ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Friday 14 October 2011
dscn44891
ཀླུ་སྨྱོན།
ཞོགས་པ་ནས་ཉི་འོད་དྲོ་ ཞིང་རླུང་བུ་ལྡང་། ཉལ་སའི་ནང་ནས་དྲ་ཚིགས་ཁག་ཉུལ། ཞོགས་ཇ་འཐུང་ཚར་མ་ཚར་ཙམ་ལ་ཁ་པར་ཞིག་ཡོང་སྟེ་ཀླུ་སྨྱོན་རྩོམ་རིག་བྱ་དགའི་ རྟགས་མ་བཟོས་ཚར་བས་ལེན་དུ་ཤོག་ཟེར་བས། ལྕགས་རྟར་ཞོན་ཏེ་ཤར་མར་བརྒྱུགས། ས་འདིའི་སྟོན་ཁར་མཐོང་དཀོན་པའི་ཞོགས་པའི་ཉི་འོད་ཀྱི་ཀློང་དུ་མི་རྣམས་རང་རང་ གི་ས་རུ་ལས་ཀར་འགྲོ་བ་དང་རྒྱུགས་གཤར་གློད་པ་སོགས་འཁོར་བའི་གྲུབ་ཆ་ཆུང་ཆུང་ དེ་ཚོ་སུས་ཀྱང་དོ་སྣང་མི་བྱེད་པའི་བར་དེར་འཁོར་རྒྱུག་བྱེད་བཞིན་འདུག
རྟགས་མ་ཁྱེར་ནས་ནང་དུ་ ལོག་རྗེས་ཁ་སང་དྲ་ངོས་སུ་བཞག་པའི་ཀླུ་སྨྱོན་རྩོམ་རིག་བྱ་དགའི་མཇུག་འབྲས་ གསལ་བསྒྲགས་ཐུང་ཐུང་དེའི་ཀླད་དེར་བཞག ཉི་འོད་དྲོན་པོ་ཞིག་སྒེའུ་ཁུང་བརྒྱུད་དེ་ཉལ་སའི་ནང་འཕྲོས་འདུག་པས། གྱོན་པ་ཕུད་དེ་གཅེར་ཉལ་ཏོག་ཙམ་བྱས་ཀྱང་ནམ་ཟླ་སྟོན་ཁ་ཡིན་པས་དབྱར་ཁ་ནང་བཞིན་ སྒལ་གཞུང་ནས་རྔུལ་ནག་བཞུར་བ་དེ་འདྲ་ཞིག་མི་འདུག གྲོགས་པོ་འཕྲིན་ལས་ཀྱིས་མགྲོན་འབོད་བྱས་པ་བཞིན་ཁོ་རི་ཡའི་ཟ་ཁང་དེར་བསྐྱོད། ཞབས་ཞུ་མ་མཛེས་མ་དེ་འཛུལ་དམུལ་ལེར་ཇ་འདྲེན་ཟས་སྐྱེལ་ལ་བྲེལ་བཞིན་འདུག་ཅིང་། འཕྲིན་ལས་ཀྱི་བུ་ཆུང་དེ་ཏོག་ཙམ་རིང་པང་ཁར་ཉར་བས། ལོ་ངོ་སུམ་ཅུའི་སྔོན་རང་གིས་ནུ་བོ་ཆུང་ཤོས་གཟི་མིག་གསུམ་པ་སྐྱེས་ནས་གཟའ་ འཁོར་གཅིག་གི་རྗེས་ནས་བཟུང་སྟེ་གཉོར་སྐྱོང་བྱས་པ་དེ་སེམས་ནང་དྲན་ཡོང་། དེ་དུས་བྱིས་པས་བྱིས་པ་གཉོར་བ་ཡིན་ཞིང་། བོད་ཀྱི་ས་ཆ་ལ་ལར་དེ་ལ་ཤིག་གིས་སྲོ་མ་པང་བ་ཞེས་འབོད་སྲོལ་འདུག ཟ་མ་ཟོས་ཚར་རྗེས་འཁྱག་སྤྲི་ཚོང་ཁང་སྐད་གྲགས་ཅན་ནམ་རྒྱུན་མི་ཚོགས་ཀྱི་གྲལ་ རིང་པོ་རེ་ཕྱི་རོལ་ན་བསྒྲིགས་བསྡད་ཡོད་པ་ཞིག་ཡོད་པར་སོང་ཡང་དེ་ཚང་གི་ཉིན་ གུང་སྒོ་རྒྱག་པའི་དུས་ཚོད་དེར་ཁེལ་འདུག

ཚུར་ལོག་ནས་ཉལ་བསྡད་པས་ ཆུ་ཚོད་གཉིས་ཙམ་གྱི་རིང་གཉིད་ཁུག་སོང་། དེ་ནས་ཡར་ལངས་ཏེ་བརྙན་འཕྲིན་ལ་བལྟས་པས། ཨ་རིའི་མ་རྐང་ཁྲོམ་རར་ངོ་རྒོལ་བྱེད་མཁན་གྱི་ཁྱབ་ཚད་ཆེ་རུ་སོང་སྟེ་ཕལ་ཆེར་ཨ་ རིའི་རྒྱལ་ཡོངས་ཧྲིལ་བོར་ཁྱབ་འདུག་པའི་ས་ཁྲ་དང་། འབྲུག་རྒྱལ་གྱི་གཉེན་སྟོན་སོགས་སྟོན་བཞིན་འདུག ད་དུང་མཚོ་སྔོན་རླུང་འཕྲིན་ལས་ཁུངས་ཀྱི་དྲ་ངོས་ནས་ཁེ་ན་སྒྲ་ནས་ཡིན་པའི་བུ་ མོ་བསྟན་འཛིན་སྒྲོལ་མར་བཅར་འདྲི་ཞིག་ལ་ཉན་ཅིང་། མོའི་བྲིས་པའི་རི་མོ་དང་མོས་བཤད་པའི་ཨམ་སྐད་གཉིས་ཀྱིས་ཡིད་དབང་འཕྲོགས་སོང་ ལ། ད་དུང་མོས་བྲིས་པའི་ཁོ་བོའི་བླ་མ་དམ་པ་ཡོངས་འཛིན་རྡོ་རྗེ་འཆང་ཚང་དང་དབེན་ དགོན་དེའི་སྐུ་པར་གྱིས་ཀྱང་དད་གདུང་འཕྱུར་བ་ཞིག་བྱུང་སོང་། མོས་ད་ནི་མི་ཚེ་གང་བོར་བོད་ནས་འདུག་གི་ཡིན་ཟེར་བ་དེ་ཡང་ཡང་ཡང་རྣ་ལམ་དུ་ འཁོར་ཡོང་།
ཕྱི་རོལ་ཏུ་མུན་པ་འཐིབ་ འདུག་པའི་ཁྲོད་དུ་ཡུད་ཙམ་རིང་འཆམ་འཆམ་ལ་སོང་། སྤྲིན་པ་སྲབ་བུ་ཞིག་གི་ཀློང་དུ་ཟླ་བ་ཞིག་གསལ་ལ་མི་གསལ་བའི་ཚུལ་དུ་རྒྱུ། ཁྱི་གཅིག་རེ་གཉིས་རེ་ཁྲིད་པའི་ལམ་འགྲོ་བ་རེར་ཐུག་དུས་དགོང་དྲོ་བདེ་ལེགས་ ཞེས་འཆར་ཅན་བཞིན་བརྗོད། ལམ་བར་དུ་བྱིས་པའི་སློབ་གྲྭ་སློབ་གྲྭ་ཞིག་བརྒྱུད་ནས་སོང་ཞིང་། འདི་རུ་ལོ་དྲུག་བདུན་སྔོན་གྱི་དབྱར་ཁའི་དུས་ཚིགས་སུ་གྲོགས་པོ་ཨ་མདོ་བ་ཚོ་ དང་མཉམ་དུ་སྤོ་ལོ་བརྩེས་ནས་སྐྱིད་པོ་བཏང་མྱོང་ཡང་། ད་ནི་གྲོགས་པོ་རེ་རེ་བཞིན་གཉེན་བསྒྲིགས་ཤིང་བྱིས་པའི་ཕ་རྒན་དུ་གྱུར་ཚར་བས། དེང་སྐབས་དབྱར་ཁ་ཅི་ཙམ་མཛེས་ན་ཡང་། སྟོན་ལོ་ག་ཚོད་འཐོར་ན་ཡང་། གྲོགས་པོ་མཉམ་འཛོམ་གྱི་དུས་ཚོད་ནི་ཧ་ཅང་དཀོན་པར་སྣང་། སང་ཉིན་ཞོགས་པའི་ལས་ཀ་སྐོར་ཞིག་སེམས་ནང་ཇུས་འགོད་རོབ་ཙམ་རེ་བྱས། ང་ཚོས་ལས་ཀ་ཞིག་མང་པོ་ཞིག་ཕྱི་ལོགས་སུ་འཆམ་འཆམ་བྱེད་དུས་ཇུས་འགོད་བྱེད་ཐུབ་ ཅིང་། དེའི་ཁྲོད་ཀྱི་ལ་ལ་ཞིག་ནི་མི་ཚེའི་དཀྱོགས་མཚམས་ཆེན་པོ་རེར་འགྱུར་བའི་དུས་ ཀྱང་འདུག ཤར་ཕྱོགས་སྤྱི་དང་ཁྱད་པར་རྒྱ་ནག་པའི་ཁྲོད་དུ་དམག་ཇུས་སོགས་འཐེན་དུས་ཁང་པའི་ ནང་ཡར་འགྲོ་མར་འགྲོ་བྱེད་པའི་གོམས་གཤིས་ཤིག་ཡོད་ཅིང་། དེ་ནི་རྐུབ་སྟེགས་ཙོག་བསྡད་པ་བཞིན་མ་ཡིན་པར་གོམ་བགྲོད་བྱེད་དུས་གཟུགས་པོའི་ ནང་གི་ཤ་གནད་མང་པོ་ཞིག་ལ་འགུལ་སྐྱོད་ཐེབས་ནས་ཟུངས་ཁྲག་གི་འཁོར་རྒྱུགས་སོགས་ བྱེད་ཤུགས་ཆེ་རུ་འགྲོ་བས། དེ་དུས་རིག་པ་གསར་པ་དང་ཐབས་ལམ་ཡ་མཚན་མང་པོ་ཞིག་ང་ཚོའི་ཀླད་པའི་ནང་དུ་འཛུལ་ ཡོང་གི་ཡོད་པ་ཐག་ཆོད་རེད།
ངོ་ཤེས་རྒྱ་མོ་སོ་ནི་ཡས་ མོས་ངས་བསྐུལ་བ་ཡིན་ང་ལ་འོས་ཤོས་བླུག་རོགས་ཞེས་པའི་རྒྱ་ནག་གི་གློག་བརྙན་ དེར་བལྟས་པ་ཡིན་ན་ཞེ་དྲགས་ཡག་པོ་འདུག་ཟེར། དེ་ནས་མཆེད་གྲོགས་ཤིག་དང་མཉམ་དུ་དྲ་ངོས་ཁ་བརྡ་བྱས་ནས་ནམ་གུང་བར་དུ་ལུས་ སོང་།

0 བསམ་ཚུལ་འདོན་པ།:

Post a Comment