ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Friday 9 September 2011
---གྲོགས་པོ་ཞིག་གི་ཚབ་བྱས་ནས་བྲིས།

དེ་དུས་ནི་ན་ནིང་དཔྱིད་ཀའི་ཉིན་གུང་ཞིག་ཡིན། ཡོ་རོབ་ཏུ་ཡོད་པའི་ཕ་ཡུལ་གཅིག་པའི་སྨྱུག་གྲོགས་དེས་དྲ་ངོས་སུ་ལ་གཞས་ལེན་དུ་ཤོག་ཅེས་བསྐུལ་བས་མ་བསམས་ས་ནས་ཁྱོད་ལ་ཐུག་སོང་། སྐབས་དེར་ཁྱེད་ཀྱིས་མི་བཅུ་གྲངས་དེའི་གྲས་ནས་ང་ལ་བརྩེ་གླུ་ལེན་གི་ཡིན་ཟེར་ནས་ཤོར་ཡོང་ལ། རྨི་ལམ་དུ་ཡང་མ་དྲན་པ་ཞིག་ལ་ཁྱེད་ནི་ངོ་མ་ཆེས་ཡིད་དབང་འཕྲོག་པའི་སྐད་ངག་སྙན་མོ་ཞིག་ཡོད་འདུག ངས་ཀྱང་རང་གི་སྐད་ངག་འཛེར་བོ་དེ་སྤྱད་ནས་ལོ་མང་མ་བླངས་པའི་ཕ་ཡུལ་གྱི་ལ་གཞས་ཤིག་བླངས་པ་ཡིན།
ཉི་མ་དེ་ནས་བཟུང་སྟེ་ངེད་གཉིས་དེ་ལྟར་ངོ་ཤེས་ཤིང་རྒྱུས་ཡོད་པར་གྱུར་ཅིང་། ཟླ་བ་མང་པོ་ཞིག་གི་རྗེས་སུ་ཕན་ཚུན་ལ་ལྷད་མེད་པའི་བརྩེ་དུང་ཆགས། དེ་ཡང་ཕོ་མོ་གཉིས་ནམ་ཡང་ངོ་མ་ཐུག་པའི་རྒྱང་རིང་གི་བརྩེ་དུང་ཆགས། རི་ཁྲི་ཆུ་སྟོང་གིས་བར་ཆོད་པའི་བརྩེ་དུང་ཞིག་ཆགས། མཐའ་ཡས་རྒྱ་མཚོའི་ཕར་ཚུར་ན་ལུས་པའི་བརྩེ་དུང་ཞིག་ཆགས།


ང་རང་ཆུང་ཆུང་ཡིན་དུས་ཁྱེད་ཀྱི་ཕ་ཡུལ་དུ་པཎ་ཆེན་རིན་པོ་ཆེར་མཇལ་དུ་ཐེངས་ཤིག་ཡོང་མྱོང་ལ། དེ་དུས་ཁྱེད་ཀྱི་ཕ་ཡུལ་གྱི་རུ་སྡེ་བརྒྱུད་ནས་སོང་མྱོང་འདུག དེ་དུས་ཁྱེད་ཀྱང་བྱིས་པ་ཆུང་ཆུང་ཞིག་ཡིན་ཞིང་། ངེད་གཉིས་ཀྱིས་སྔ་ཕྱིར་པཎ་ཆེན་རིན་པོ་ཆེ་མཆོག་གི་བྱིན་རླབས་ཞུས་ཡོད། ཡིན་ན་ཡང་། དེ་དུས་ངེད་གཉིས་སུ་ཡིན་ཡང་མི་ལོ་སུམ་ཅུའི་རྗེས་སུ་གཞི་ནས་ཤར་ནུབ་ཀྱི་རྒྱ་མཚོ་ཆེན་པོའི་ཕར་ཚུར་ནས་དྲི་མ་མེད་པའི་འདང་བརྩེ་ཞིག་ཕན་ཚུན་ལ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་ནི་རྨི་ལམ་དུ་ཡང་འཁོར་མི་སྲིད་པ་ཞིག་རེད་ཨང་
ཁྱེད་ཀྱིས་ཆུང་དུས་ནས་ཀྱག་ཀྱོག་གི་མི་ཚེ་ཞིག་བརྒྱུད་ནས་ཡོང་བ་ཡིན་ཟེར་ཞིང་། དེའི་ལྟེབས་ཁུག་ན་ལུས་པའི་རྨ་ཤུལ་མང་པོ་ཞིག་གིས་ངའི་མིག་མཐར་མཆི་མ་འཁྱིལ་དུ་བཅུག་མྱོང་ལ། ངས་ཀྱང་འབར་འབུར་མང་པའི་ལམ་བུ་ཞིག་བརྒྱུད་ནས་མི་ཚེའི་ཕྱེད་ཀ་ས་མཐའ་ནས་བསྐྱལ་བ་ཡིན། འུ་གཉིས་ལ་འདྲ་ས་ཞིག་ཡོད་པ་ནི་སུ་ཡིན་ཡང་སྙིང་དམར་པོ་འདི་ལ་འདུག་རོགས་ཤིག་དང་། ཤ་མཆིན་པ་འདི་ལ་གླན་རོགས་ཤིག་འཚོལ་བཞིན་པ་དེའོ།།
ཁྱེད་ཀྱིས་པེ་ཅིན་མཁར་ནས་རྒྱ་མི་ལག་རིས་མཁས་པ་དེའི་ལུང་བསྟན་ཐིགས་པོ་དེ་ང་ལ་མ་གསང་བར་བརྗོད་པ་དང་། ཡང་ཁྱེད་ཀྱི་ཧ་ཅང་ཐིགས་པའི་རྨི་ལམ་དེ་ཡང་ང་ལ་མ་བསྐུངས་པར་བཤད་པ་མ་ཡིན་ནམ། ཁྱེད་ཀྱིས་ངའི་ཁ་པར་ནང་གི་ཁ་བརྡ་དེའི་རྗེས་སུ་ཡུད་ཙམ་རིང་ངུས་བསྡད་པ་ཡིན་ཞེས་བརྗོད་པ་དང་། ཁྱེད་ཀྱིས་ང་ལ་ཉི་འོད་འཇམ་ཞིང་རྦབ་ཆུ་བརྡོལ་བའི་བལ་ཡུལ་གྱི་མཛེས་ལྗོངས་ཤིག་ནས་ཁྱེད་ཀྱིས་རྩོམ་འབྲི་བ་དང་ངས་ནང་ལས་རེ་བྱེད་བཞིན་མི་ཚེ་བསྐྱལ་ན་འདོད་ཅེས་བརྗོད་པ་མ་ཡིན་ནམ།
ཁྱེད་ཀྱིས་དྲ་ལམ་བརྒྱུད་ནས་ཁྱེད་ཀྱི་འདྲ་པར་དང་སྡོད་གནས། མིང་པོ་དང་སྲུ་མོ། ཚ་བོ་ཚ་མོ་སོགས་ཀྱི་འཚོ་བའི་གནས་སྟངས་ང་ལ་བརྗོད་ཅིང་། ཁྱེད་ཀྱིས་ཁྱེད་ཀྱི་མོ་ལོ་བཅུ་དྲུག་ནས་བཟུང་སྟེ་ད་ལྟ་བར་གྱི་རང་གི་མི་ཚེའི་བརྒྱུད་རིམ་དག་ཀྱང་ང་ལ་མ་གསང་བར་བརྗོད་པ་མ་ཡིན་ནམ། ཁྱེད་ཀྱིས་ང་ལ་གནམ་ཐང་ཞིག་ནས་བརྗོད་ཐབས་བྲལ་བའི་ཚོར་བ་དྲག་པོ་ཞིག་དང་མཉམ་དུ་ཐུག་རྒྱུ་བྱས་པ་དང་། ཁྱེད་ཀྱིས་ཁོམ་པ་ཡོད་དུས་ཁྱེད་ཀྱི་སྙན་ཞིང་འཇེབས་པའི་ངག་སྒོ་ལས་ཐོན་པའི་ཨ་མདོའི་ལ་གཞས་གང་མང་ཞིག་ལ་རོལ་མྱོང་བྱེད་དུ་འཇུག་རྒྱུ་ཡིན་ཞེས་མ་བརྗོད་དམ། ད་དུང་ཁྱེད་ཀྱིས་ང་ལ་རང་གི་མི་ཚེའི་ལོ་རྒྱུས་འབྲི་རུ་འཇུག་རྒྱུའི་ཁས་ལེན་བྱས་པ་དང་། ཁྱེད་ཀྱིས་ང་ལ་རྒུན་ཆང་དམར་པོ་རེའི་བྲོ་བ་མྱོང་ཞོར་ཁྲ་ཆིལ་དགུ་ཆིལ་གྱི་མཐོ་སྒང་གི་སྐར་ཚོགས་ལ་མཉམ་དུ་བལྟ་རྒྱུའི་ཁས་ལེན་ཡང་བྱས་པ་མ་ཡིན་ནམ།
ཁྱེད་ཀྱིས་ང་ལ་ཟི་ལིང་ནས་དངུལ་དཀར་གྱིས་བརྡུངས་པའི་མཛུབ་དཀྲིས་ཤིག་ཉོ་རྒྱུའི་ཁས་ལེན་བྱས་པ་དང་། ངས་ཁྱེད་ལ་ཁྱེད་རང་བཟའ་རྒྱུར་དགའ་བའི་ཨ་རིའི་ཤིང་ཏོག་ཞིམ་པོ་སྐོར་ཞིག་ཁྱེར་ཡོང་རྒྱུ་བྱས་པ་མ་ཡིན་ནམ། ཁྱེད་ཀྱིས་འུ་གཉིས་ཀྱིས་མི་ཚེའི་བྲོ་བ་མངར་ཡང་སྐྱུར་ཡང་མཉམ་དུ་རོལ་རྒྱུའི་ཁས་ལེན་བྱས་པ་དང་། ཁྱེད་ཀྱིས་འུ་གཉིས་དཔུང་བ་མཉམ་གཤིབས་ཀྱིས་བོད་ཀྱི་ས་ཆ་ཡོངས་རྫོགས་ལ་ལྗོངས་རྒྱུར་ཐེངས་ཤིག་འགྲོ་རྒྱུའི་རེ་བ་འདོན་མྱོང་བ་མ་ཡིན་ནམ།
ཁྱེད་ཀྱིས་ངའི་ཆེད་དུ་མཚན་ཕྱེད་ཆུ་ཚོད་གཉིས་པ་གསུམ་པ་བར་དུ་མ་ཉལ་བར་སྙིང་གཏམ་དྲོན་མོ་གཅིག་རྗེས་གཉིས་མཐུད་དུ་བྱོ་བ་དང་། ཁྱེད་ཀྱིས་ཚ་མོ་ཆུང་ཆུང་དེར་ཉལ་དུ་རྒྱུགས་ཞེས་བརྗོད་དེ་འུ་གཉིས་ཀྱི་སྙིང་གཏམ་གླེང་འཕྲོ་མུ་མཐུད་དེ་བསྐྱངས་པ་མ་ཡིན་ནམ། ཁྱེད་ཀྱིས་འུ་གཉིས་ཀྱི་བརྩེ་དུང་ལ་བར་ཆད་མི་འབྱུང་ཆེད་རྒྱལ་ཁབ་གསུམ་པ་ཞིག་ནས་མགྱོགས་པོར་ཐུག་རྒྱུ་དང་། ཁྱེད་ཀྱིས་གནམ་ཐང་དེར་འབྲོག་མོ་ཞིག་གི་སྤོབས་པས་ལྡེངས་ཚད་ཀྱིས་བརྩེ་དུང་གི་རྣམ་འགྱུར་གང་ཡོང་ཅི་ཡོང་ཞིག་སྟོན་རྒྱུའི་ཁས་ལེན་བྱས་པ་མ་ཡིན་ནམ།
ཁྱེད་རང་དེང་སྐབས་ནམ་རྒྱུན་ལས་དོན་ཆེད་དུ་འགྲོ་སའི་རྒྱལ་ཁབ་གསུམ་པ་དེའི་གྲྭ་པ་ཆོས་གོས་སེར་པོ་ཅན་མང་སའི་རྒྱལ་ས་རུ་ཡོད་དམ། ཡང་ན་རྒྱལ་ཁབ་དེའི་ཐག་རིང་ཞིང་དབེན་འཇགས་ཡིན་པའི་ལུང་ཀྱོག་བཟོ་གྲྭ་མང་ས་དེ་རུ་ཡོད། ཁྱེད་རང་ཚ་གདུག་མེ་ལྟར་འབར་བའི་རྒྱལ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་དམ། ཡང་ན་མི་ཚོགས་དང་བ་ཕྱུགས་ཀྱིས་སྲང་བར་ཁེངས་པའི་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་སྦེང་ལོར་ན་ཡོད།
ད་ལྟ་ངའི་མཁའ་དབྱིངས་སུ་ཟླ་བ་ཕྱེད་ཀ་ཞིག་གིས་ས་གཞི་དང་རྒྱང་ཐག་རིང་བའི་གནས་དེར་ཁེར་རྐྱང་དུ་འགྲུལ་བཞུད་བྱེད་བཞིན་འདུག་པས། ངས་རང་དབང་མེད་པར་དེ་དུས་ཀྱི་དགོང་མོ་དེར་ཁྱེད་རང་ཉི་མའི་འོག་དང་ང་རང་ཟླ་བའི་འོག་ཏུ་བསྡད་དེ་ཕན་ཚུན་གྱི་སེམས་ཁོང་དུ་སྙིང་གཏམ་གྱི་བདུད་རྩི་འདྲེན་རེས་བྱས་པ་དེ་ལྷང་ངེར་དྲན་ཡོང་། ད་དུང་ངས་ཉི་ཟླའི་འོག་གི་སྙན་ངག་ཅེས་པའི་འུ་གཉིས་ཀྱི་བརྩེ་འདང་མཚོན་པའི་སྙན་ངག་རིང་མོ་ཞིག་གི་བློས་བསླངས་བཞེངས་པ་ཡང་དྲན་ཡོང་
ངས་མཚན་མོ་མང་པོ་ཞིག་གི་རིང་ལ་ཞག་གང་རེར་གློག་ཀླད་ཀྱི་སྒོ་ཕྱེས་ནས་ཁྱེད་ཨེ་ཡོང་གི་རེ་སྒུག་བྱས་ཤིང་། ངས་ཞོགས་པ་སྔ་བོ་མང་པོ་ཞིག་ལ་ཉལ་སའི་ནང་ནས་མགོ་བཀྱགས་ཏེ་གློག་ཀླད་ལ་ཅེར་ནས་ཁྱེད་ལ་ཨེ་ཐུག་གི་རེ་བ་བཅངས། ང་ཉི་མ་འདི་ཚོར་མཛེས་སྡུག་ལྡན་པའི་རི་མགོ་དང་མཚོ་འགྲམ་གང་དུ་སོང་ཡང་སེམས་གཏིང་ཞིག་ནས་ཁྱེད་གཅིག་པོ་མ་གཏོགས་དྲན་རྒྱུ་མི་འདུག་ལ། ངས་ཉི་མ་འདི་ཚོར་རྒྱ་ཟས་བོད་ཟས་གང་ཞིག་ཟོས་ཀྱང་སྙིང་དམར་པོའི་གཏིང་རུམ་ཞིག་ན་ཁྱེད་གཅིག་པོ་ལྷོག་ལྷོག་ཏུ་འཕྱུར་བཞིན་འདུག
སྙིང་སྡུག་མ་ལགས། ཁྱེད་རང་རྒྱལ་ཁབ་གང་ཞིག་ཏུ་ཡོད་ཀྱང་ང་ལ་འཕྲིན་ཐུང་ཞིག་བསྐུར་ནས་ཁྱེད་རང་དྲན་པའི་ངའི་སེམས་པ་འདི་བདེ་ལ་ཐེངས་ཤིག་འབབ་ཏུ་འཇུག་རོགས། ཁྱེད་རང་ས་ཕྱོགས་གང་ཞིག་ན་ཡོད་ཀྱང་ང་ལ་ཁ་པར་ཞིག་བཏང་ནས་ཁྱེད་རང་བདེ་མོ་འཚམ་པོ་ཡིན་པའི་གནས་སྟངས་ཚར་གཅིག་རྗོད་རོགས། བརྡབ་གསིག་མང་པའི་མི་ཚེ་དང་ས་མཐར་ལྷུང་བའི་སེམས་གདུང་གཉིས་ཀྱི་བར་གླགས་ནས། ངས་ཁྱེད་ཀྱིས་ང་ལ་བཞག་པའི་བརྩེ་གདུང་གི་གཏམ་རྒྱུད་སྙན་མོ་འདི་འབྲི་མཚམས་ནམ་ཡང་འཇོག་ན་མི་འདོད།
དོ་དགོང་ངས་འཇར་པན་གྱི་བརྩེ་དུང་གི་གློག་བརྙན་ཞིག་ལ་བལྟས། དེའི་ནང་དུ་བུ་མོ་ཞིག་གིས་རང་གི་འཆི་ལ་ཉེ་བའི་མཛའ་བོའི་སྐར་མདའ་ཐེངས་ཤིག་མཐོང་ན་འདོད་པའི་རེ་བ་སྐོང་ཕྱིར། གྲོང་སྡེ་ཧྲིལ་བོའི་སྒོ་རྩར་བརྒྱུགས་ནས་དགོང་མོའི་ཆུ་ཚོད་དགུ་པའི་སྟེང་ཁྱིམ་ཚང་ཡོངས་རྫོགས་ཀྱིས་གློག་གཞུ་གསོད་རྒྱུའི་ཞུ་བ་འཐེན་ཞིང་། མཐའ་མར་མོས་རང་གི་མཛའ་བོ་ལག་འབུད་འཁོར་ལོ་ཞིག་གི་སྟེང་དུ་བཞག་སྟེ་གྲོང་སྡེའི་ཀླད་ཀྱི་ས་སྟོང་དེ་རུ་སོང་ནས་ཅང་མ་འགོར་བར། གྲོང་སྡེ་ཧྲིལ་བོས་གློག་གཞུ་བསད་པས་ནམ་མཁའ་ཧྲིལ་བོ་སྔོ་ནག་ཏུ་གྱུར་ཅིང་། དེ་ནས་མོ་དང་མོའི་མཛའ་བོ་འཆི་ཁ་མ་གཉིས་ཀྱིས་སྐར་མ་བཅུའི་རིང་ལ་མཚན་མོའི་ནམ་མཁའ་འོད་ཀྱིས་གཤེག་བཞིན་ཡལ་འགྲོ་བའི་སྐར་མདའ་མང་པོའི་རྒྱུ་འགྲུལ་ལ་ལྟད་མོ་ལྟ་བཞིན་པ་ཞིག་མཐོང་བས། བུ་མོ་དེའི་ཆེས་དྭངས་གཙང་ལྷད་མེད་ཀྱི་བརྩེ་དུང་གི་སྒུལ་ཤུགས་མ་ཐེགས་པའི་རྐྱེན་གྱིས། རང་དབང་མེད་པར་ངའི་མིག་ཟུང་ལས་མཆི་མ་ལྷུང་ལྷུང་དུ་བཞུར་ཡོང་། ངས་ངོ་མ་བཟོད་ཐབས་མ་བྱུང་། བརྩེ་དུང་གི་མདུན་དུ་ང་ལ་སྐྱེས་ཕོ་རབ་ཅིག་གི་རང་ཚུགས་ཟེར་བ་ཞིག་ཅི་ཡང་མི་འདུག
གལ་སྲིད་ང་རང་ནད་པ་ཆགས་པ་ཡིན་ན་ཁྱེད་ཀྱིས་ང་ལ་འཇར་པན་བུ་མོ་དེ་ནང་བཞིན་ལྟ་སྐྱོང་བྱེད་རྒྱུ་ཡིན་ནམ། གལ་སྲིད་ང་རང་རྒན་རྒོན་ཆགས་པ་ཡིན་ན་ཁྱེད་ཀྱིས་འཇར་པན་བུ་མོ་དེ་ཅི་བཞིན་ང་ལ་བྱམས་སྐྱོང་བྱེད་ངེས་ཡིན་ནམ། ངས་ཁྱེད་ལ་ནམ་རྒྱུན་ལན་དུ་མར་བསྐྱོར་པའི་གཟུངས་སྔགས་ཤིག་སྟེ། ཚེ་སྔ་ཕྱི་ཤོར་ན་ལས་དབང་རེད། ཚེ་འདི་ནས་མི་བསྐྱུར་ཐག་ཆོད་ཡིན་ཞེས་པ་དེ་ད་ལྟ་ཁྱེད་ཀྱི་རྣ་ལམ་དུ་གྲག་བཞིན་ཡོད་དམ། ངའི་རྒྱང་རིང་གི་སྙིང་ཉེ་བའི་དྲ་གྲོགས་མ་ལགས། ཧ་ཅང་ལྷིང་འཇགས་ཡིན་པའི་དོ་དགོང་ངས་ཁྱེད་ཧ་ཅང་དྲན་ཞིང་། སེམས་ཁམས་བདེ་ལ་མི་འབབ་པའི་དོ་དགོང་ངས་ཁྱེད་སྙིང་དབུས་ནས་སྦར་ཏེ་མིག་མཐའ་རུ་བསྐྱིལ།
ཉིན་འདི་ཚོར་གྲོགས་པོ་གྲོགས་མོ་དག་གིས་ངའི་ངོ་མདངས་མཐོང་ནས་ན་གི་འདུག་གམ་ཞེས་དྲི་བ་རྫོགས་མེད་རེ་འདྲི་བཞིན་འདུག་ལ། བོད་ཡུལ་དུ་བཞུགས་པའི་ཕ་མ་དང་ཕུ་ནུ་ཚོར་ཁ་པར་གཏོང་དུས་ཀྱང་སེམས་པ་ལྷོད་ལ་འབབ་ཐབས་ཤིག་རྩ་བ་ནས་མི་འདུག འདི་ལྟར་མི་ཞིག་གིས་མི་གཞན་ཞིག་གི་སེམས་ཁམས་ཧྲིལ་བོ་བསྡམས་ཚར་དུས། ཞེ་འདང་ནི་བྲག་རི་ཇི་བཞིན་བསྐལ་བ་མ་འཇིག་བར་དུ་ཉི་འོད་དང་ཁ་ཆར་གྱི་ཀློང་ནས་འགྱིང་ཐུབ་པར་འདུག་ལ། འདི་ལྟར་རྣམ་ཤེས་ཤིག་གིས་རྣམ་ཤེས་གཞན་ཞིག་ལ་ཡོངས་སུ་དབང་སྒྱུར་བྱས་ཟིན་དུས། བརྩེ་དུང་ནི་གཙང་ཆེན་ལྟ་བུར་ས་ཆེན་གྱི་སྒང་གཤོང་གཤགས་ཏེ་མུ་མེད་ཀྱི་རྒྱལ་ཁམས་བསྐོར་ཐུབ་ཀྱི་འདུག

0 བསམ་ཚུལ་འདོན་པ།:

Post a Comment