ཟིན་བྲིས་ཀྱི་སྡེ་ཚན
ཚོལ་གཤེར
དྲ་ངོས་བཀླགས་གྲངས།
བཀླགས་གྲངས་མང་ཤོས
-
ཆུ་མོ་གངྒྰ་ཤག་ཤག་རྒྱུ་བའི་དུས། ། སྟོན་ལོ་སེར་པོ་ལྷབ་ལྷུབ་འཕུར་བའི་དུས། ། གནམ་སྔོན་སྤྲིན་པ་རླུང་གིས་གཡོ་བའི་དུས། ། བ་གླང་ཁྱུ་ཞིག...
-
སྟོན་པ། ངའི་གཟན་སྣེ་མེ་རུ་འབར་སོང་། ཁྱོད་འཇིག་རྟེན་དུ་བཞུགས་དུས། གྲྭ་པ་རེ་རེའི་གཟན་སྣེ་རུ་ཞི་བདེའི་རླུང...
-
མདང་དགོང་རྨི་ལམ་ཟ་ཟི་མང་ ཡང་ཁྱད་མཚར་བོ་ཞིག་ནི་དགོན་ཆེན་ཞིག་ས་འོག་ཏུ་ནུབ་བསྡད་ཡོད་ཅིང་། དགོན་བདག་བླ་མའི་ཞལ་རས་ལ་སྐྱོ་གཉེར་དགུ་བརྩེགས་ཤིག་བ...
-
ཨ་ རིར་ འབྱོར་ ནས་ ལོ་ མང་ སོང་ བ་ དང་ ། ། ཕན་ མི་ ཐོགས་ པའི་ ངོ་ ཤེས་ འགའ་ ཡང་ ཡོད། ། ད་ ནི་ སྒྲོ་ ལོར་ ལྗང་ ཁུ་ གསོག་ དུས་ འདིར། ། སོ...
-
མདང་དགོང་རྨི་ལམ་ཅུང་ཟད་ ཉུང་ཞིང་ད་ལྟ་དྲན་ཡུལ་དུ་གཅིག་ཀྱང་མི་འདུག ཆུ་ཚོད་བརྒྱད་པ་ཙམ་ལ་གཉིད་ལས་སད་བྱུང་། ཁྲུས་ཁང་གི་སྒེའུ་ཁུང་ལས་མཁའ་དབྱིང...
ཡིག་ཚགས
-
►
2012
(39)
- 09/23 - 09/30 (1)
- 07/22 - 07/29 (1)
- 07/01 - 07/08 (1)
- 06/24 - 07/01 (1)
- 06/17 - 06/24 (1)
- 06/10 - 06/17 (1)
- 06/03 - 06/10 (1)
- 05/27 - 06/03 (2)
- 05/20 - 05/27 (2)
- 05/13 - 05/20 (1)
- 04/29 - 05/06 (3)
- 04/22 - 04/29 (2)
- 04/01 - 04/08 (3)
- 03/18 - 03/25 (2)
- 03/11 - 03/18 (3)
- 03/04 - 03/11 (1)
- 02/05 - 02/12 (1)
- 01/29 - 02/05 (2)
- 01/22 - 01/29 (3)
- 01/15 - 01/22 (2)
- 01/08 - 01/15 (3)
- 01/01 - 01/08 (2)
-
▼
2011
(94)
- 12/25 - 01/01 (2)
- 12/18 - 12/25 (5)
- 12/11 - 12/18 (3)
- 12/04 - 12/11 (3)
- 11/20 - 11/27 (1)
- 11/13 - 11/20 (3)
- 11/06 - 11/13 (3)
- 10/30 - 11/06 (6)
- 10/23 - 10/30 (6)
- 10/16 - 10/23 (7)
- 10/09 - 10/16 (8)
- 10/02 - 10/09 (6)
- 09/25 - 10/02 (3)
- 09/18 - 09/25 (1)
- 09/11 - 09/18 (1)
- 09/04 - 09/11 (2)
- 08/28 - 09/04 (2)
- 07/24 - 07/31 (1)
- 06/26 - 07/03 (1)
- 06/12 - 06/19 (1)
- 06/05 - 06/12 (1)
- 05/29 - 06/05 (1)
- 05/22 - 05/29 (2)
- 04/10 - 04/17 (2)
- 04/03 - 04/10 (3)
- 03/27 - 04/03 (4)
- 03/20 - 03/27 (2)
- 03/13 - 03/20 (3)
- 03/06 - 03/13 (8)
- 02/27 - 03/06 (1)
- 02/20 - 02/27 (2)
རྟག་བརྟན་གྱི་སྙན་ཚིག
—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །
མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །

Powered by Blogger.
About Me
- སྨྱོན་པའི་འཇིག་རྟེན།
- མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Monday, 4 April 2011
ལོ་འདི་ཚོར་སེམས་པ་འདི་རང་དབང་མེད་པར་དགའ་སྐྱོ་ཆགས་སྡང་གི་ཀློང་དུ་བྱིངས་ཏེ་ཕྱིར་འོང་ཐབས་མེད་པར་གྱུར་ཚར་བས། སེམས་ཚོར་དེ་དག་དང་ཡང་ན་དགའ་སྐྱོ་ཆགས་སྡང་གང་གི་ཕྱོགས་སུ་ཡང་མ་ལྷུང་བའི་སེམས་ཚོར་ཕུང་སུམ་དག་བེད་སྤྱད་དེ་སྙན་ངག་མང་པོ་ཞིག་བྲིས་པ་དང་། བྲིས་བྲིས་ཕལ་ཆེ་བ་དྲ་ངོས་སུ་སྤེལ་བ་ཡིན། དེ་ལ་དྲ་གྲོགས་ཚོའི་ངོས་ནས་དཔྱད་བརྗོད་དྲང་ལྡོག་ཅི་རིགས་ཀྱིས་སྤེལ་བ་མ་ཟད། ཐ་ན་ངའི་སྙན་ངག་རེ་ཟུང་ནི་སྙན་ངག་མིན་པར་སྒྲོག་མཁན་ཡང་ཡོད། དེ་ནི་ཁྱོད་ཀྱིས་བྲིས་བྲིས་ཚང་མ་སྙན་ངག་ག་ལ་ཡིན་ཞེས་པའི་ཐ་ཚིག་འདིས་གསལ་སྟོན་བྱས་ཡོད་པ་དང་། ཐ་ཚིག་འདིའི་བདག་པོ་དག་གི་སེམས་ཁོང་དུ་སྙན་ངག་ཅེས་པ་དེ་ནི་འདི་འདྲ་དང་དེ་འདྲ་ཞིག་ཡིན་དགོས་ཞེས་པའི་སྡོམ་ཚིག་གམ་མཚན་ཉིད་ཅིག་ཨ་འཐས་སུ་བཟུང་ཡོད་པ་དེ་ང་ཚོས་དེ་མ་ཐག་ཏུ་ཤེས་ཐུབ།
གནའ་ནས་ད་བར་སྙན་ངག་ལ་མཚན་ཉིད་འཇོག་མཁན་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་ཅིང་། ཁོ་ཚོར་གུས་ཞབས་དོར་ཏེ་བརྗོད་ན་རང་སྣང་གང་དྲན་གྱིས་སྙན་ངག་ལ་མཚན་ཉིད་ཅིག་བཞག་སྟེ་སྙན་ངག་གི་བཙོན་ཁང་ཞིག་བརྩིགས་པ་རེད། བཙོན་ཁང་སྙིང་རྗེ་བོ་དེ་བརྩིགས་མཁན་ཁོ་ཚོ་རེད་ལ་བཟང་བཙོན་དེའི་ནང་དུ་ཆེས་ཐོག་མར་འཛུལ་མཁན་ཡང་ཁོ་ཚོ་འབའ་ཞིག་རེད་ལ་ཆེས་མཐའ་མར་དེའི་ནང་དུ་སྐུ་ཚེའི་འཕེན་པ་རྫོགས་མཁན་ཡང་ཁོ་ཚོ་འབའ་ཞིག་ལོས་ཡིན།
རྒྱ་གར་གྱི་སྙན་ངག་མཁན་དབྱུག་པ་ཅན་གྱིས། དེ་ནི་ད་ལྟའང་རྣམ་རྟོག་སྟེ། །དེ་དག་མ་ལུས་སུས་བརྗོད་ནུས། །ཞེས་སྙན་ངག་གི་ངོ་བོ་དང་ངེས་བསྟན་ཞེས་པ་དེ་ལ་སུ་ཞིག་གིས་མཐའ་མའི་ཐག་གཅོད་བྱེད་ནུས་ཞེས་བརྗོད་ཡོད་པ་བཞིན། བརྩམས་ཆོས་གང་ཞིག་སྙན་ངག་ཡིན་མིན་གྱི་ས་མཚམས་འབྱེད་རྒྱུ་དེ་ནི་རྣམ་དཔྱོད་མེད་པའི་རང་མཚང་ཞིག་དང་ལས་ཀ་མེད་པའི་ལས་ཀ་ཞིག་ཡིན་པ་སྨྲ་མི་དགོས།
སྙན་ངག་ལ་མཚན་ཉིད་འཇོག་ན་འདོད་མཁན་དེ་ཚོའི་རྩ་བའི་མགོ་རྨོངས་ས་ནི་སྙན་ངག་ཅེས་པའི་ཐ་སྙད་རང་སྟེང་གི་གོ་དོན་ཙམ་ལས་ནམ་ཡང་འདའ་མ་ཐུབ་པར། སྙན་ངག་ཡིན་ན་སྙན་མོ་ཞིག་དགོས་ཀྱི་ཡོད་ས་རེད་བསམ་པའི་ནོར་འཁྲུལ་དེའི་དབང་དུ་སོང་སྟེ། ཚིག་རྒྱན་བྲིས་མེད་པ་དང་ཡང་ན་སྐབས་ཐོག་དེ་རང་ལ་སེམས་ནང་འབབ་རྒྱུ་ཅང་མེད་ན་དེ་ནི་སྙན་ངག་ཅིག་ག་ལ་ཡིན་བསམས་པ་དེ་ལས་ཅི་ཞིག་གི་རྒྱབ་རྟེན་ཡོད་ཨང་།
གནའ་ནས་ད་བར་སྙན་ངག་མཁན་ཆེན་པོ་སྐོར་ཞིག་གིས་སྣང་སྲིད་བརྡ་དང་དཔེ་ཆར་ཤར་བ་ཞེས་པའི་ཚིག་ཕྲེང་ཡི་གར་འབབ་ ཅིང་དོན་ལ་གནས་པ་ཞིག་ཡང་དང་ཡང་དུ་བསྐྱར་དང་སྐྱོར་བཞིན་ཡོད་ཅིང་། གལ་སྲིད་ཁྱོད་རང་སྙན་ངག་འབྲི་བ་ལ་རང་དབང་འབྱོར་ཡོད་པ་དང་རྟོགས་པ་ཀློང་དུ་བརྡོལ་ཡོད་ཚེ། ཁྱོད་ཀྱིས་བྲིས་པ་ཐམས་ཅད་སྙན་ངག་མིན་པའི་ངེས་པ་ག་ལ་ཡོད་ཅིང་། ཁྱོད་ཀྱིས་བརྗོད་པ་ཐམས་ཅད་སྙན་ངག་ཏུ་མི་འགྱུར་པའི་གཏན་ཚིག་ཅིག་ཀྱང་གང་ནས་རྙེད་ཨང་། ཤིང་གི་བསྟན་བཅོས་ལས། སྣང་བ་དཔེ་རུ་ཤར་བ་ཡི། །རྣལ་འབྱོར་དེ་ལ་གདམས་ངག་མང་། ཞེས་པ་འདིས་སྣང་སྲིད་སྙན་ངག་ཏུ་ཤར་ཟིན་པའི་སྙན་ངག་པ་ཞིག་ལ་མཚོན་ན་གང་སྣང་སྙན་ངག་དང་གང་བྲིས་སྙན་ངག་མ་ཡིན་ན་ཅི་ཞིག་ཡིན་ནམ་ཞེས་པའི་དྲི་ཚིག་གནམ་ས་རལ་བ་ཞིག་ཀྱང་བཞེངས་ཤིང་གྲུབ་པར་བྱས་ཡོད་དོ།།
དེ་བཞིན་ཚད་མ་རྣམ་འགྲེལ་ལས། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །མ་བརྗོད་ནའང་འདོད་པས་ཁྱབ། །ཅེས་པ་ཞིག་ཡོད་པ་འདིས་ཀྱང་སྙན་ངག་མཁན་གྱི་རྟོག་པའི་ངོ་བོར་བརྗོད་བྱ་གང་ཞིག་སྙན་ངག་ཏུ་འཕོས་ཚར་བའི་རྗེས་སུ། ཁོས་སྙན་ངག་གི་བློས་བསླངས་དེ་ཡིག་ཐོག་ཏུ་བཀོད་དང་མ་བཀོད་ལ་ཁྱད་པར་ཅི་ཡང་མེད་པར་དེ་ནི་སྙན་ངག་ཅིག་ཏུ་གྲུབ་ཚར་བའི་གནས་ལུགས་གསོན་རྗེན་མ་དེ་བསྟན་ཡོད་པ་མ་ཡིན་ནམ།
སྙན་ངག་ཅེས་པ་དང་རྒྱན་ཞེས་པ་འདི་གཉིས་ཀྱིས་ཁོ་བོས་བྲིས་པའི་སྙན་ངག་ཡོད་ཚད་ཟིན་ཡོད་ཅེས་ཀྱང་བརྗོད་ཆོག་པ་སྟེ། མེ་ལོང་མ་ལས་བསྟན་པའི་རང་བཞིན་བརྗོད་པའི་རྒྱན་ཞེས་པ་དེས་ཁོ་བོའི་སྙན་ངག་གི་བརྒྱ་ཆའི་ཚད་གཞི་ངེས་ཅན་ཞིག་ཁྱབ་བསྡད་ཡོད་ལ། གལ་སྲིད་སྙན་ངག་ལ་མཚན་ཉིད་འཇོག་མཁན་དག་གིས་ཀྱང་རང་བཞིན་ཅེས་པའི་མིང་ཚིག་འདིའི་གོ་དོན་ངོ་མ་དེ་ཅུང་ཙམ་རེ་རྟོགས་ཡོད་ཀྱི་ན་ཡང་སྙན་ངག་ཅེས་པའི་རིག་པའི་གཞུང་ལུགས་གཏིང་མཐའ་བྲལ་བ་འདིར་གུ་དོག་གི་མཚན་ཉིད་དགོད་བྲོ་བ་རེ་ངོ་ཚ་རྒྱབ་ལ་གཡུགས་ནས་མི་འཇོག་ཁོ་ཐག་ཡིན།
མཐའ་དོན་ནི་སྙན་ངག་ཅེས་པ་ནི་རྩོམ་པ་པོའི་སེམས་ཚོར་ཞིག་གིས་བཞེང་སྐྲུན་བྱེད་དགོས་པ་མ་གཏོགས་ཀློག་མཁན་གྱིས་ཐག་གཅོད་བྱེད་དགོས་པ་ཞིག་ནམ་ཡང་མ་ཡིན་པས། ཁོ་བོའི་སྙན་ངག་གི་འཇིག་རྟེན་དུ་ཕེབས་ཏེ་རྩོམ་ཡིག་གང་ཞིག་སྙན་ངག་ཡིན་དང་མིན་གྱི་ས་མཚམས་འབྱེད་པའི་ཀློག་པ་པོ་ཁྱེད་ཅག་གིས་དོན་མེད་པའི་ངལ་བ་དེ་མ་བསྟེན་པར། གཏིང་མཐའ་བྲལ་བའི་ཁོ་བོའི་སྙན་ངག་གི་བློས་བསླངས་ཆེན་པོ་དེའི་ངོས་དང་ཟུར་གང་རུང་རེ་ནས་ལྷ་ལ་བདུད་རྩི་དང་མི་ལ་འོ་ཆུ། ཡི་དྭགས་ལ་རྣག་ཁྲག་སོགས་རིགས་དྲུག་གི་མྱོང་སྣང་མི་འདྲ་བ་དག་ལ་ལོངས་སུ་སྤྱོད་པར་འཚལ། འདི་ནི་ང་རྒྱལ་དང་ངར་ཤུགས་ཀྱིས་བརྗོད་པའི་ཐལ་དྲགས་པའི་སྐད་ཆ་ཞིག་མ་ཡིན་པར། སྙན་ངག་རྩོམ་འབྲིའི་ལས་ཀ་ཡིས་མི་ཚེ་བསྐྱལ་བའི་སྐྱེ་བོ་ཞིག་གི་མྱོང་ཚོར་དམར་རྗེན་མ་དེའོ།།
གོང་གི་འདྲ་པར་དེ་ནི་སྤྱི་ལོ་༢༠༠༩ལོར་ཁོ་བོ་གནས་མཆོག་ཨ་ལ་སི་ཁར་ཆོས་འཆད་སྒོམ་སྒྲུབ་དང་སྙན་ངག་གི་རྒྱུ་ཆ་རེ་འཚོལ་བར་བསྐྱོད་དུས་སུ་བླངས་པ་ཡིན།

Subscribe to:
Post Comments
(Atom)
གཞན་གྱིས་བལྟས་ཚེ་སྨྱོན་པ་ཡིན་ལ་རང་གིས་བལྟས་ཚེ་སྨྱོན་པ་མིན་པའི་སྨྱུག་ཐོགས་པ་ཞིག་གིས་རང་གི་སྐད་ཆ་དེ་དག་སྨྱོ་གཏམ་མིན་ཞེས་བཤད་ཀྱང་། གཞན་གྱི་བློ་ངོ་ལ་སྨྱོ་གཏམ་ཡིན་ལ་རང་གི་བློ་ངོ་རུ་སྨྱོ་གཏམ་མིན་པ་ནི་ཆོས་ཉིད་རེད། སྙན་ངག་ཀྱང་དེ་བཞིན་རེད། འདི་སྙན་ངག་ཡིན་ཞེས་བཤད་ཐུབ་ཚེ་ཚིག་དེས་སྙན་ངག་ཡིན་མིན་ལ་ས་མཚམས་ཤིག་ཡོད་པ་བསྟན་ཡོད་པས་འདི་སྙན་ངག་མ་རེད་ཅེས་བཤད་ནའང་གནས་ལུགས་དེ་ལས་བརྒལ་མེད།
ReplyDeleteརྟགས་གསལ་འཕེན་གོ་ཁུ། གྲྭ་ལོག་ཅིག་གི་རྣམ་ཤེས་ཡིན་ས་རེད།
ReplyDeleteཨ་ཁུས་རྟགས་གསལ་ལ་ཅང་ཤེས་ས་མ་རེད་མོ། ཨ་ལ་ཀུ་རེ་ཡིན། ང་བལྟས་ན་ཁྱོད་མི་ངར་ནེ།
ReplyDeleteགྲྭ་བས་གཟན་སྐེད་ལ་དཀྲིས། གྲོང་བས་ཕུ་ཐུང་སྐེད་ལ་དཀྲིས་ནས་རྟགས་གསལ་རེ་བཏང་ཡང་ལོས་ཆོག སྙན་ངག་ཡིན་མིན་གྱི་སྐོར་འདི་འབའ་སྲས་ཀྱིས་ཀྱང་གཅིག་བཤད་འདུག་འོན་ཀྱང་ངས་ཀྱང་གློའུ་འདང་རེ་བརྒྱབས་མྱོང་། རྩོམ་ཡིག་འབྲི་བ་དེ་རྩོམ་པ་པོའི་ཆེད་དུ་རེད་དམ། ཡང་ན་ཀློག་མཁན་གྱི་ཆེད་དུ་རེད། སྙན་ངག་གི་ཐད་ལའང་དྲི་བ་དེ་མཚུངས་ཡིན།
ReplyDelete