 - 10/23 (7)
- 10/09 - 10/16 (8)
- 10/02 - 10/09 (6)
- 09/25 - 10/02 (3)
- 09/18 - 09/25 (1)
- 09/11 - 09/18 (1)
- 09/04 - 09/11 (2)
- 08/28 - 09/04 (2)
- 07/24 - 07/31 (1)
- 06/26 - 07/03 (1)
- 06/12 - 06/19 (1)
- 06/05 - 06/12 (1)
- 05/29 - 06/05 (1)
- 05/22 - 05/29 (2)
- 04/10 - 04/17 (2)
- 04/03 - 04/10 (3)
- 03/27 - 04/03 (4)
- 03/20 - 03/27 (2)
- 03/13 - 03/20 (3)
- 03/06 - 03/13 (8)
- 02/27 - 03/06 (1)
- 02/20 - 02/27 (2)
རྟག་བརྟན་གྱི་སྙན་ཚིག
—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །
མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །

Powered by Blogger.
About Me
- སྨྱོན་པའི་འཇིག་རྟེན།
- མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Thursday, 10 March 2011
རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ཀློག་མྱོང་མཁན་ཞིག་ཡིན་ཚེ་རྗེ་མི་ལ་རས་པས་མགོན་པོ་རྡོ་རྗེ་རྗེས་སུ་འཛིན་སའི་གནས་གཉི་ཤང་འགུར་རྟ་དང་བལ་པོའི་རྒྱལ་པོས་ཁོང་ལ་ རས་གཟན་དཀར་པོ་ཞིག་དང་ཨ་རུ་ར་རྣམ་རྒྱལ་གཉིས་བསྐུར་བ་སོགས་བལ་བོད་ས་མཚམས་སུ་ བྱུང་བའི་གཏམ་རྒྱུད་སྙན་ལ་རིང་བ་རེ་ཟུང་ད་དུང་ཡིད་ངོ་རུ་ཡོད་སྲིད། བོད་ཀྱི་ས་ཆ་གང་སར་དཔྱིད་ཀ་དང་དབྱར་ཀར་ཡོད་པའི་གསུང་སྙན་ཁུ་བྱུག་སྔོན་མོ་ དེ་དག་ཀྱང་བོད་ཀྱི་སྟོན་དུས་སུ་བལ་བོའི་གནམ་གཤིས་དྲོ་སར་ཕྱིར་ལོག་འགྲོ་གིན་ཡོད།
གང་ལྟར་ཕྱི་སྡོད་བོད་པ་གནས་ཡུལ་ཆེ་ཤོས་གཉིས་པ་དེ་ནི་བལ་ཡུལ་རྒྱལ་ ཁབ་དེ་ཡིན་ཞིང་། སྤྱིར་ན་བལ་ཡུལ་ནི་འཛམ་གླིང་གི་རྒྱལ་ཁབ་དབུལ་ཤོས་ཨང་བཅོ་ལྔ་བ་དེ་ཡིན་མོད། སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་མནའ་མར་བླངས་པ་དང་། དེའི་རྗེས་སུ་རྒྱ་གར་དང་བལ་པོའི་མཁས་གྲུབ་མང་པོ་ཞིག་བོད་དུ་བྱོན་ནས་ནང་ཆོས་ སྤེལ་བ། བོད་ཀྱི་ལོ་ཙྰ་པ་མང་ཤོས་ཀྱིས་རྒྱ་གར་དུ་འགྲོ་དུས་བལ་ཡུལ་བརྒྱུད་དེ་ཕྱིན་པ་ སོགས་ཀྱི་དབང་གིས་བལ་ཡུལ་དང་བོད་པའི་བར་དུ་ཆོས་དང་རིག་གཞུང་གཉེན་འབྲེལ་ གསུམ་གའི་ཆ་ནས་འབྲེལ་ལམ་ཧ་ཅང་བཟང་པོ་ཞིག་ཡོད་པ་རེད། བཞིན་བལ་བོའི་བྱང་ཕྱོགས་སུ་ཤར་ཁུམ་བུ་སྟོད་སྨད་བར་གསུམ་དང་ཀློ་ཡུལ་སྟོད་ སྨད་བར་གསུམ། གཉི་ཤང་དང་ཙུམ་སོགས་སྔོན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དུས་སུ་བོད་ ཁོངས་འཁྲུལ་མེད་ཡིན་པའི་ས་ཆ་ཆེན་པོ་ཞིག་དེང་སྐབས་བལ་ཁོངས་སུ་ཡོད་ན་ཡང་། ས་ཆ་དེ་དག་གི་ཤར་པ་དང་ཀློ་བ་གཉི་ཤངས་པ་སོགས་ཀྱིས་བོད་བརྒྱུད་ནང་བའི་ཆོས་ ལུགས་དང་བོད་ཀྱི་གནའ་སྔ་མོའི་ཆ་ལུགས་གོམས་སྲོལ་རྒྱུན་འཛིན་མུ་མཐུད་དུ་བྱེད་ བཞིན་ཡོད་པས། ཕྱི་སྡོད་བོད་པ་ཁྲི་ལྡ་ཙམ་བལ་ཡུལ་དུ་གཞིས་སྡོད་བྱེད་པར་མཐུན་རྐྱེན་མི་ཉུང་ བ་ཞིག་བསྐྲུན་ཡོད་པ་རེད། བལ་ཡུལ་གྱི་བོད་མི་ཚོ་ཡང་རྒྱ་གར་དུ་སྡོད་པའི་བོད་པ་དག་ཇི་བཞིན་དཀར་འཇམ་གཡང་ དཀར་ལུག་གི་བལ་གསེབ་ནས་ནམ་ཡང་ཐར་མེད་པ་སྟེ། བལ་སྡོད་བོད་མིའི་དཔལ་འབྱོར་གྱི་ཡོང་ཁུངས་ལྟེ་བ་དེ་ནི་ས་གདན་བཟོ་གྲྭ་སྣ་ ཚོགས་བཙུགས་ཏེ་རྒྱལ་སྤྱིའི་ཁྲོམ་རའི་ནང་དུ་ས་གདན་ཕྱིར་འཚོང་གིས་མ་གནས་ཆུང་ ཡང་ཁེ་བཟང་ཆེན་པོ་ལེན་པའི་འཚོ་ཐབས་དེ་རེད།
སྤྱི་ལོ་༡༩༨༠གྲངས་བར་དུ་བལ་སྡོད་བོད་པའི་དཔལ་འབྱོར་དེ་ཙམ་ཕྱུག་པོ་མིན་ཡང་། དུས་ཚོད་དེ་ཙམ་ཞིག་ནས་བཟུང་བལ་སྡོད་བོད་མི་སྤྱང་པོ་དག་གིས་ས་གདན་གྱི་བཟོ་ གྲྭ་སྣ་ཚོགས་བཙུགས་ཏེ་ཐོག་མར་བལ་བོའི་མི་སེེར་ལས་ཀ་བ་ཉི་ཤུ་སུམ་ཅུ་གླས་པ་ ནས་མགོ་བཙུགས་ཏེ་མཐར་སྤྱི་ལོ་༡༩༩༠གོ་གྲངས་བོད་པའི་བཟོ་གྲྭ་ཆེ་ཤོས་རེར་བལ་ བོའི་ལས་ཀ་བ་ཉིས་སྟོང་སུམ་སྟོང་ཡོད་པའི་བར་དུ་འཕེལ་རྒྱས་ཆེན་པོ་ཕྱིན་པ་དང་། དེ་དང་མཉམ་དུ་དཔལ་འབྱོར་གྱི་འཕེལ་ཚད་ཧ་ཅང་ཚད་མཐོར་ཕྱིན་པས། རེ་ཞིག་བལ་ཡུལ་རྒྱལ་ཡོངས་ཀྱི་དཔལ་འབྱོར་མ་རྩ་ཕྱེད་ཀ་ཞིག་བོད་པའི་ཚོང་ཕྱུག་ ཚོས་བཟུང་ཡོད་པར་ཡང་གྲགས་ཤིང་དོན་ལ་ཡང་གནས་པར་བརྗོད། དེ་ཚོའི་ནང་ནས་དཔེ་མཚོན་ཙམ་ཞིག་ནི་བོད་པའི་ཚོང་བ་ཕྱུག་པོ་སྐད་གྲགས་ཅན་རྒྱལ་ ནོར་ཚེ་དབང་ཟེར་བ་དེ་ཡིན་ཞིང་། ཁོ་རང་ཐོག་མར་ཨ་མ་དང་མཉམ་དུ་རྩྭ་ཁང་ཐེབས་ཆག་ཅིག་གི་ནང་དུ་འཚོ་བ་བསྐྱལ་བའི་ མི་དབུལ་བོ་དབུལ་ནག་ཅིག་ཡིན་ཡང་། རྗེས་སུ་གོ་སྐབས་ཤར་དུས་ས་གདན་བཟོ་གྲྭ་བཙུགས་ཏེ་ལོ་མང་གི་དཀའ་སྤྱད་བརྒྱུད་ མཐར་ཨ་སྒོར་དུང་ཕྱུར་ལ་ཉེ་བའི་ཕྱུག་བདག་ཅིག་ཆགས་པ་དང་། དེ་ཡང་རང་གི་མི་ཚེའི་ཉམས་མྱོང་གཞིར་བཞག་གིས་བོད་པའི་ཕྲུ་གུ་བརྒྱ་ཐམ་པའི་ སློབ་སྦྱོང་མཐོ་སློབ་མ་ཐོན་བར་གྱི་སྦྱིན་བདག་བྱེད་བཞིན་ཡོད་པ་སོགས་གཏོང་ ཕོད་ཀྱི་ལག་ཟུང་ནམ་མཁའི་མཐའ་བཞིན་ཡངས་པོ་ཞིག་ཀྱང་ཡོད་དོ།།
ཡིན་ན་ཡང་ སྤྱི་ལོ་དགུ་བཅུ་གོ་གྲངས་ནས་མགོ་བཙུགས་པའི་བལ་བོའི་རྒྱལ་ནང་གི་ཆབ་སྲིད་དམག་ འཁྲུག་དེས་བལ་བོའི་རྒྱལ་ཁམས་སྤྱི་དང་ལྷག་པར་དུ་བོད་པའི་ཚོང་ལས་ལ་གནོད་ སྐྱོན་ཆེན་པོ་ཞིག་ཕོག་ཅིང་། དེ་ཡང་བལ་བོའི་སྤྱི་ཚོགས་རིང་ལུགས་ཚོགས་པར་རྒྱལ་ཁ་ཐོབ་རྗེས་བལ་སྡོད་བོད་ མིའི་བཟོ་གྲྭ་ཁག་ཏུ་ཁོ་ཚོའི་ལས་ཁུངས་འདྲ་མིན་གྱི་ཞལ་འདེབས་སློང་མཁན་ཡོང་ སྟེ་ཉི་མ་འདི་དང་དེ་འདྲ་ཞིག་ལ་སྒོར་འབུམ་འདི་ཙམ་དང་དེ་ཙམ་ཞིག་ཁྱེར་ཤོག དེ་མིན་བཟོ་གྲྭ་སྒོ་རྒྱག་པའམ་ཡང་ན་མེར་བསྲེག་གི་ཡིན་ཞེས་འཇིགས་སྐུལ་འདྲ་ མིན་བྱས་དང་བྱེད་བཞིན་ཡོད།
ཕྱོགས་གཞན་ཞིག་ནས་བལྟས་ཚེ་བལ་ཡུལ་ནི་གནའ་ སྔ་མོའི་དུས་ནས་བཟུང་ཕྱི་རོལ་བ་དང་ནང་པ་ཟུང་འབྲེལ་གྱི་ཆོས་ལུགས་དར་ཁྱབ་ཆེ་ བའི་རྒྱལ་ཁབ་ཅིག་ཡིན་པས། བོད་པའི་བླ་མ་མང་པོ་ཞིག་གིས་དགོན་པ་འདྲ་མིན་ཞིག་བཞེངས་ཡོད་ཅིང་། དེ་ཡང་རོབ་རྩིས་བྱས་ན་དེང་སྐབས་བལ་བོའི་རྒྱལ་སའི་ཉེ་འཁོར་འཕགས་པ་ཤིང་ཀུན་ དང་མཆོད་རྟེན་བྱ་རུང་ཁ་ཤོར། ཡང་ལེ་ཤོད་གསུམ་གྱི་ས་གནས་སུ་བོད་ཀྱི་བླ་སྐྲུལ་མཁན་པོ་དག་གིས་བཞེངས་པའི་ དགོན་པ་བརྒྱ་ལ་ཉེ་བ་ཞིག་ཡོད་ཅིང་། དགོན་པ་དེ་དག་ཏུ་བླ་མ་དང་མཁན་པོ་གྲྭ་པ་རེ་ཟུང་བོད་པ་ཡིན་པ་མ་གཏོགས་གྲྭ་ རྒྱུན་དག་ནི་བལ་བོའི་མཐའ་མཚམས་གྲོང་གསེབ་ཁག་ནས་ཡོང་བའི་ཤར་པ་དང་གཉི་ཤངས་པ་ ཀློ་བ་སོགས་ཀྱི་མི་རིགས་ཡིན། སྤྱི་ལོ་༡༩༥༨ལོར་ཐོག་མར་བོད་པའི་བླ་སྤྲུལ་མང་པོ་ཞིག་བལ་ཡུལ་དུ་བསླེབས་སྐབས་ བལ་ཁོངས་ཡིན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་མང་པོ་ཞིག་ཧིན་རྡུ་ཕྱི་ རོལ་པའི་གནོན་ཤུགས་འོག་ཏུ་རང་གི་ཕ་མེས་ནས་བརྒྱུད་པའི་ནང་ཆོས་དང་དེ་མིན་ཆོས་ གོས་སོགས་རིག་གཞུང་རྒྱུན་འཛིན་བྱེད་རྒྱུར་དཀའ་ངལ་ཆེན་པོ་ཞིག་དང་འཕྲད་ནས་ཧ་ ཅང་ཉམ་ཐག་པར་ཡོད་ཀྱང་། བོད་པ་ཡུལ་གྱར་པ་དག་དེར་བསླེབས་རྗེས་ཀྱི་ལོ་ངོ་ལྔ་བཅུའི་ཀྱག་ཀྱོག་གི་འགག་ འཕྲང་བརྒྱུད་རྗེས་ད་ཆ་བལ་ཁོངས་ཧི་མ་ལ་ཡའི་མི་རིགས་དག་གིས་ཀྱང་སོ་སོའི་ཆོས་ ལུགས་དང་གོམས་སྲོལ་རྒྱུན་འཛིན་ཡག་ཐག་ཆོད་ཅིག་བྱས་དང་བྱེད་བཞིན་ཡོད། བོད་ཀྱི་དགོན་སྡེ་ཧ་ཅང་མང་པོ་ཞིག་བལ་ཡུལ་དུ་གསར་བཞེངས་བྱས་པ་དེས་ནུབ་ཕྱོགས་ ཀྱི་བོད་བརྒྱུད་ནང་ཆོས་ཀྱི་དད་ལྡན་པ་ཁྲི་ཕྲག་མང་པོ་ཞིག་མཚོ་ལ་ངང་པ་འདུས་པ་ བཞིན་ལོ་རེ་རེ་བཞིན་བལ་ཡུལ་དུ་བསླེབས་ནས་བོད་ཀྱི་བླ་མ་དགེ་བཤེས་དག་གི་མདུན་ ནས་ནང་ཆོས་ཀྱི་དབང་ལུང་ཁྲིད་གསུམ་ཞུས་དང་ཞུ་བཞིན་ཡོད་པ་དེས་བོད་བརྒྱུད་ནང་ བསྟན་འཛམ་གླིང་དུ་ཁྱབ་པའི་གཞོག་འདེག་ཆེན་པོ་ཞིག་བྱས་དང་བྱེད་བཞིན་པ་དང་། ཕྱི་གླིང་བ་བལ་ཡུལ་དུ་གྲངས་མེད་ཅིག་བསླེབས་པ་དེས་བལ་པོའི་རྒྱལ་ཁབ་ཀྱི་དཔལ་ འབྱོར་གོང་འཕེལ་ལ་ཡང་ཆར་བ་ཆུ་གྲོགས་ཀྱི་ཤུགས་རྐྱེན་པོ་ཞིག་ཐེབས་ཡོད།

Subscribe to:
Post Comments
(Atom)
0 བསམ་ཚུལ་འདོན་པ།:
Post a Comment