ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Sunday 16 October 2011
dscn4493

ཆུ་ཚོད་བརྒྱད་པར་གཉིད་སད། མདང་དགོང་ཡང་རྨི་ལམ་རབ་རིབ་མང་། རི་མགོ་ཞིག་ཏུ་རྩྭ་སྐྱར་མེ་ལྕེ་མཆེད་པ་ཞིག་ཤུགས་གང་ཡོད་ཀྱིས་གསོད་ཅི་ཐུབ་ བྱེད་བཞིན་འདུག་ལ། མཐའ་མར་མེ་ལྕེ་ཆུང་ཆུང་དེ་དག་གཅིག་ཀྱང་མ་ལུས་པར་གསོད་ཐུབ་ཙམ་བྱུང་ཡང་། དུག་སྡོམ་ཞིག་བག་ལེབ་ཅིག་གི་ཁུག་ཏུ་འཛུལ་སོང་བ་དེ་ཅི་ཡིན་མི་ཤེས། བླ་མ་ཞིག་གིས་བཀའ་འགྱུར་གྱི་ལྗགས་ལུང་གསུང་བཞིན་འདུག
ཉལ་སའི་ནང་གློག་ཀླད་པང་ དུ་བཞག་སྟེ་དྲ་ངོས་ཉུལ། ཚེ་རིང་སྐྱིད་ཀྱི་ངོ་དེབ་སྟེང་དུ་མདང་དགོང་གི་རང་ལུས་མཆོད་མེར་འབུལ་མཁན་རྔ་ བའི་དཔའ་རྒོད་དེའི་མིང་ལ་ནོར་བུ་དགྲ་འདུལ་ཞེས་བྲིས་འདུག དེ་དག་ལ་དམིགས་ནས། དྲག་ཏུ་འབར་བའི་མེའི་ནང་པད་མཚོ་ལ། །
རྩེན་པའི་ངང་པ་ཁྱུ་བཞིན་འཇིགས་མེད་པར། །
རང་ཡུལ་ཁ་བ་ཅན་གྱི་རང་དབང་ཆེད། །
རང་སྲོག་དོར་བའི་དཔའ་བོ་དེ་ཚོའི་ཆེད། །
མཆོད་མེ་རྐོང་བུ་གང་གི་མཆོད་པ་ཞིག །
ལག་གཉིས་ཐལ་མོ་སྦྱར་བའི་སྨོན་ལམ་ཞིག །
ངོ་གདོང་བརྒྱུད་ནས་བཞུར་བའི་མཆི་མ་ཞིག །
ད་ནི་སྔོན་གཤེགས་དཔའ་བོའི་རྗེས་སུ་འབུལ། །
ཞེས་པ་ཞིག་བྲིས་ཏེ་མོའི་ངོ་དེབ་སྟེང་བཞག
ཡར་ ལངས་ཏེ་མཆོད་འབུལ་སྐབས་མཆོད་མེ་ཆུང་ཆུང་ཞིག་དཔའ་རྒོད་དེ་ཚོའི་ཆེད་དུ་སྤར། གནམ་ངོ་འཁྲིགས་ཏེ་སེམས་པ་རང་དབང་མེད་པར་སྐྱོ་སྣང་གི་ནང་དུ་ཚུད་འགྲོ་བ་ཞིག་ འདུག བྱེའུ་དག་ཀྱང་ངག་ལྐུགས་པ་བཞིན་ཅ་ཅོའི་གླུ་དབྱངས་ལེན་འདོད་མེད་པར་ག་ཤེད་ཅིག་ ཏུ་བསྐུངས་ནས་བསྡད་ཡོད་པ་འདྲ།
ཤོད་དུ་སོང་ནས་སོང་ནས་ཞོགས་ཇ་ཞིག་འཐུང་ཞོར་དབྱིན་ཚིག་immolationཔའི་ གོ་དོན་བཙལ། དེ་ནི་དམར་མཆོད་ལ་གོ་བས་ཚིག་བརྗིད་ཉམས་ལྡན་ཞིང་སྐྱི་གཡའ་བ་ཞིག་ཀྱང་རེད། སྲིན་པོའི་རྒྱལ་པོ་འབོད་སྒྲོག་གིས་རང་གི་མགོ་བོ་སྦྱིན་སྲེག་བྱས་ཏེ་ལྷ་ལ་ དངོས་གྲུབ་བསླངས་པས་རྟ་མགོ་མ་བཅད་བར་དུ་མི་འཆི་བའི་དངོས་གྲུབ་བསྩལ་ཅིང་། ཇུའུ་མི་རིགས་ཀྱི་མེས་པོ་ཨར་སྦར་ཧེམ་གྱིས་རང་གི་བུའི་སྐེ་རུ་གྲི་བཞག་སྟེ་ དཀོན་མཆོག་གི་ཐུགས་མཉེས་པར་བྱས་ཤིང་། བདག་ཅག་གི་སྟོན་པས་སློབ་ལམ་གྱི་གནས་སྐབས་སུ་སྟག་མོ་བཀྲེས་མོ་ལ་རང་གི་ཤ་ཁྲག་ སྦྱིན་པས་བསྐལ་པ་མང་པོའི་ཚོགས་རྫོགས་པ་སོགས་ལ་བསམ་བློ་བཏང་ན། དམར་མཆོད་ཅེས་པའི་ཐ་སྙད་རྔམ་པོ་ཆེ་འདིའི་གསེང་ན་བོད་མི་རིགས་འདིས་ཀྱང་རང་ གི་མཐར་ཐུག་གི་རེ་འདོད་གཟི་འོད་འབར་ཞིང་ལྗིད་ཁོག་ཚ་བ་དེ་ཕ་དང་མེས་པོ་ཁྲི་ ཕྲག་ནས་བརྒྱུད་པའི་ཤ་ཁྲག་རུས་རྐང་ཡོད་ཚད་ཀྱིས་ལྕིབས་ཏེ་ནམ་ནམ་ཞར་ཞར་གྱི་ རིང་ལ་སྦས་སྐུང་བྱས་ཡོད་པའི་ཡིད་ཆེས་ཤིག་ཀྱང་ད་གདོད་སྐྱེ་བར་འདུག་གོ
ཕོ་གསར་ཞིག་གིས་ཚོགས་ཁང་ གཙང་མ་བཟོ་བར་ཡོང་བ་ཡིན་ཟེར་བས། ཐོག་བརྩེགས་གསུམ་པར་ཁོ་བོའི་གསང་སྤྱོད་ཡོད་པས་དེ་གཙང་མ་བཟོ་ཐུབ་ན་ཐུགས་རྗེ་ ཆེ་ལབ་པས་དགའ་བཞིན་སྤྲོ་བཞིན་དུ་ལགས་སོ་ཟེར། ཨ་རི་བ་ཚོར་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་དེ་ནི། གཟའ་སྤེན་པ་དང་ཉི་མར་སྤྱི་ཁང་དང་སྤྱི་གླིང་སོགས་སུ་སོང་ནས་རང་འགུལ་གྱིས་ ཁོར་ཡུག་གཙང་མ་བཟོ་རྒྱུར་དགའ་བ་དེ་རེད། དེ་ལ་ཡང་ཡུས་བཤད་རྒྱུ་ཅི་ཡང་མེད་པར་གང་བཅོལ་དེ་ཧུར་ཐག་གིས་སྒྲུབ་པ་དང་། གསང་སྤྱོད་གཙང་མ་བཟོ་རྒྱུ་དེ་ནི་འཕྲོད་བསྟེན་དང་འབྲེལ་བ་ཆེན་པོ་ཡོད་པའི་ལས་ ཀ་ཞིག་ལས་ང་ཚོ་ནང་བཞིན་བཙོག་ལྟ་རྩ་བ་ནས་མི་བྱེད་པ་དེ་རེད། གལ་སྲིད་ཚཁོ་ཚོ་ཁང་པ་ཞིག་ནས་ཁང་པ་གཞན་ཞིག་ཏུ་གནས་སྤོར་བ་ཡིན་ཚེ། ཉལ་ཁང་རྫོབ་རོ་ཞིག་ཡིན་ཡང་སྐྱོན་མེད་པར་གསང་སྤྱོད་གཙང་མ་ཞིག་དགོས་པ་དེ་ནི་ ནམ་ཡང་མི་འདོར་བའི་རིག་གཞུང་ཞིག་རེད།
ཉིན་གུང་ཟ་མའི་སྔ་གཞུག་ ཏུ་ཁོ་ལིམ་སྦིས་ཡ་མཐོ་སློབ་ཏུ་འཚོག་རྒྱུ་ཡིན་པའི་རྒྱལ་སྤྱིའི་བོད་ཀྱི་སྐད་ ཡིག་ཚོགས་འདུ་ཐེངས་གསུམ་པ་དེའི་སྐོར་ལ་ཡི་གེ་ཞིག་དང་། སང་ཉིན་སྒྲོག་སྦྱང་བྱེད་རྒྱུའི་ཡི་གེ་ཤོག་ལྷེ་དྲུག་ཅན་ཞིག་བྲིས། ཐབ་ཚང་ནང་དུ་རྒྱ་མོ་ན་ཆུང་ཧྲང་ཧེ་ནས་འདི་གར་སློབ་སྦྱོང་བྱེད་དུ་ཡོང་བ་ཞིག་ ལ་ཁ་བརྡ་བྱས་ཤིང་། ཁོ་བོ་ལོ་བཅུ་དྲུག་བཅུ་བདུན་ནས་བཟུང་སྟེ་འཇིིག་རྟེན་སྐྱོ་སྣང་རིང་ལུགས་པ་ ཞིག་ཏུ་གྱུར་སོང་། ཁྱེད་རང་ལ་མི་ཚེིའི་ནང་བྱ་དངོས་དགའ་ཤོས་དེ་འདྲ་ག་རེ་ཡོད་དྲིས་པས། ང་ལ་འཇིག་རྟེན་འདིར་དགའ་ཤོས་ཀྱི་དངོས་པོ་ཅི་ཡང་མེད། རྟག་པར་སུན་སྣང་ཞིག་གི་ཀློང་ནས་ཉི་མ་སྐྱེལ་བཞིན་ཡོད་ཟེར། རྒྱ་མོ་འདིའི་ཕ་རྒན་ནི་ཧྲང་ཧེའི་ཚོང་སྡེ་ཆེན་པོ་ཞིག་གི་འགན་འཛིན་ཡིན་ཞིང་། མོའི་རྨོ་མོས་དར་རྩེ་མདོའི་དགེ་ལུགས་པའི་དགོན་པ་ཞིག་ཏུ་ཚེ་མཇུག་ནང་ཆོས་ སྒོམ་སྒྲུབ་ཀྱིས་ཉི་མ་སྐྱེལ་བཞིན་ཡོད་འདུག
ཆུ་ཚོད་ལྔ་དང་ཕྱེད་ཀའི་ སྟེང་བོད་ཀྱི་ཚོང་རམས་པ་གྲགས་ཅན་རྒྱལ་རོང་བ་བློ་བཟང་ལགས་ཀྱི་ནང་དུ་ཨ་མདོ་ སྐོར་བ་སྐོར་ཞིག་མཉམ་འཛོམས་ཀྱིས་མོ་མོ་ཟོས་ཤིང་ཤ་མོ་དང་ལུག་ཤའི་ཁུ་བ་ཞིམ་ པོ་དཔེ་མེད་ཅིག་བཏུང་རྒྱུ་བྱུང་། བློ་བཟང་ལགས་ཀྱིས་འདི་གར་པོ་ཏ་ལ་གྲོང་ཞེས་པའི་ཁང་པ་ཐོག་བརྩེགས་ལྔ་དང་ཁང་ མིག་བདུན་ཅུ་བརྒྱད་ཅུ་ཡོད་པ་གཉིས་བརྒྱབ་ཚར་ཏེ་ད་ལྟ་མགྲོན་ཁང་ཆེན་པོ་ཞིག་ རྒྱག་བཞིན་ཡོད་པ་དང་། ད་དུང་ཨ་རིའི་གཞུང་དང་མཉམ་འབྲེལ་གྱིས་ཤར་ཕྱོགས་རྒྱལ་ཁབ་ཁག་ཏུ་ལག་ཁྱེར་Green Cardལྗང་ ཁུའི་ཚོང་ལས་གཞི་རྒྱ་ཆེ་བ་ཞིག་མགོ་འཛུག་བྱེད་བཞིན་ཡོད་ལ། ལག་ཁྱེར་ལྗང་ཁུ་རེ་རེར་ཨ་སྒོར་འབུམ་ལྔ་དང་ཁྲི་ལྔ་ཙམ་ཡིན་ཞིང་། དེ་འདྲ་ཞིག་སྤྲད་རྗེས་ཁྱེད་རང་གི་ནང་མི་ཆ་ཚང་ལ་ཟླ་བ་བདུན་ནམ་བརྒྱད་ནང་ལག་ ཁྱེར་ལྗང་ཁུ་ཐོབ་ཐུབ། རང་རེ་བོད་པའི་ཁྲོད་དུ་ཁོང་ལྟ་བུའི་འཇོན་ཐང་ཅན་གཅིག་རེ་ཡོད་ན་ཡང་མི་རིགས་ འདིའི་གཟི་བརྗིད་དུ་བརྩི་ཆོག ཁོང་གིས་མགྲོན་ཁང་བརྒྱབ་ཚར་རྗེས་ཨ་རིའི་ནང་གི་བོད་པ་མང་པོར་ལས་ཀ་སྤྲོད་ཀྱི་ ཡིན་ཞེས་བརྗོད་སོང་།
ཁོང་གི་ཁང་པའི་ནང་དུ་ རྩིག་འབྱར་མེ་སྦར་ས་ཞིག་ཡོད་པའི་ནང་དུ་ཤིང་དུམ་མང་པོ་ཞིག་ལ་མེ་སྦར་བས། འབྲོག་པའི་འཚོ་བར་གོམས་པ་ཤུགས་ཆེ་བའི་ཁོ་བོར་སྔར་མེད་པའི་སེམས་པ་སྐྱིད་པོ་ ཞིག་བྱུང་སྟེ། མེའི་འཁྲིས་སུ་སྐྱིལ་ཀྲུང་གིས་ཆུ་ཚོད་བཅུ་པ་བར་དུ་བསྡད་རྗེས་ཕྱིར་རང་གནས་ སུ་ལོག མྱུར་བགྲོད་གཞུང་ལམ་སྟེང་དུ་རླངས་འཁོར་སྟོང་ཕྲག་མང་པོས་གློག་གཞུ་སྤར་ཏེ་ གཙང་ཆེན་བརྒྱུགས་པ་བཞིན་བགྲོད་པའི་སྣང་ཚུལ་དེས་ཡིད་དབང་འཕྲོགས་ཏེ་ལམ་སེང་ འདྲ་པར་འགའ་ཡང་ལེན་པར་ཐལ།

0 བསམ་ཚུལ་འདོན་པ།:

Post a Comment