ཟིན་བྲིས་ཀྱི་སྡེ་ཚན
ཚོལ་གཤེར
དྲ་ངོས་བཀླགས་གྲངས།
བཀླགས་གྲངས་མང་ཤོས
-
ཆུ་མོ་གངྒྰ་ཤག་ཤག་རྒྱུ་བའི་དུས། ། སྟོན་ལོ་སེར་པོ་ལྷབ་ལྷུབ་འཕུར་བའི་དུས། ། གནམ་སྔོན་སྤྲིན་པ་རླུང་གིས་གཡོ་བའི་དུས། ། བ་གླང་ཁྱུ་ཞིག...
-
སྟོན་པ། ངའི་གཟན་སྣེ་མེ་རུ་འབར་སོང་། ཁྱོད་འཇིག་རྟེན་དུ་བཞུགས་དུས། གྲྭ་པ་རེ་རེའི་གཟན་སྣེ་རུ་ཞི་བདེའི་རླུང...
-
མདང་དགོང་རྨི་ལམ་ཟ་ཟི་མང་ ཡང་ཁྱད་མཚར་བོ་ཞིག་ནི་དགོན་ཆེན་ཞིག་ས་འོག་ཏུ་ནུབ་བསྡད་ཡོད་ཅིང་། དགོན་བདག་བླ་མའི་ཞལ་རས་ལ་སྐྱོ་གཉེར་དགུ་བརྩེགས་ཤིག་བ...
-
ཨ་ རིར་ འབྱོར་ ནས་ ལོ་ མང་ སོང་ བ་ དང་ ། ། ཕན་ མི་ ཐོགས་ པའི་ ངོ་ ཤེས་ འགའ་ ཡང་ ཡོད། ། ད་ ནི་ སྒྲོ་ ལོར་ ལྗང་ ཁུ་ གསོག་ དུས་ འདིར། ། སོ...
-
མདང་དགོང་རྨི་ལམ་ཅུང་ཟད་ ཉུང་ཞིང་ད་ལྟ་དྲན་ཡུལ་དུ་གཅིག་ཀྱང་མི་འདུག ཆུ་ཚོད་བརྒྱད་པ་ཙམ་ལ་གཉིད་ལས་སད་བྱུང་། ཁྲུས་ཁང་གི་སྒེའུ་ཁུང་ལས་མཁའ་དབྱིང...
ཡིག་ཚགས
-
►
2012
(39)
- 09/23 - 09/30 (1)
- 07/22 - 07/29 (1)
- 07/01 - 07/08 (1)
- 06/24 - 07/01 (1)
- 06/17 - 06/24 (1)
- 06/10 - 06/17 (1)
- 06/03 - 06/10 (1)
- 05/27 - 06/03 (2)
- 05/20 - 05/27 (2)
- 05/13 - 05/20 (1)
- 04/29 - 05/06 (3)
- 04/22 - 04/29 (2)
- 04/01 - 04/08 (3)
- 03/18 - 03/25 (2)
- 03/11 - 03/18 (3)
- 03/04 - 03/11 (1)
- 02/05 - 02/12 (1)
- 01/29 - 02/05 (2)
- 01/22 - 01/29 (3)
- 01/15 - 01/22 (2)
- 01/08 - 01/15 (3)
- 01/01 - 01/08 (2)
-
▼
2011
(94)
- 12/25 - 01/01 (2)
- 12/18 - 12/25 (5)
- 12/11 - 12/18 (3)
- 12/04 - 12/11 (3)
- 11/20 - 11/27 (1)
- 11/13 - 11/20 (3)
- 11/06 - 11/13 (3)
- 10/30 - 11/06 (6)
- 10/23 - 10/30 (6)
- 10/16 - 10/23 (7)
- 10/09 - 10/16 (8)
- 10/02 - 10/09 (6)
- 09/25 - 10/02 (3)
- 09/18 - 09/25 (1)
- 09/11 - 09/18 (1)
- 09/04 - 09/11 (2)
- 08/28 - 09/04 (2)
- 07/24 - 07/31 (1)
- 06/26 - 07/03 (1)
- 06/12 - 06/19 (1)
- 06/05 - 06/12 (1)
- 05/29 - 06/05 (1)
- 05/22 - 05/29 (2)
- 04/10 - 04/17 (2)
- 04/03 - 04/10 (3)
- 03/27 - 04/03 (4)
- 03/20 - 03/27 (2)
- 03/13 - 03/20 (3)
- 03/06 - 03/13 (8)
- 02/27 - 03/06 (1)
- 02/20 - 02/27 (2)
རྟག་བརྟན་གྱི་སྙན་ཚིག
—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །
མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །
མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.
About Me
- སྨྱོན་པའི་འཇིག་རྟེན།
- མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Thursday, 31 March 2011
ཀླུ་སྨྱོན། དེང་སང་དྲ་ཐོག་ལ་གཞས་ཀྱང་འཆད་གྲབས་འདུག
ས་ལེ་རྒྱལ། ད་ངས་ཁྱོད་ལ་ཅིག་ལེན་དགོས་ས་རེད་ཀོ
ཀླུ་སྨྱོན། སྔགས་པའི་སྔགས་གླུ་ཚོ་ཡང་སྙན་མོ་ཡོད་ནི་རེད། རྒྱ་གར་གྱི་གྲུབ་ཆེན་ས་ར་ཧ་དང་བོད་ཀྱི་མི་ལ་རས་པ་སོགས་ནི་སྔགས་པའི་སྔགས་གླུའི་བླ་བརྒྱུད་ཁྲོད་ཀྱི་བརྗེད་མི་རུང་བའི་གྲས་ཡིན་ནི་རེད།
ས་ལེ་རྒྱལ། ཁྱོད་སྔགས་གླུ་བླང་ནས་ངར་ན་ཐང་མོད་ངས་ལན་ཕོག་ནི་མ་རེད།
ཀ དེང་སང་རྩོམ་འབྲི་ན་མི་འདོད་ཀི་ཡ། ང་ལ་དཔྱིད་དུག་ཕོག་འདུག
ས། ངས་ར་ད་ཅང་འབྲི་མི་འདོད་གི དེ་རིང་ཅིག་འབྲི་བཞིན་ཡོད་མོད་ཨུ་ཚུགས་ཀྱིས་བྲིས་བ་ཡིན་པས་ཆ་ཚང་མགོ་རྔ་མེད་པ་ཞིག་ཆགས་འདུག དྲ་ཐོག་ལ་བཞག་ན་མ་བཞག་ན་བསམ་ནས་བསྡད་ཡོད།
ཀ དྲ་ཐོག་ཏུ་ཞོགས།
ས དེང་སང་རྩོམ་གསར་མེད་ནས་མུ་གེ་བྱུང་འདུག
ཀ ངའི་ཀླད་པ་ཡོངས་རྫོགས་སྟོང་བ་རེད། མུ་གེ་མུག་ནག་བྱུང་འདུག ད་ངོ་མ་ཅང་འབྲི་ཤེས་ནི་ཞིག་མི་འདུག
ས། འདྲེ་མེ་འབུད་མ་གཏོགས་ད་ཅང་མི་འདུག
ཀ སྔགས་པའི་ཀླད་པ་འདི་ཡང་མདང་དགོང་རྒུན་ཆང་དམར་པོ་ཞིག་འཐུངས་པ་དེས་བསྲེགས་ཟིན་པ་འདྲ། འདྲེ་མེ་འབུད་ཨེ་ཤེས་ཀི
ས། མི་ཤེས། ངས་ཤེས་ན་མི་འདོད་ཀི དེ་བས་རྩར་མ་བཅད
ཀ ཨ་འཇམ་དབྱངས་ཚུལ་ཁྲིམས་རེད་ཟེར། བོད་ཁམས་ཉུལ་བའི་རྩོམ་པ་པོ
ས། ཨོ། ཡིན་ན་ཐང་། སྤྱིར་རྩོམ་པ་པོ་མ་ཤེས་ན་ཧྲ་ས་ཞིག་འདུག
ཀ ཨེ།
ཀ དྲ་ཐོག་འདི་ནས་མི་ཤེས་པ་ཞིག་ནི་སྤོབས་པ་མཐའ་ཡས་གཅིག་པོ་ཡིན་པ་འདྲ།
ས། ཡུམ། རྩོམ་ཡིག་གི་ནང་ནས་མཐོང་བའི་མི་དེ་དང་མི་དངོས་མ་དེ་གཉིས་ཀའི་བཅའ་སྟངས་ལས་སྟངས་མ་གཅིག་ན་རྩོམ་ཀློག་ན་མི་འདོད་ཀི དེ་བས་ངས་རྩོམ་པ་པོ་རྩར་གཅོད་བྱེད་ཀི་མེད།
ཀ དེ་ག་ལ་འགྲིག
ས། ངས་ཁོ་དེ་འདྲ་རེད་ཅེས་བ་མིན་མོད་མི་ལ་ལ་དེ་འདྲ་རེད།
ཀ རྩོམ་འབྲི་དུས་མི་དེ་རྩོམ་པ་པོ་ཞིག་རེད། རྩོམ་འབྲི་གིན་མེད་དུས་མི་དེ་རྩོམ་ཡིག་དང་འབྲེལ་བ་མེད་པའི་མི་ཞིག་རེད། དེ་བས་མི་དེ་གཉིས་གཞི་གཅིག་ཏུ་བཞག་ནས་བལྟས་ན་གཏན་ནས་མི་འགྲིག་གི དཔེར་ན་མི་ཞིག་གིས་ཆང་འཐུང་དུས་ཀྱི་སྐད་ཆ་དང་ཆང་མ་འཐུང་དུས་ཀྱི་སྐད་ཆ་གཉིས་་མི་གཉིས་ཀྱིས་བཤད་པའི་སྐད་ཆ་གཉིས་ལ་མ་བརྩིས་ན་འགྲིག་གི་མི་འདུག
ས། དེ་ནི་ཁྱོད་ཀྱིས་ཆང་འཐུང་མ་མྱོང་བའི་རྟགས་རེད། ཆང་འཐུང་གིས་སྐད་ཆ་ངོ་མ་བོ་བཤད་ཀི་རེད། ཕྱིར་ཉིན་ཅུང་ཙམ་ཐལ་ཆ་ཆེ་སོང་བསམ་ནས་ལ་ལས་ངས་མི་དྲན་གི་ཟེར་ལ། ཡང་ལ་ལས་དགོངས་དག་ཞུ་བཞིན་ཡོད་པ་རེད། ངས་རྩོམ་པ་པོ་ཞིག་གི་བརྩམས་ཆོས་ཀྱི་སྟེང་ནས་ཁོ་རང་མཐོང་མ་ཐུབ་ན་དེ་ལ་རིན་ཐང་འཇོག་གིན་མེད།
ཀ དེས་ན་ངས་དཔེ་གཞན་ཞིག་འཇོག རྩོམ་ཡིག་དེ་ཟློས་གར་བ་ཞིག་གིས་ཟློས་གར་འཁྲབ་དུས་ཀྱི་ཉམས་འགྱུར་འདྲ་བོ་ཞིག་དང་གློག་བརྙན་འཁྲབ་མཁན་ཞིག་གིས་འཁྲབ་པའི་གློག་བརྙན་ནང་གི་མི་སྣ་ཞིག་དང་འདྲ་བ་རེད། ཟློས་གར་འཁྲབས་ཚར་བ་དང་གློག་བརྙན་འཁྲབས་ཚར་བའི་རྗེས་སུ་མི་དེ་མི་གཞན་ཞིག་ཡིན་པ་དེས་ཤེས་པ་ཅི་བཞིན། རྩོམ་བྲིས་ཚར་རྗེས་སུ་མི་དེ་རང་གི་རྩོམ་ཡིག་གི་ཁྲོད་ནས་ཕྱིར་བུད་ཟིན་པས་མི་དེ་བཙན་ཚུགས་ཀྱིས་རྩོམ་འབྲི་བཞིན་པའི་དུས་ཚོད་དེའི་ནང་དུ་བཅུག་ནས་ལྟ་རྟོག་བྱས་ནས་མི་འགྲིག་པར་འདོད།
དཔེར་ན ་ངས་བྲིས་པའི་གཡག་གྲོང་ཁྱེར་གྱི་གཏམ་རྒྱུད་ཁྲོད་དུ་ང་དང་ངའི་སྐོར་ཅི་ཡང་བྲིས་མེད་པར་མི་སྣ་གང་བྱུང་མང་བྱུང་བསྡུ་རུབ་བྱས་ཏེ་ཁོ་ཚོའི་བསམ་པའི་འཆར་སྒོ་ནས་དེས་དྲངས་པའི་དགའ་སྐྱོ་ཆགས་སྡང་གི་རྣམ་འགྱུར་འདྲ་མིན་བྲིས་ཡོད་པ་རེད། ཡིན་ན་ཡང་ངས་ཁོ་ཚོའི་གཟུགས་བརྙན་བཞེངས་སྐྲུན་བྱས་པ་མ་གཏོགས་ཁོ་ཚོ་རེ་རེ་བཞིན་ང་རང་གི་སྤྱོད་པ་དང་སྦྱར་ནས་བྲིས་མེད།
ས། དེ་ནི་སྒྱུ་རྩལ་གྱི་རྣམ་པ་གཞན་ཞིག་རེད། བརྩམས་ཆོས་ཀྱི་ནང་གི་མི་སྣ་དེའི་སྒྱུ་རྩལ་དང་སྒྱུ་རྩལ་དེས་བསྟན་དོན་གཉིས་སོ་སོ་རེད། རྩོམ་པ་པོས་རྩོམ་ཡིག་ཅིག་འབྲི་སྐབས་ཇིས་ཕྱིར་འབྲི་ཟེར་བ་དེས་རྩོམ་པ་པོ་ཁོང་གི་རང་གཤིས་མཚོན་གྱི་ཡོད་པ་དང་ཇི་ལྟར་འབྲི་ཞེས་བ་དེས་སྒྱུ་རྩལ་གྱི་ཐབས་ལམ་གཞན་ཞིག་བསྟན་ཡོད་པ་རེད་འདོད་ཀི་ཡོད།
ཀ གལ་སྲིད་ངས་ས་སྐྱ་ལེགས་བཤད་ལྟ་བུའི་ལེགས་བཤད་ཀྱི་རིགས་བརྩམས་པ་ཡིན་ན་གཞི་ནས་ང་རང་ཉིད་ཀྱང་རང་གིས་བྲིས་པའི་ལེགས་བཤད་དམ་བསླབ་བྱ་དེ་ལས་མི་འདའ་པའི་འབད་པ་བྱེད་དགོས་མོད། སྙན་ངག་དང་བརྩམས་སྒྲུང་སོགས་ཕལ་མོ་ཆེ་རྟོག་པས་བཞེངས་་པའི་སྒྱུ་རྩལ་རྩོམ་རིག་གི་རྩོམ་པ་པོ་ཞིག་དང་ཁོས་བྲིས་པའི་བརྩམས་ཆོས་གཉིས་དོ་མཉམ་པ་ཞིག་ཡོང་ཐབས་གཏན་ནས་མེད་ཅེས་ཕལ་ཆེར་བརྗོད་ཐུབ། དེ་བཞིན་ངས་ནམ་རྒྱུན་ཆང་གི་ཉེས་དམིགས་སྟོན་པའི་སྒྲུང་གཏམ་ཏག་ཏག་འབྲི་བཞིན་ཡོད་པ་ཡིན་ཚེ་ངས་ཆང་འཐུང་ན་མི་འགྲིགས་ཀྱང་། ངས་བརྩམས་སྒྲུང་ནང་དུ་ཆང་རྐྱལ་གྱི་སྐོར་ཇི་ལྟར་བྲིས་ཀྱང་ངས་ཆང་འཐུང་མིན་ནི་ང་རང་གི་བདམ་བྱ་ཞིག་རེད།
དེ་ནི་དམར་ཕྱོགས་རྒྱལ་ཁབ་དག་གི་རྩོམ་པ་པོ་ཚོའི་བླང་བྱ་ཞིག་རེད། རྩོམ་པ་པོས་མི་དམངས་ལ་ལམ་སྟོན་བྱེད་དགོས་ཟེར་བ་དེ་ཡང་ནུབ་ཕྱོགས་སྤྱི་ཚོགས་སུ་རྩོམ་པ་པོའི་འཆར་སྒོའི་རང་དབང་ཡོངས་སུ་སྒོ་ཕྱེས་ཡོད་པ་གཉིས་མཉམ་དུ་སྦྱོར་མི་རུང་། རྒྱ་ནག་ལྟ་བུར་རྩོམ་པ་པོས་བསམ་བློའི་རང་དབང་བཀག་སྡོམ་བྱེད་རྒྱུ་མང་དྲགས་སོང་བས་ད་ལྟ་བར་དུ་རྒྱ་ནག་གི་རྩོམ་པ་པོ་ཞིག་ལ་ནོ་སྦེལ་རྩོམ་རིག་བྱ་དགའ་མ་ཐོབ་པ་རེད།
དེའི་ཕྱིར་ལེགས་བཤད་རྩོམ་ཡིག་འབྲི་མཁན་དང་སྒྱུ་རྩལ་རྩོམ་ཡིག་འབྲི་མཁན་གྱི་རྩོམ་པ་པོ་རིགས་མི་འདྲ་བ་འདི་གཉིས་མཉམ་དུ་བཞག་ནས་བླང་བྱ་འདོན་མི་རུང་བ་དེ་ཤེས་ན་ལེགས།
ས། རེད། མདོར་བསྡུས་ན་སྒྱུ་སྩལ་རྩོམ་རིག་གི་མཚོན་ཐབས་དང་དེའི་བསྟན་དོན་གཉིས་ལས་རྩོམ་པ་པོ་དེའི་བསམ་བློ་ངོ་མ་བསྟན་གྱི་སྟེང་ནས་མཐོང་ཐུབ་དགོས་བ་རེད། སྒྱུ་རྩལ་གྱི་མཚོན་ཐབས་དེ་མི་ཞིག་གི་ཁ་བདེ་མིན་ཙམ་རེད།
ཀ དེ་ནི་གྲྭ་པ་ཞིག་དང་མི་སྐྱ་ཞིག་མཉམ་དུ་བཞག་ནས་འཁྲིག་སྤྱོད་ཀྱི་སྡོམ་པའི་སྐོར་བསྒྲགས་པ་དང་ཧ་ཅང་འདྲ་བ་དེ་ཡང་ཤེས་ན་ལེགས།
ས། རེད། བཤད་སྟངས་ཙམ་ལས་བཤད་ཀྱིན་བཤད་ཀྱིན་ཁྱོད་ཀྱིས་ཀྱང་ངས་བཤད་པ་དེ་ཁས་བླངས་སོང་ང་།
ཀ ངས་རྩོམ་པ་པོ་རིགས་མི་འདྲ་བ་གཉིས་ལ་ལྟ་ལྟངས་རིགས་མི་འདྲ་བ་གཉིས་འཛིན་དགོས་ཟེར་བཞིན་ཡོད། ཁྱོད་ཀྱིས་རིགས་མི་འདྲ་བ་གཉིས་ལ་ལྟ་སྟངས་མི་འདྲ་བ་གཉིས་འཛིན་དགོས་ཟེར་བཞིན་ཡོད་ན་ནི་ངེད་གཉིས་ཀྱི་འབབ་ས་གཅིག་རེད། དེ་མིན་སྒྱུ་རྩལ་རྩོམ་པ་པོ་དང་ལེགས་བཤད་རྩོམ་པ་པོ་གཉིས་གཞི་གཅིག་ལ་ནམ་ཡང་སྦྱོར་མི་རུང་།
ས། སྒྱུུ་རྩལ་རྩོམ་པ་པོ་ཡིན་ནའང་ཁོང་གི་བརྩམས་ཆོས་དེ་ལ་ཇིས་ཕྱིར་འབྲི་ཞེས་བ་དེ་ཡོད་དགོས་ལ། དེའི་སྟེང་ནས་ཁོ་རང་ཉིད་ཀྱི་མི་གཤིས་དང་བསམ་བློའི་ཆ་ཞིགམཐོང་ཐུབ་དགོས་བ་རེད། དེ་མེད་ན་དོན་མེད་རེད།
ཀ དོན་དག་རྡོག་པོ་དེ་ནི་ངས་སྒྱུ་རྩལ་རྩོམ་རིག་གི་རྩོམ་པ་པོའི་བརྩམས་ཆོས་མ་གཏོགས་མི་དེའི་སྤྱོད་པ་ལ་རྩད་གཅོད་མི་གཏོང་། ལེགས་བཤད་རྩོམ་པ་པོའི་སྤྱོད་པ་ལ་རྩད་གཅོད་གཏོང་གི་ཡིན་ཟེར་བཞིན་ཡོད།
ས། ད་ངས་གཅིག་འདྲི། སྒྱུ་རྩལ་རྩོམ་པ་པོ་ཞིག་གི་བརྩམས་ལ་ཅི་ཞིག་འབྲི་དང་ཇི་ལྟར་འབྲི ཇིས་ཕྱིར་འབྲི་ཞེས་བ་དེ་གསུམ་ཚང་ཨེ་དགོས། དགོས་ན་དེའི་ནང་གི་ཅིས་ཕྱིར་འབྲི་ཞེས་བ་དེ་རྩོམ་པ་པོའི་བསམ་དང་འབྲེལ་བ་ཨེ་ཡོད།
ཀ སྒྱུ་རྩལ་རྩོམ་པ་པོའི་ལས་འགན་དང་པོ་དེ་ནི་ཀློག་མཁན་དང་མྱོང་མཁན་གྱི་བསམ་བློའི་དགའ་སྐྱོ་ཆགས་སྡང་ལ་ཡོ་འཁྱོམ་གཏོང་རྒྱུ་དེ་རེད། ད་དུང་མི་སེམས་སྨྱོན་པ་བཟོ་བ་དང་རིགས་པ་འཆོལ་བར་བྱེད་པ་སོགས་ཐབས་ལམ་འདྲ་མིན་གྱི་སྟེང་ནས་རང་གི་བརྩམས་ཆོས་དེའི་ཁྱད་ཆོས་མངོན་རྒྱུ་དེ་རེད་མ་གཏོགས་བརྩམས་ཆོས་དེས་མི་ལ་མི་ཚེའི་ལམ་སྟོན་བཟང་པོ་དང་སྤྱོད་པ་ཡ་རབས་སོགས་སྟོན་པའི་ངེས་པ་གཏན་ནས་མེད་པས། ཕར་ཕྱོགས་དེའི་དོ་སྣང་འགུག་ཅི་ཐུབ་བྱེད་རྒྱུ་དེ་ནི་ཁོའི་རྩ་བའི་ཀུན་སློང་དེ་རེད། དེའི་ཕྱིར་ཁོས་ཆང་རག་བག་མེད་དུ་འཐུང་བཞིན་ཆང་འཐུང་ཞིག་གི་ཡ་ང་བའི་མི་ཚེ་འབྲི་སྲིད་ལ། འཁྲིག་སྤྱོད་ཚད་མེད་བྱེད་བཞིན་ཚངས་སྤྱོད་ཀྱི་དགེ་མཚན་སྟོན་པའི་རྩོམ་ཡིག་ཀྱང་འབྲི་སྲིད།
ས། དེ་ངས་མ་རེད་ཟེར་གི་མེད། ཡིན་ནའང་དེའི་ནང་ནས་ཁོ་རང་མཐོང་ཐུབ་མིན་བཤད་ཀྱིན་ཡོད།
ཀ ཅིའི་ཕྱིར་འབྲི་ཞེས་པ་ནི་ནི་སྒྱུ་རྩལ་པ་ཞིག་གི་སྐྱེ་བ་བླངས་ཕྱིན་ཆད་མི་རྣམས་ཀྱི་དོ་སྣང་འདྲེན་ཅི་ཐུབ་དང་མི་རྣམས་སྒྱུ་རྩལ་གྱི་བསླུ་བྲིད་དམ་མགོ་བསྐོར་རང་བཞིན་ལ་དབྱིངས་ཞུགས་ཐུབ་ཀྱི་ཐབས་ཤེས་ཤིག་ཅིའི་ཕྱིར་མི་འཐེན་ཞེས་པ་དེ་རང་རེད།
ས། ཡ་ཡ། དེ་ཡིན་ད་ཅང་བཤད་རྒྱུ་མེད།
ཀ ང་ནི་སྒྱུ་རྩལ་རྩོམ་པ་པོ་རྣམས་ལམ་རིམ་སྔགས་རིམ་ནང་གི་ས་བཤད་སྒྲིག་སྟངས་ཀྱི་རིམ་པ་བཙན་པོ་དེ་དག་གི་ནང་དུ་ཁྲིད་ནས་བཅའ་ཁྲིམས་ལ་སློབ་སྦྱོང་བྱེད་དུ་འཇུག་པ་དེ་ལ་ངོས་ལེན་གཏན་ནས་མེད།
ཀ ད་ང་ཞོགས་ཇ་ཞིག་འཐུང་དུ་འགྲོ
ས། ཡ་ཡ། ངས་དགོང་ཆུ་ཞིག་གྲ་སྒྲིག་བྱེད་དགོས་ནང་སྲིད་བཀའ་བློན་བསླེབ་ན་བཀའ་བཀྱོན་གཏོང་གི་རེད།
ཀ སྔགས་པའི་ཁ་ཡ་བྱེད་པ་འདི་ནི་མི་སེམས་ཆུང་ཞིག་གི་བྱེད་སྟངས་མ་རེད་ཡ།
ས། ངས་ཁྱོད་ལ་ཁ་ཡ་བྱེད་ཀྱིན་མེད། ཅིག་དྲིས་ནོ་དེ་ཡིན།
ཀ དེས་ན་བཟང་གི སེམས་ཆུང་བྱོས།
Subscribe to:
Post Comments
(Atom)
ངས་ཀྱང་དྲ་ཐོག་ན་མིང་བཏག་ཡོད་པའི་མི་དེ་སུ་ཡིན་སེས་ན་མི་འདོད་ཀི མདང་དགོང་བསྟན་འཛིན་ཤེས་རབ་དང་ཁ་བརྡར་གློད་སྐབས་ཀྱང་དེ་ལྟར་བཤད་པ་ཡིན། འོན་ཀྱང་དེང་སྐབས་སྔོན་ཆད་བཞིན་དྲ་ཐོག་ཏུ་མང་པོ་ཡོང་འདོད་མི་འདུག་རྒྱུ་མཚན་ནི་དེང་སང་དྲ་ཐོག་ན་འབིག་དང་སྐམ་པ། ཟོར་བ་དང་རལ་གྱི་བཟུང་ནས་ཚོད་ཚོད་ལ་སུ་ཡིན་འདི་ཡིན་མེད་པར་ཆེ་མ་ཆུང་གསུམ་ཐམས་ཅད་གཡས་གཏུབ་གཡོན་གཅོད་བྱས་ནས་བུད་འགྲོ་གི ད་དུང་མཐོ་དམའ་མེད་པར། ངོ་ཤེས་དང་མི་ཤེས་རྒྱུས་ཡོད་མེད་གང་ལའང་ཚིག་ཚོན་འདེབས་པར་ཡ་ང་སྤུ་ཙམ་ཡང་མེད་པར་གང་འདོད་འདོད་དུ་བྲིས་ནས་བུད་འགྲོ་གི དེ་བས་དོན་མེད་ས་ནས་ཁ་རྡུང་གཟེད་ན་མི་འདོད་ཀི དེའི་སྟབས་ཀིས་དྲ་ཐོག་ནས་སྐད་ཆ་ཇེ་ཉུང་དུ་བཏང་བ་ཡིན། རང་གི་སྐད་ཆ་ཇེ་ཉུང་དུ་བཏང་ན་གཞན་གྱི་སྐད་ཆ་ཡང་ཉན་རྒྱུ་ཇེ་ཉུང་དུ་འགྲོ་གི་འདུག དེ་ལྟར་དྲ་ཐོག་ཏུ་ཡོང་ནའང་ཀློག་རྒྱུ་ཇེ་ཉུང་དུ་འགྲོ་གི་འདུག ངོ་མ་ཡིན། ད་ཁྱོད་གཉིས་ཀྱིས་རྩོམ་རིག་སྐོར་ནས་གླེང་འདུག ངས་ཅང་མི་བཤད། བཤད་ཀྱང་མི་ཤེས། ཞིབ་ཏུ་བཀླགས་ཀྱང་མེད། གང་ལྟ་ང་ཡོང་ཡོད་པའི་བརྡ་ཞིག་བསྟན་པའི་ཚུལ་དུ་སྐད་ཆ་འགའ་བཤད་དེ་བུད་སོང་ངོ་།།
ReplyDeleteལ་ལ་ལ། རྗེས་མ་ནས་གནམ་ཡིག་ནང་ནས་ཁ་བརྡ་བྱེད་ནའང་སེམས་ཆུང་བྱེད་དགོས་ས་རེད། སྐད་ཆ་རླུང་གིས་ཁུར་ནས་གང་ཡིན་སར་སླེབས་ཀྱིན་འདུག གོང་གི་འདི་བླ་རྒན་སྨྱོན་པ་ཞིག་དང་རྒད་པོ་ཆང་འཐུང་ཞིག་གིས་ཁ་ལྷོད་ནས་ཁྱི་བཤད་བྱས་བ་ཙམ་ཡིན་པས་མཐའ་ན་དག་སྡེབ་ལའང་དོ་སྣང་བྱས་མེད། རྗེས་མ་ནས་དྲ་ཐོག་ལ་འཇོག་ན་མ་མཐའ་ཡང་ཆད་ནོར་དང་གཏགས་ནོར་དེ་ཚོར་བཟོ་བཅོས་རེ་བྱེད་རོགས།
ReplyDeleteཡ་ཡ། ཡིན་ཡང་སྐྱོན་མེད།
ReplyDeleteབླ་རྒན་སྨྱོན་པ་ཞིག་དང་རྒད་པོ་ཆང་འཐུང་ཞིག་གིས་ཁ་ལྷོད་ནས་ཁྱི་བཤད་བྱས་བ་ཙམ་ཡིན སྐད་ཆ་བཤད་སྟངས་འདི་རྣ་པར་འགྲོ་ཀི་ཡ།
ReplyDelete