ཚོལ་གཤེར
དྲ་ངོས་བཀླགས་གྲངས།
བཀླགས་གྲངས་མང་ཤོས
-
ཆུ་མོ་གངྒྰ་ཤག་ཤག་རྒྱུ་བའི་དུས། ། སྟོན་ལོ་སེར་པོ་ལྷབ་ལྷུབ་འཕུར་བའི་དུས། ། གནམ་སྔོན་སྤྲིན་པ་རླུང་གིས་གཡོ་བའི་དུས། ། བ་གླང་ཁྱུ་ཞིག...
-
སྟོན་པ། ངའི་གཟན་སྣེ་མེ་རུ་འབར་སོང་། ཁྱོད་འཇིག་རྟེན་དུ་བཞུགས་དུས། གྲྭ་པ་རེ་རེའི་གཟན་སྣེ་རུ་ཞི་བདེའི་རླུང...
-
མདང་དགོང་རྨི་ལམ་ཟ་ཟི་མང་ ཡང་ཁྱད་མཚར་བོ་ཞིག་ནི་དགོན་ཆེན་ཞིག་ས་འོག་ཏུ་ནུབ་བསྡད་ཡོད་ཅིང་། དགོན་བདག་བླ་མའི་ཞལ་རས་ལ་སྐྱོ་གཉེར་དགུ་བརྩེགས་ཤིག་བ...
-
ཨ་ རིར་ འབྱོར་ ནས་ ལོ་ མང་ སོང་ བ་ དང་ ། ། ཕན་ མི་ ཐོགས་ པའི་ ངོ་ ཤེས་ འགའ་ ཡང་ ཡོད། ། ད་ ནི་ སྒྲོ་ ལོར་ ལྗང་ ཁུ་ གསོག་ དུས་ འདིར། ། སོ...
-
མདང་དགོང་རྨི་ལམ་ཅུང་ཟད་ ཉུང་ཞིང་ད་ལྟ་དྲན་ཡུལ་དུ་གཅིག་ཀྱང་མི་འདུག ཆུ་ཚོད་བརྒྱད་པ་ཙམ་ལ་གཉིད་ལས་སད་བྱུང་། ཁྲུས་ཁང་གི་སྒེའུ་ཁུང་ལས་མཁའ་དབྱིང...
ཡིག་ཚགས
-
►
2012
(39)
- 09/23 - 09/30 (1)
- 07/22 - 07/29 (1)
- 07/01 - 07/08 (1)
- 06/24 - 07/01 (1)
- 06/17 - 06/24 (1)
- 06/10 - 06/17 (1)
- 06/03 - 06/10 (1)
- 05/27 - 06/03 (2)
- 05/20 - 05/27 (2)
- 05/13 - 05/20 (1)
- 04/29 - 05/06 (3)
- 04/22 - 04/29 (2)
- 04/01 - 04/08 (3)
- 03/18 - 03/25 (2)
- 03/11 - 03/18 (3)
- 03/04 - 03/11 (1)
- 02/05 - 02/12 (1)
- 01/29 - 02/05 (2)
- 01/22 - 01/29 (3)
- 01/15 - 01/22 (2)
- 01/08 - 01/15 (3)
- 01/01 - 01/08 (2)
-
▼
2011
(94)
- 12/25 - 01/01 (2)
- 12/18 - 12/25 (5)
- 12/11 - 12/18 (3)
- 12/04 - 12/11 (3)
- 11/20 - 11/27 (1)
- 11/13 - 11/20 (3)
- 11/06 - 11/13 (3)
- 10/30 - 11/06 (6)
- 10/23 - 10/30 (6)
- 10/16 - 10/23 (7)
- 10/09 - 10/16 (8)
- 10/02 - 10/09 (6)
- 09/25 - 10/02 (3)
- 09/18 - 09/25 (1)
- 09/11 - 09/18 (1)
- 09/04 - 09/11 (2)
- 08/28 - 09/04 (2)
- 07/24 - 07/31 (1)
- 06/26 - 07/03 (1)
- 06/12 - 06/19 (1)
- 06/05 - 06/12 (1)
- 05/29 - 06/05 (1)
- 05/22 - 05/29 (2)
- 04/10 - 04/17 (2)
- 04/03 - 04/10 (3)
- 03/27 - 04/03 (4)
- 03/20 - 03/27 (2)
- 03/13 - 03/20 (3)
- 03/06 - 03/13 (8)
- 02/27 - 03/06 (1)
- 02/20 - 02/27 (2)

དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།
རྟག་བརྟན་གྱི་སྙན་ཚིག
—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །
མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །

Powered by Blogger.
About Me

- སྨྱོན་པའི་འཇིག་རྟེན།
- མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Monday, 10 October 2011

ཡར་ལངས་ཏེ་ཁྲུས་དང་ཁ་ འདོན་སོགས་འཆར་ཅན་བཞིན་དང་། ཞོགས་ཇ་འཐུང་རྗེས་བླ་མ་ཚང་གིས་གུ་རུ་རིན་པོ་ཆེའི་བཀའ་དབང་གནང་གི་ཡིན་རྩིས་ ཀྱིས་ལྷ་ཁང་ནང་དུ་ཨ་རི་བ་ལྔ་བཅུ་ཙམ་དང་མཉམ་དུ་འཛོམས་པ་ན། བླ་མ་མི་ཕམ་ཚང་དང་བདུད་འཇོམས་རིན་པོ་ཆེ་རྣམ་པ་གཉིས་ཀྱི་ཚོགས་བསྡུས་དང་མཆོག་ གླིང་གཏེར་བྱོན་གྱི་གསོལ་འདེབས་སོགས་ཕྱོགས་བསྒྲིགས་ཀྱི་ཚོགས་འཁོར་དེབ་དེ་ ཚང་མས་མཉམ་འདོན་གནང་བ་ལས་བཀའ་དབང་ཅང་གསུངས་མ་སོང་།
དེ་གྲོལ་རྗེས་ཤོད་དུ་སོང་ ནས་དཔེ་མཛོད་ནང་ཨ་རི་བ་ཕོ་གསར་ཨེ་ལེག་ཟན་སྒྲར་ཟེར་བ་ཞིག་ལ་བདག་དང་བདག་འཛིན་ ངོ་སྤྲོད་ཅིག་བྱས། དང་པོར་ཁྱེད་རང་ཨེ་ལེག་ཟན་སྒྲར་མ་རེད་ལབ་པས་མགོ་འཐོམས་སོང་ཟེར། དེ་ཁྱེད་རང་གི་མིང་རེད་ལབ་པས། རེད་ཟེར། དེས་ན་ཁྱེད་རང་དང་ཁྱེད་རང་གི་མིང་གཉིས་ཁ་ཁ་རེད་ལབ་པས། རེད་ཟེར། ཁྱེད་རང་ལ་ ཨེ་ལེག་ཟན་སྒྲར་ཞེས་པའི་མིང་དེ་མ་བཏགས་པའི་སྔ་རོལ་ཏུ་ཁྱེད་རང་བྱིས་པ་ཆུང་ ཆུང་མིང་མེད་པ་ཞིག་རེད་པ་ལབ་པས་རེད་ཟེར། དེ་དུས་ཀྱི་ཁྱེད་རང་སུ་རེད་ལབ་པས་བཤད་ཐུབ་ཀྱི་མི་འདུག་ཟེར།
བག་ལེབ་ཅིག་དང་ཞོ་ཕོར་བ་ གང་གིས་ཉིན་གུང་གི་ཟ་མ་འཐུས་པར་བྱས་རྗེས་ལྷ་ཁང་ནང་རེབ་གོང་ནས་མངགས་ཉོ་བྱས་ པའི་གུ་རུ་རིན་པོ་ཆེའི་སྐུ་ཐང་དེ་བཤམས་རྗེས། ཨ་རི་བ་བཅུ་ཁ་ཞིག་ལ་གུ་རུ་རིན་པོ་ཆེའི་ཚོགས་འཁོར་གྱི་དཔེ་ཆ་དེ་གཞིར་བཞག་ གིས་དེ་ཉམས་སུ་ལེན་སྟངས་ཤིག་བརྗོད། གཙོ་བོ་སྔགས་ཀྱི་དངོས་གྲུབ་ཐོབ་པའི་གེགས་ཐ་མལ་སྣང་ཞེན་གྱི་སྐོར་བཤད། ཐ་མལ་སྣང་ཞེན་སྦྱོང་མ་ཐུབ་ནས་ང་ཚོ་ཚང་མས་བླ་མ་རྩ་ཆེན་པོ་ག་འདྲ་ཞིག་ལས་དབང་ སྐུར་ཅི་ཙམ་ཞིག་ཞུས་ཀྱང་ད་དུང་སོར་གང་གིས་ཀྱང་ཉམས་དང་རྟོགས་པ་ཇེ་བཟང་དུ་ འགྲོ་རྒྱུ་མེད་སོང་བ་རེད་ལབ།
དེ་ནས་ནང་དུ་ལོག་སྟེ་ དགོང་ཁའི་ཉི་འོད་དྲོ་རྟ་ལྔ་ཙམ་ལས་མེད་པ་ཞིག་ལ་ལྡེ་བཞིན་གོང་ས་མཆོག་གི་ མགྲོན་གཉེར་ཕ་ལྷ་ཐུབ་བསྟན་འོད་ལྡན་གྱི་མི་ཚེའི་ལོ་རྒྱུས་བཅར་འདྲིའི་རང་ བཞིན་ཅན་ཞིག་གི་དེབ་ཤོག་ངོས་ཉིས་བརྒྱ་བདུན་ཅུ་ཡོད་པ་ཞིག་ཡོངས་རྫོགས་བཀླགས། ཁོང་ནི་ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གྲགས་ཅན་ཞིག་རེད་ ལ། གཏིང་མི་དཔོག་པའི་མི་ཇུས་མཁས་པ་ཞིག་ཀྱང་རེད། ཨ་འབྲུག་མགོན་པོ་བཀྲ་ཤིས་ཆུ་སྒང་དམག་དོན་ཆེད་ཁོའི་རྩར་སྦག་སྦག་བཏང་ནས་ཡོང་ དུས་ཆང་གིས་བག་མེད་དུ་བཟི་ཡོད་ཚུལ་དང་། ཁོ་ཧོར་སྤྱི་ཡིན་དུས་ཇག་པ་ཡ་མེད་ག་རྒྱ་འགྲམ་ནག་ཅེས་པ་སྐད་གྲགས་ཅན་ཞིག་གཡོ་ ཇུས་ཀྱིས་དམར་བསད་བཏང་སྟེ་མགོ་ལག་ཁྲོམ་དུ་བཀལ་ཚུལ། གོང་ས་མཆོག་གསང་བའི་སྒོ་ནས་རྒྱ་གར་དུ་གདན་ཞུ་བྱས་ཚུལ་སོགས་གློག་བརྙན་བསྟན་ པ་ཞིག་ཡིད་ངོར་འཆར་བ་ཞིག་བརྗོད་འདུག འདི་ངས་དེབ་དེ་ཀློག་ཐེངས་གཉིས་པ་དེ་ཡིན། དྲུང་པ་རྒྱ་སྤྲུལ་གྱིས་འདི་གར་ཆོས་བཤད་ཀི་འདུག ཁོང་གི་བོད་རིགས་ཀྱི་ཁྲག་རྒྱུད་ཅན་གྱི་བལ་བོའི་ཤར་པའི་སྤྲུལ་སྐུ་ཞིག་རེད་ལ། ཀརྨ་པ་བཅུ་དྲུག་པས་ངོས་འཛིན་གནང་ཞིང་། ཨ་རིའི་མཐོ་སློབ་སྙན་གྲགས་ཅན་ཧ་ཝར་ནས་འབུམ་རམས་པའི་ལག་ཁྱེར་ཐོབ་པ་ཞིག་ཀྱང་ རེད།
མུན་རུབ་འདུག་ལ་གནམ་གཤིས་ གྲང་བས་ཁ་སང་བཞིན་ཚ་གློག་སྤར། ཀླུ་སྨྱོན་རྩོམ་རིག་བྱ་དགའི་རྟགས་མའི་ངོས་ཀྱི་ཡི་གེ་དག་ཇུས་འགོད་བྱས་ཤིང་། སང་ཉིན་བཟོ་ཁང་དུ་སོང་ནས་གང་མགྱོགས་བཟོ་རོགས་ཞེས་བརྗོད་དགོས། ཉོབ་དྲགས་པས་གཟུགས་པོ་བཀྲུ་དགོས་པ་འདྲ་སྟེ་ཁྲུས་ཁང་ནང་ཧ་ཅང་གྲང་མོ་འདུག་པས་ ད་སྐྱུར་ཞོགས།
གློག་ཀླད་ལས་ཀུ་ཤུའི་ གློག་གླད་པ་གྲགས་ཅན་སུ་ཁྲེ་ཧྥུ་རྗ་སྦ་སུའི་གཏམ་བཤད་བོད་ཡིག་ཏུ་ཕབ་པ་ཞིག་ལ་ བལྟས་ཤིང་། དེའི་ཁྲོད་ཀྱི་ཚིག་འགའ་ཟིན་ཐོར་བྲིས་པ་འདི་ལྟ་སྟེ། “སུ་ ཡང་འཆི་མི་འདོད་དེ། ཐ་ན་ལྷ་ཡུལ་ལ་འགྲོ་འདོད་པ་དག་ཀྱང་འཆི་བའི་ལམ་དེར་མི་དགའ། འོན་ཏེ་འཆི་རྒྱུ་ནི་ང་ཚོ་ཚང་མའི་ལམ་བུ་རེད། སུ་ཞིག་ཀྱང་ལམ་དེ་ལས་གཡོལ་མི་ཐུབ། དེ་ལྟར་ཡིན་དགོས་ཏེ། འཆི་བ་ནི་མི་ཚེའི་ནང་གི་ལས་ཡག་ཤོས་དེ་རེད། དེ་ནི་ཚེ་སྲོག་གི་འཕེལ་འགྱུར་མ་ལག་ཡིན། དེས་རྒན་པོ་རྣམས་ཕུད་ནས་ལོ་གཞོན་ཚོར་ལམ་གཏོད་ཀྱིན་ཡོད།”
གྲོད་ཁོག་ལྟོགས་ནས་རེ་བ་མི་འདུག ང་སོང་ནས་དགོང་ཟས་ཤིག་བཟའ་ཐབས་བྱེད། དེ་ནས་ཉིན་ཐོ་འདི་མུ་མཐུད་དེ་འབྲི་ཡ།
ལམ་ཚིགས་གཅིག་གི་ས་རུ་ ཡོད་པའི་མེག་སི་ཁོའི་ཟ་ཁང་དེར་སོང་། ཁོ་ཚང་གི་ཟས་ཐོ་ཚང་མ་བརྗེས་འདུག་པའི་ཁྲོད་ནས་རྩིབས་ཤ་དང་ཞོག་ཁོག་བརྔོས་མ་ ཞིག་མངགས་ཏེ་བསྒུགས་བསྡད་པ་ན། སྐར་མ་བཅོ་ལྔའི་རྗེས་སུ་ཟ་མ་བསླེབས་སོང་ཡང་རྩིབས་ཤ་དེ་ཕག་ཤ་རེད་འདུག་པས་ བཟའ་འདོད་མ་བྱུང་། མེག་སི་ཁོ་ནི་ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་སྐྱོ་བོ་ཞིག་ཡིན་ཞིང་། འཛམ་གླིང་སྟེང་གི་དུག་རྫས་དང་ནག་ཚོང་གི་ཁྲོམ་ར་ཆེ་ཤོས་ཤིག་ཡིན་ལ། བོད་པ་རེ་ཟུང་རྒྱལ་ཁབ་འདིར་སོང་ནས་ས་མཚམས་བརྒལ་ཏེ་ཨ་རིའི་ནང་ལྐོག་འཛུལ་ བྱེད་པར་ལམ་ལྷོངས་མ་བྱུང་བར་འཇུ་བཟུང་བྱས་པའི་གནས་ཚུལ་ཡང་ཐོས་རྒྱུ་འདུག
ཟ་ཁང་ལས་ཕྱིར་བུད་དུས་ མཁའ་དབྱིངས་སུ་དུང་ཟླ་དཀར་པོ་ཞིག་ཐོལ་གྱིས་ཤར་ནས་འོད་སྣང་བར་མེད་དུ་འགྱེད་ བཞིན་འདུག་པས། རྒྱང་རིང་གི་གནའ་མཁར་ཟི་ལིང་དུ་ཡོད་པའི་རྒྱ་སེ་མེ་ཏོག་དྲན་ནས་བཟོད་གླགས་ མེད་པར་གྱུར།
བརྙན་འཕྲིན་ལས་སང་ཉིན་ནས་ སྤྲང་པོ་སུམ་བརྒྱ་གནམ་གཤིས་གྲང་མོའི་ནང་ལམ་ཁར་ཉལ་རྒྱུ་རེད། རྒྱུ་མཚན་ནི་གཞུང་གིས་སྐྱོབ་ཁང་གི་རོགས་དངུལ་མང་པོ་ཞིག་སྤྲོད་མཚམས་བཞག་འདུག འདས་པའི་གཟའ་འཁོར་གཉིས་ནང་སྤྲང་པོ་དྲུག་ལམ་ཁར་ཉལ་ཏེ་འཁྱག་ཤི་ཐེབས་འདུག་ཅེས་ དང་། ཨ་རིའི་མ་རྐང་ཁྲོམ་རར་ངོ་རྒོལ་བྱེད་མཁན་ཚོས་ཁྱབ་ཆེ་རུ་འགྲོ་བཞིན་པའི་གནས་ ཚུལ། ཨ་རིའི་དམངས་ཁྲོད་ནས་གཞས་པ་རྩེ་གྲས་བསྡུ་རུབ་ཀྱིས་ཨ་སྒོར་ས་ཡ་ལྔའི་ཆེད་དུ་ འགྲན་བསྡུར་བྱེད་པའི་ལེ་ཚན་སོགས་བསྟན།
ངོ་དེབ་ནང་དུ་སོང་བར་བོད་པ་རང་ལུས་མེ་ལ་བསྒྲོན་པ་ཚོའི་འདྲ་པར་མེ་ལྕེའི་ཀློང་ན་ཡོད་པའི་པར་ཞིག་གསར་པ་ཞིག་མཐོང་སོང་།

Subscribe to:
Post Comments
(Atom)
0 བསམ་ཚུལ་འདོན་པ།:
Post a Comment