ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Friday 9 September 2011
སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར། །
ཤི་ཡང་ཕྱི་མིག་ལྟ་བའི་རེ་བ་ཡིས། །
སྐྱེ་བོ་ཐམས་ཅད་རང་གི་ལག་རྗེས་ཙམ། །

ཤུལ་དུ་ལུས་པའི་འབད་པ་ངང་གིས་བྱེད། །

དགེ་འདུན་ཆོས་འཕེལ།
དོ་དགོང་ངས་ཨ་རིའི་ སྲིད་འཛིན་ཨོ་སྦ་མས་ཨ་རིའི་གྲོས་ཚོགས་ནང་ཚོང་པ་ཆུང་གྲས་རིགས་ལ་ཁྲལ་ཆག་ཡང་ གཏོང་གི་ཡིན་ལུགས་གཏམ་བཤད་བྱེད་དུས། སྤྱི་མཐུན་ཚོགས་པའི་ཚོགས་མི་རེ་ཟུང་གིས་བྱིས་པ་ལྟར་མཛུབ་མོས་ཁ་ཤ་ཕར་འཐེན་ ཚུར་འཐེན་བྱེད་བཞིན་ཨ་བོ་ཨ་བོ་ཞེས་ངོ་རྒོལ་གྱི་རྣམ་འགྱུར་སྟོན་བཞིན་པ་ཞིག་ བརྙན་འཕྲིན་ལས་མཐོང་སོང་། ལྟ་བཞིན་ལྟ་བཞིན་དེ་ལ་དགོད་ཀྱང་བྲོ་སོང་ལ་ཨ་རིའི་དམངས་གཙོ་དང་འགྲོ་བ་མིའི་ སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལ་བསམ་བློ་གཏོང་བཞིན་ངོ་མཚར་ཡང་སྐྱེས་སོང་། དེ་རིང་ནི་ལས་འགུལ་ཆེ་ཆུང་གང་ཞིག་སྤེལ་ཡང་དེ་ལ་ངོ་རྒོལ་བྱེད་པའི་དུས་ཚོད་ ཅིག་ཡིན་པ་འདྲ།


ངའི་གྲོགས་པོ་རྟ་ནག་དང་ གནམ་ལྕགས། བསྟན་འཛིན་ཤེས་རབ་གསུམ་གྱིས་ཁོ་བོར་ཤ་ཚ་སྙིང་ཉེ་བའི་སྒོ་ནས་ཐེངས་འདིའི་ལས་ འགུལ་ལ་ལམ་སྟོན་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ། བོད་ནང་དུ་རྩོམ་པ་མོ་སྨིན་དྲུག་ལགས་ཀྱི་སྨིན་དྲུག་ཟ་ཁང་དང་སེང་རྡོར་དྲ་བ། སྲིན་མོ་རོགས་སྐྱོར་ཚོགས་པ་དང་ར་རྒྱ་འཇིགས་མེད་རྒྱལ་མཚན་སློབ་གྲྭ་སོགས་མི་ སྒེར་བའི་མིང་སྤྱད་དེ་ཚོགས་པ་དང་སློབ་གྲྭ་བཙུགས་ཡོད་པ་རེ་ཟུང་ཡོད་ཅིང་། སྙན་ངག་མ་སྨིན་དྲུག་དང་སྲིན་མོ། རྒན་འཇིགས་མེད་རྒྱལ་མཚན་སོགས་ཁོ་བོ་ལྟ་བུས་འགྲན་ཐུབ་པ་ཞིག་མིན་ཡང་། ངས་རང་ཉིད་ཀྱིས་རྩོམ་རིག་གསར་རྩོམ་ལ་མི་ཚེ་ཕྱེད་ཀ་བཏང་བའི་ཀྱག་ཀྱོག་གི་ལམ་ བུར་རྗེས་དྲན་བྱེད་ཆེད་དུ་ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཞེས་པ་ཞིག་གི་མགོ་ བཙུགས་པ་འདིར་གྲོགས་པོ་གང་ན་སུ་བཞུགས་དག་གིས་དྲང་ལྡོག་ཅི་རིགས་ནས་རྒྱབ་ སྐྱོར་དང་ལམ་སྟོན་གནང་བར་དགའ་བསུ་ཞུ་གིན་ཡོད། ཡིན་ཡང་ཁོ་བོ་མ་ཤི་བར་དུ་རྩོམ་རིག་བྱ་དགའ་འདི་མང་ཉུང་ལ་མ་ལྟོས་པར་སྤྲོད་ མཚམས་འཇོག་རྒྱུ་མིན་ལ་དེའི་མིང་ཡང་བརྗེ་བོ་རྒྱག་གི་མིན་པས། འདི་ཡང་ཐུགས་ལ་བསྣམ་པར་འཚལ།

གོང་གི་གྲོགས་པོ་རྟ་ལྷ་ བསྟན་གསུམ་ལགས། ཁྱེད་རྣམ་པས་ཀྱང་རྒྱ་གར་ནག་གི་གྲོང་ཁྱེར་དང་ཕྱི་གླིང་བའི་གྲོང་གསེབ་གང་རུང་ རེར་ཉུལ་ཡོད་ངེས་པས། ལས་འགུལ་ཆུང་ཆུང་ཞིག་དང་ཟ་ཁང་ཆུང་ཆུང་ཞིག་གི་མིང་ལ་ཡང་ལས་འགུལ་བ་དང་སྦྱིན་ བདག་དེའི་མིང་འདོག་སྟངས་ཤིག་གནའ་ནས་འཛམ་གླིང་ཡོངས་ཁྱབ་ཆགས་བསྡད་ཡོད་པས། ངས་རང་གི་མིང་རང་གིས་སྤེལ་པའི་ལས་འགུལ་ཆུང་ཆུང་འདིའི་མགོར་སྦྱར་བ་ཙམ་ཞིག་ གིས་ཁྱེད་རྣམ་པར་དེ་ཙམ་བཞུགས་བློ་མི་བདེ་བ་ཞིག་བཟོས་ཡོད་པར་ཞིབ་ཏུ་བསམས་ན་ ཁོ་བོར་ཞལ་རྩེད་རྩེད་བཞིན་ཡོད་པའི་སྣང་བ་ཞིག་ཀྱང་བཅོས་མིན་དུ་འཆར་ཡོང་།

ཁྱེད་ཅག་གིས་ཐུགས་བསམ་ ཅུང་ཟད་གུ་ཡངས་པོ་ཞིག་བཏང་ནས་གཟིགས་དང་། མི་ཞིག་གིས་རང་གི་མི་ཚེའི་སྐྱིད་སྡུག་ལ་རྗེས་དྲན་བྱེད་ཆེད་ལས་འགུལ་གང་ཞིག་ ལ་མི་དེའི་མིང་བཏགས་པ་ཙམ་གྱིས་རང་སྟན་ལ་ཚེར་མ་སྐྱེ་བ་དང་རང་མིག་ལ་ཐལ་བ་ འཛུལ་ཡོང་བ་ཞིག་གི་ཚད་དུ་མི་བསླེབས་ཐག་ཆོད་ཡིན་ཡང་། སྔོན་མར་དགེ་བཤེས་གཉིས་ཀྱི་བར་དུ་ཕྲག་དོག་གི་འགྲན་སྡུར་ཞིག་ཡོད་པ་ལ། ཉི་མ་གཅིག་དགེ་བཤེས་གཅིག་གིས་ཁོང་གི་དགེ་ཕྲུག་ལ། དེ་རིང་ཇ་ཞིག་སྐོལ་དང་གཏམ་སྙན་མོ་ཞིག་ཡོད་ལབ་པས། དགེ་ཕྲུག་དེས་ཇ་ཞིམ་པོ་ཞིག་བསྐོལ་ནས་རྒན་ལ་འདྲེན་ཞོར། རྒན་ལགས། གཏམ་སྙན་མོ་ཅི་ཞིག་ཡོད། ཉིད་ཀྱི་ཐུགས་རྒྱུད་ལ་རྟོགས་པ་ཁྱད་པར་ཅན་རེ་སྐྱེས་པ་ལགས་སམ་ཞེས་དྲིས་པར། དགེ་བཤེས་དེས། མ་རེད། ངའི་ཁ་གཏད་ཀྱི་དགེ་བཤེས་དེར་སྐྱེས་སྨན་ཡོད་ལུགས་གོ་བྱུང་ཞེས་བརྗོད་པ་བཞིན། ངེད་ཅག་གྲོགས་ནང་ཚགས་ཡིན་ཡང་རང་རེའི་བར་དུ་གཞི་རྩ་མེད་པའི་ཕྲག་དོག་དང་འགྲན་ སེམས་ཀྱི་རྩིག་པ་རབ་རེ་རིབ་བེ་རེ་ཡང་ཡོད་མི་སྲིད་པ་ཞིག་མ་རེད།

ངེད་ཅག་གྲོགས་ནང་ཚགས་བར་ དུ་འདི་ལ་ཁྱད་པར་ཞེ་དྲགས་མེད་མོད། བྱེད་སྟངས་འདི་ལ་མི་རིགས་གཞན་པ་ཞིག་གིས་བལྟས་ན། ད་དུང་བོད་པའི་རང་མི་འབུར་འཇོམ་རིང་ལུགས་ཀྱི་རྩ་བ་བརྟན་ཅིང་རྩེ་མོ་རྒྱས་ བཞིན་ཡོད་པའི་དཔེ་མཚོན་རྨ་མེད་པ་ཞིག་ཀྱང་ཡིན་པའི་ངེས་པ་ཅི་བས་ཀྱང་རྙེད་ཐུབ་ ཀི ད་འོ་ན་ངས་རྡ་རམ་ས་ལ་ནས་ཀླུ་སྨྱོན་ཟ་ཁང་ཞེས་པ་ཞིག་སྒོ་ཕྱེས་ན་ཡང་ཁྱེད་ཅག་ དུས་དང་རྣམ་པ་ཀུན་ཏུ་དེའི་ནང་དུ་ཟ་མ་བཟའ་གི་ཡོང་གི་མིན་ནམ། རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར་ཏེ། ཀླུ་སྨྱོན་རྩོམ་རིག་བྱ་དགའ་ནི་རྩོམ་རིག་བྱ་དགའ་ཁྲི་སྟོང་གི་བྱེ་བྲག་ཅིག་ དང་། ཀླུ་སྨྱོན་ཟ་ཁང་ཡང་ཟ་ཁང་སྟོང་གི་གྲུབ་ཆ་ཆུང་ཆུང་ཞིག་ཡིན་པས་སོ།།

འགྲན་བསྡུར་ནི་འགྲན་ བསྡུར་རང་ཡིན་པས་དེའི་ནང་དུ་མི་སུ་ཡང་གཞི་རྩའི་ཆ་རྐྱེན་གང་ཡོད་ཚང་ཚེ་འཛུལ་ ཞུགས་བྱས་ཆོག་པ་ཞིག་ཡིན་པ་ནི་གླུ་གཞས་འགྲན་བསྡུར་དང་མཛངས་མའི་འགྲན་བསྡུར་ སོགས་ལས་མཐོང་ཐུབ་པ་ཞིག་རེད། དེ་བས་བདག་གིས་ཀྱང་རྩོམ་པ་པོ་གསར་རྙིང་སུ་ཡིན་ཡང་ལས་འགུལ་འདིར་རྒྱབ་སྐྱོར་ གྱི་ཚུལ་དུ་བསྐུར་པའི་རྩོམ་ཡིག་དག་ལས་བརྒྱ་ཆའི་གོ་དགུ་ཙམ་བསྡུ་བཞིན་ཡོད།

རྩོམ་རིགས་རིག་གཞུང་ལ་ རྒྱབ་སྐྱོར་བྱེད་སྟངས་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས། དུས་དེབ་དང་ཚགས་པར་གཉེར་བ། སྙན་ངག་གྱེར་འདོན་དང་རྩོམ་རིག་བྱ་དགའ་སྤྲོད་པ་སོགས་ཐབས་ལམ་གང་ཞིག་ནས་རྩོམ་ རིག་སྒྱུ་རྩལ་ལ་སེམས་ཁུར་ཡོད་པའི་རྣམ་པ་སྟོན་མཁན་དག་ལ་ང་ཚོས་རྒྱབ་སྐྱོར་ བྱེད་དགོས་ཀིན་འདུག དེ་མ་གཏོགས་སྒོ་དང་སྒེའུ་ཁུང་གང་ས་ནས་དེབ་འདོན་གི་འདུག་ཅེས་རྩོམ་པ་པོ་གསར་ སྐྱེས་ཚོའི་བློ་སྤོབས་ཀྱི་ལག་པ་རྡུམ་མེར་གཅོད་པའི་སྦྱོར་བ་རྩོམ་པ་དག་གི་ལད་ ཟློས་ནམ་ཡང་བྱེད་རུང་བ་མ་ཡིན་ནོ།།

གལ་སྲིད་ང་ཚོའི་སྤྱི་ ཚོགས་ཆུང་ཆུང་འདིའི་ནང་དངོས་གནས་གད་སྙིགས་རྩོམ་པ་པོ་དང་གད་སྙིགས་རྩོམ་ཡིག་ མ་གཏོགས་མེད་པ་ཡིན་ཡང་ངས་ཁོ་ཚོ་དང་ཁོང་ཚོའི་རྔུལ་ཆུའི་རིན་ཐང་ལ་གདེང་འཇོག་ གང་ཐུབ་ཅིག་བྱེད་ངེས་ཡིན་ཏེ། རྒྱུ་མཚན་ནི་ང་ཚོ་ང་ཆེ་ང་མཁས་ཡིན་ཟེར་མཁན་དག་དང་གད་སྙིགས་རྩོམ་པ་པོར་བགྲངས་ པ་དག་ལ་སྲང་གང་གི་ཡང་ལྕི་ཡང་མེད་པས་སོ།།

རྩོམ་རིག་བྱ་དགའ་ཞེས་པ་ འདི་འདེམ་སྐབས་དང་སྤྲོད་སྐབས་སུ་དེ་ལ་བར་ཆད་གཏོང་མཁན་དང་རྒྱབ་སྐྱོར་བྱེད་ མཁན། ཟུར་ནས་ལྟད་མོ་ལྟ་མཁན་དང་ཅི་མི་སྙམ་པར་འཇོག་མཁན་སོགས་སྣ་ཚོགས་ཤིག་ཡོད་ཅིང་། བོད་ནང་གི་སྦྲང་ཆར་རྩོམ་རིག་བྱ་དགའ་སོགས་ལ་ཡང་མང་མང་གི་འདོད་པ་ཁེངས་པ་ཞིག་ ནམ་ཡང་ཡོང་གི་མེད་པ་དང་། སྔོན་ཆད་རྡ་སའི་བོད་ཀྱི་རྩོམ་པ་པོའི་བྱ་དགའ་སོགས་ལ་ཡང་རྙོག་གླེང་བྱུང་ཡོད་ པས། སྤྱི་ཚོགས་གང་ཞིག་ཡིན་ཡང་མི་དམངས་དང་འབྲེལ་བ་ཡོད་པའི་ལས་འགུལ་ཞིག་སྤེལ་དུས་ མི་དམངས་ཀྱི་བསམ་ཚུལ་མི་འདྲ་བ་དུ་མ་ཞིག་ཐོན་མི་ཐུབ་པའི་སྐབས་སུ་དམངས་གཙོའི་ རང་ཐང་ཕྱིར་མངོན་མེད་པའི་རྟགས་མཚན་དུ་རྩི་བར་གཞིགས་ན། ཐེངས་འདིར་གོང་སྨྲོས་གྲོགས་པོ་གསུམ་གྱི་རིན་ཐང་བྲལ་བའི་དགོངས་འཆར་དེ་དག་ ཀྱང་གད་སྙིགས་བསྡུ་མཁན་དུ་བགྲངས་པ་བདག་གིས་གད་སྙིགས་ཀྱི་ཚོང་ཁང་སྒོ་འབྱེད་ རྒྱུའི་མ་རྩར་གསོག་འཇོག་བྱེད་ངེས་ཅན་ཡིན་ནོ།།

ཁྱེད་རྣམ་པའི་དགོངས་བཞེད་ ནི་བཙན་བྱོལ་སྤྱི་ཚོིགས་ནང་དུ་རྩོམ་རིག་བྱ་དགའི་ལས་འགུལ་ཅི་ཡང་མ་སྤེལ་བར་ འཇམ་ཅག་ཅག་རང་རང་ས་ནས་ཉལ་བསྡད་ན་ལེགས་པ་དེ་ཡིན་མོད། འདི་ལོ་སྤེལ་བཞིན་པའི་འོད་དཀར་དྲ་བའི་འོད་དཀར་སྙན་ངག་གྱེར་འདོན་དེ་ནང་བཞིན་ སྤྱི་ཚོགས་ཀྱི་གྲུ་ཟུར་གང་རུང་ཞིག་ནས་ཆེ་ཆུང་ལ་མ་ལྟོས་པའི་ལས་འགུལ་རེ་སྤེལ་ རྒྱུ་ནི་བདག་དང་བདག་གི་གྲོགས་པོ་སྐོར་ཞིག་གི་མོས་འདུན་ཡིན་པས། དྲག་ཆར་རླུང་འཚུབ་ཇི་ལྟར་ལྡང་ན་ཡང་ཉམ་ཆུང་གི་གྲུ་གཟིངས་འདི་མུ་ནས་མུ་རུ་ བསྐྱོད་རྒྱུ་ནི་འགོག་ཏུ་མེད་པ་ཞིག་ཡིན་ནོ།།

ལས་འགུལ་ཞིག་སྤེལ་དུས་ ཡིན་གཅིག་མིན་གཅིག་མི་ཆེན་པོ་ཞིག་གི་མིང་འདོག་དགོས་ཀྱི་ཡོད་པ་མ་རེད། ལས་འགུལ་དེས་སྤྱི་ཚོགས་ལ་ཕན་གནོད་གང་ཞིག་འབྱུང་མིན་ལ་ལྟ་རྒྱུ་དེ་གལ་ཆེན་པོ་ རེད། ང་ཚོ་ཏྰ་ལའི་བླ་མ་དགེ་རྩ་ཁང་ནས་ཀརྨ་པ་སྤྱི་ཚོགས་ཞབས་ཞུ་ཁང་སོགས་མི་ཆེན་པོ་ དག་གི་མིང་སྦྱར་བའི་ཚོགས་པ་སྐྱིད་སྡུག་ཏག་ཏག་གི་མིང་རྣ་བྱང་མིག་བྱང་དུ་སོང་ བས། མི་ཆུང་ཆུང་ཞིག་གི་མིང་ལས་འགུལ་ཞིག་གི་མགོར་སྦྱར་ན་ཐོག་མར་མཐོང་མི་བདེ་བ་ དང་ཐོས་མི་སྤྲོ་བ་ཞིག་ཡོང་བ་ཆོས་ཉིད་ཡིན་ཡང་། གོམས་ན་སླ་བར་མི་འགྱུར་བའི་ལས་དེ་གང་ཡང་ཡོད་པ་མིན་པའི་སྲུང་འཁོར་དེ་སྐེ་རུ་ ཐོགས་ནས་སྡོད་དང་ཅུང་མ་འགོར་བར་ཀླུ་སྨྱོན་རྩོམ་རིག་བྱ་དགའ་དང་ཀླུ་སྨྱོན་ རྩོམ་རིག་ཐེབས་རྩ་སོགས་མིག་དང་རྣ་བའི་ཡུལ་དུ་གཏན་འཇགས་ཀྱི་ཐ་སྙད་ཅིག་ཏུ་ འགྱུར་བར་གདོན་མི་ཟའོ།།

གལ་སྲིད་བྱ་དགའ་འདིའི་ མིང་ལ་གངས་ལྗོངས་རྩོམ་རིག་བྱ་དགའ་འམ་བོད་ཀྱི་རྩོམ་རིག་བྱ་དགའ་ལྟ་བུ་ཞིག་ བཏགས་ཡོད་ཚེ། ཁྱེད་ཅག་གི་འདོད་ཐོག་ལ་རྟ་བརྒྱུགས་སོང་བས། ལྟོས་དང་། ཀླུ་སྨྱོན་གྱིས་སྒོར་རྡོག་སུམ་བརྒྱའི་བྱ་དགའ་ལ་མིང་ཆེན་པོ་རི་འདྲ་ཞིག་བཏགས་ སོང་ཞེས་ང་ཤོར་ཁྱོད་ཤོར་གྱིས་མཆོངས་ཡོང་རྒྱུ་ཡིན་པ་ནི་སྨྲོས་མེད་རེད། དེ་བས་རང་ཉིད་ཀྱིས་བརྒྱུད་པའི་སྐྱིད་ལ་སྡུག་པའི་རྩོམ་རིག་གི་ལམ་བུ་དེར་ རྗེས་དྲན་བྱེད་ཆེད་ཀླུ་སྨྱོན་ཞེས་པའི་མིང་ཞིག་བཏགས་པ་འདི་དང་ཐེངས་འདིའི་བྱ་ དགའི་ཨ་སྒོར་སུམ་བརྒྱ་གཉིས་སྲང་ལ་གཞལ་བ་ཡིན་ན་ཡང་ལྕི་ཏོག་ཙམ་ཡང་མེད་པ་ཞིག་ ཏུ་མཐོང་ནས་མིང་དེ་ལྟར་བཏགས་པ་ཡིན། དེ་མ་གཏོགས་ངས་ཀྱང་གངས་ལྗོངས་ཅིག་ཅིག་དང་བོད་ཉུག་ཉུག་ཅེས་འདོག་མ་ཤེས་པ་རྩ་ ནས་མིན་པ་འདི་ཡང་ཐུགས་ལ་ཟུངས།

གཞན་ནོ་སྦེལ་ཟེར་བའི་བྱ་ དགའ་གསར་འཛུག་མཁན་དེ་ཡང་འབར་རྫས་གསར་བཏོད་པ་ཞིག་ཡིན་པས། དེང་སང་གི་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་མི་མང་སྡེབ་གསོད་བྱེད་དུས་འབར་རྫས་ལྟ་ བུའི་མཚོན་ཆ་གདུག་རྩུབ་ཅན་དེ་རང་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། འཛམ་གླིང་འདི་ཁྲག་གིས་སྦག་པར་བྱེད་པའི་མཚོན་ཆ་གསར་བཏོད་མཁན་དེ་ལྟ་བུ་ཞིག་ གི་མིང་འཛམ་གླིང་སྟེང་དགའ་བསུ་ཆེན་པོའི་སྒོ་ནས་བེད་སྤྱོད་གཏོང་བ་འདི་གནས་ ལུགས་དང་མཐུན་པ་ཞིག་ཡིན་ན། མི་སྒེར་བ་ཞིག་གིས་རང་གི་མི་ཚེར་རྗེས་དྲན་གྱི་ཚུལ་དུ་བྱ་དགའ་ཆུང་ཆུང་ཞིག་ལ་ རང་མིང་སྤྱད་མི་ཆོག་པའི་གཏན་ཚིགས་ཅི་ཞིག་ཡོད་ཨང་། རྩ་བའི་ཐུག་ས་གཙོ་བོ་དེ་ནི་བྱ་དགའ་སྤྲོད་པ་པོ་དེ་མི་རྒྱུ་ཆེན་དབང་ཆེན་ཡིན་ མིན་ལ་ཐུག་ཡོད་པས་རེད།

ཀླུ་སྨྱོན་རྩོམ་རིག་བྱ་ དགའི་དམིགས་ཡུལ་ཅི་ཡིན་ལོ་གཅིག་གི་སྔོན་ནས་ཁ་བརྡ་དྲ་ངོས་འདིར་ཁྱབ་བསྒྲགས་ བྱས་ཟིན་པས་གསར་བ་ཅི་ཡང་མ་ཡིན་ཞིང་། རྩ་བའི་ཆ་ནས་ང་རང་ནང་ཆོས་ཕྱོགས་ནས་བཤད་ན་སོ་སྐྱེ་ཞིག་ཡིན་པས་ཀུན་སློང་ལ་ནག་ ཐིགས་ཕྲ་མོ་ཙམ་ཡང་མེད་ཅེས་བརྗོད་མི་ཐུབ་ཅིང་། དེ་ལ་ཆོས་བརྒྱད་དཀར་པོ་ས་བརྒྱད་བར་དུ་ཡོད་ཅེས་པ་ཞིག་ཀྱང་ཐོས་མྱོང་། སྤྱི་ལུགས་བཞིན་བཤད་ན་ཡང་སྔོན་ཆད་ཚིག་མཛོད་རྩོམ་པ་པོ་བཀྲ་ཤིས་ཚེ་རིང་གིས་ ཁོའི་ཕ་ཡུལ་དུ་སློབ་གྲྭ་གསར་འཛུག་བྱེད་དུས་ཡུལ་མི་ཚོས་བཀྲ་ཚེ་ལ་མིང་དགོས་ ཀྱི་ཡོད་པ་རེད། ཁོས་ལས་འགུལ་འདི་བེད་སྤྱད་ནས་དངུལ་བཟོ་བསམ་གི་ཡོད་པ་རེད། ཁོས་དངུལ་དེས་རྒན་རྒོན་ཆགས་དུས་སྡོད་སའི་སྤྲོ་སྐྱིད་ཁང་རྒྱག་རྩིས་ཡོད་པ་ རེད་སོགས་དཀྲོགས་གཏམ་ཆུ་བོའི་རྒྱུན་བཞིན་བྱོས་ན་ཡང་། ཁོང་གིས་དེ་དག་རྣ་རྒྱབ་ཀྱི་ལྷགས་པར་བརྩིས་ཏེ་གོ་བསྐོན་བློ་འགུག་ཅི་ཐུབ་བྱས་ པས་མཐའ་མར་ལས་དོན་ལེགས་འགྲུབ་ཡོང་བ་ལྟ་བུ་ང་ཚོའི་འཚོ་བའི་ནང་དུ་ལས་སླ་བོར་ རྙེད་ཐུབ་པ་ཞིག་རེད།

0 བསམ་ཚུལ་འདོན་པ།:

Post a Comment