ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Wednesday 12 October 2011

དཔྱད་འདེམས་པ་བེ་རི་འཇིགས་མེད་ཀྱིས་ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ་ཨང་དང་པོ་བདམས་པ།
ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ། ཨང་དང་པོ།
1
སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་
(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།
http://www.khabdha.org/?p=21691
ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ། ཨང་གཉིས་པ།
34
ན་མཉམ་རྣམས་ལ་ཕུལ་བའི་སྙིང་གཏམ། (བོད་འབྱོར)
(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ)
གཡུ་མཚོ།
http://www.khabdha.org/?p=22007
ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ། ཨང་གསུམ་པ།
7
སྙན་ངག་སྤྲིན་གྱི་ཕོ་ཉ་བཀླགས་རྗེས་ཀྱི་འཆར་སྣང་དྲན་ཐོར་བཀོད་པ།
(ཀླུ་སྨྱོན་འགྲན་རྩོམ།)
ཆུ་ཐིགས་སྔོན་མོ།
http://www.khabdha.org/?p=21738



གོང་གསལ་ཨང་རིམ་འདི་དག་ལས་དང་པོ་ནི། སྔ་ས་ནས་ཐེངས་མང་བཀླགས་ཟིན་པ་ཡིན་ལ། ད་ལྟའི་ཆར་སྙན་རྩོམ་གྱི་སྒྱུ་རྩལ་ཐད་ཕལ་ཆེར་ཁྱོད་རང་ལ་འགྲན་ཟླ་ཆོག་ས་རེད་ཟེར་ན་ཆོག་གི་འདུག
གཉིས་པ་དང་འདྲ་བའི་སྒྱུ་རྩལ་གྱི་ཚད་གཞི་ལྡན་པ་གཞན་ཡང་འདུག་ཀྱང་། བོད་འབྱོར་དང་ཚིག་ལྷུག་གི་མཚོན་གཞིར་བསམ་ནས་བདམས་བཀོད་བྱས་པ་ཡིན།
གསུམ་པ་ནི།་སྲོལ་རྒྱུན་གྱི་བྲོ་བ་འདོན་སྟངས་ལ་མཁས་པའི་ཞལ་རླངས་མ་ཡལ་བའི་མཚོན་གཞིར་རུང་བ་དང་། སྲོལ་རྒྱུན་རང་གི་ཐོག་ནས་ལེགས་ཤས་ཤིག་ལ་ངོས་འཛིན་གྱིས་བདམས་བསྒྲུགས་བྱས་པ་ཡིན།
གསུམ་ཀར་ཉིད་ཀྱིས་འདོད་པའི་ཁྱད་ཆོས་ཀྱི་ར་བས་མི་འགོང་པའང་བཤད་དགོས་པ་མི་འདུག་སྙམ།
སྤྱིའི་ཆ་ནས་ཐམས་ཅད་ཧ་ཅང་ལེགས། བྱུང་ན་འདི་ཚོ་ཡོངས་རྫོགས་ཕྱོགས་བསྡོམས་ཀྱི་དེབ་གཅིག་བཟོས་ན་ཡག་པོ་འདུག་དྲན་གྱི་འདུག ཕྱི་འགྱངས་བཏང་པར་དགོངས་སེལ་ཞུ། ལེགས་བྱས་ལམ་ལྷོངས་ཀྱི་སྨོན་འདུན་བཅས། བེ་རི་འཇིགས་མེད་ཀྱིས།

དཔྱད་འདེམས་པ་ཉི་མ་འཚོས་ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ་ཨང་དང་པོ་བདམས་པ།

ཨ་ལགས་བདེ་མོ་ཡིན་ནམ།
ཁྱེད་ཀྱིས་ང་ལ་ཉིན་གསུམ་གྱི་དུས་ཚོད་གནང་བ་རེད་དེ་ཉིན་གསུམ་གྱི་ནང་ཚར་ཐབས་མ་བྱུང་། དེ་དགོངས་དག་ཞུ།
ཞིབ་ཀློག་བྱས་ཏེ་ཞིབ་སྡུར་བྱས་རྗེས་ རྩོམ་ཡིག་བཅུ་བདམས་ཐུབ་སོང་། བཅུ་བོ་དངོས་གནས་ཡག་གི དེ་ནས་བསམ་བློ་བཏང་བ་ཡིན། ཡང་བསྐྱར་ཞིབ་སྡུར་བྱས་པ་ཡིན། ཞིབ་སྡུར་གཏིང་ཟབ་མོ་བྱས་པ་ཡིན། ཐ་མ་དེར་རྩེ་ཕུད་གཉིས་ཐོན་སོང་། རྩེ་ཕུད་གཉིས་ལས་གང་ཡག་མེད་ཀི གལ་སྲིད་རྩེ་ཕུད་གཉིས་བདམས་ཆོག་ན་རིག་གནས་སྣང་ཚུལ་དངོས་བྲིས་དེ་དང་སྤྲིན་ གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་གཉིས་ཡིན། ཟུར་འཛར་དུ་དེ་དེ་བཞིན་དུ་བཀོད་ཡོད།
དེ་ མིན་པར་ཁྱེད་ཀྱིས་ང་ལ་ངེས་པར་དུ་གཅིག་རང་གཅིག་བདམས་དགོས་པའི་བཀའ་གནང་པ་ཡིན་ ན། ངས་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་དེ་རྩེ་ཕུད་དུ་བདམས་པ་ཡིན། རྩོམ་པ་པོས་རང་ཉིད་ཀྱི་བྱུང་བ་མངོན་སུམ་དུ་སྨྲ་ཐུབ་པའི་སྙིང་སྟོབས་དང་ སྤོབས་པ་དེས་རྐྱེན་གྱིས་ཡིན།
འདི་ནི་ང་ཀློག་པ་པོ་དཀྱུས་མ་ཞིག་བསམ་ཚུལ་གཙང་མ་ཡིན།

དེ་རིང་དེ་ཙམ་གྱིས།
གནས་སྐབས་རིང་བདེ་མོ།
ཉི་མ་འཚོས་རྒྱ་གར་བྱང་ཕྱོགས་ནོར་གླིང་ནས་ཕུལ།

དཔྱད་འདེམས་པ་རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ་ཨང་དང་པོ་བདམས་པ།

ཀླུ་སྨྱོན་ལགས།
ངེད་ནས་དྲག་འདེམས་བྱས་བ་དེ་ཚོ་ནི། ༡ རིག་གནས་སྣང་ཚུལ། ༢ མེ་ཏོག་ལུང་བ་དང་། ངེས་འབྱུང་རི་བོ། ༣ བསིལ་ལྗོངས་སྐྱེས་སུ་ཆེན་པོའི་སྲིད་ཕྱོགས་ཀྱི་མཛད་པ་ཆ་ཙམ་བརྗོད་པ་བཅས་ཡིན། གོང་གི་འདི་གསུམ་ནས་གང་རུང་གཅིག་འདེམས་རོགས།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས།

རང་ཉིད་ཀྱང་ཐེངས་འདིའི་དཔྱད་འདེམས་པའི་གྲས་སུ་ཡོད་ཀྱང་གོང་གསལ་དཔྱད་འདེམ་པའི་ཁྲོད་ནས་མང་མོས་སུ་ལ་ཐོབ་མིན་གསལ་བསྒྲགས་བྱེད་རྒྱུ་མ་གཏོགས། རང་ངོས་ནས་རྩོམ་ཡིག་རྩེ་གྲས་དེ་འདེམ་རྒྱུ་མིན། མཐའ་མའི་དཔྱད་འདེམས་པ་གསུམ་ལས་བེ་རི་འཇིགས་མེད་དང་ཉི་མ་འཚོ་གཉིས་ཀྱིས་ཨང་དང་པོ་དེ་འཇིགས་མེད་བློ་གྲོས་རྒྱལ་མཚན་གྱི་”སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་”བདམས་གནང་སོང་བས། སྐབས་དང་པོའི་ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ་ལས་བྱ་དགའ་ཐོབ་མཁན་དེ་རྩོམ་ཡིག་དེ་རང་ཡིན་པར་གཏན་ཁེལ་བྱས་པ་ཡིན་ཞིང་།ཐེངས་འདིར་ལས་འགུལ་འདིའི་ནང་ཞུགས་ཏེ་རྩོམ་ཡིག་གི་ཞལ་འདེབས་གནང་བ་དང་དྲང་ལྡོག་ཅི་རིགས་ནས་དགོངས་ཚུལ་གསུངས་ཏེ་ལས་འགུལ་འདི་ལེགས་འགྲུབ་དང་འཐུས་ཚང་དུ་གཏོང་མཁན་རྩོམ་པ་པོ་དང་ཀློག་པ་པོ་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། ལོ་རྗེས་མར་ཡང་ཀླུ་སྨྱོན་རྩོམ་རིག་བྱ་དགའི་ལས་འགུལ་སྤེལ་དུས་རྒྱབ་སྐྱོར་མུ་མཐུད་དེ་གནང་རོགས་ཞུ་གི་ཡོད། ཀླུ་སྨྱོན་རྩོམ་རིག་བྱ་དགའི་དཔྱད་འདེམས་པ་ཚང་མའི་ཚབ་བྱས་ཏེ། གུས་ཀླུ་སྨྱོན་ནས་ཕུལ།

0 བསམ་ཚུལ་འདོན་པ།:

Post a Comment