ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Sunday 16 October 2011
dscn4529
ཀླུ་སྨྱོན།
མདང་དགོང་ཡང་རྨི་ལམ་ཟ་ཟི་ མང་ཞིང་དགོད་བྲོ་བ་ཞིག་ནི་ཁོ་བོ་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཨོ་སྦ་མ་དང་ ཅོག་ཙེ་གཅིག་གི་ཕར་ཚུར་བྱས་ནས་ལས་ཀ་བྱེད་བཞིན་འདུག་པ་དེ་རེད།
ཆུ་ཚོད་བརྒྱད་པ་ཙམ་ལ་ཉལ་ སའི་ནང་ནས་མགོ་བཀྱགས་ཏེ་དྲ་ངོས་སུ་ཉུལ་ཙམ་བྱས་རྗེས་ཡར་ལངས། མཆོད་བཤམས་སྒོམ་སྒྲུབ་ཐུང་ཙམ་བྱས་རྗེས་དེ་རིང་གི་གཏམ་བཤད་ཤོག་ལྷེ་དྲུག་ཅན་ དེ་ཤོག་ངོས་སུ་དཔར། ཤོད་དུ་སོང་ནས་ཞོགས་ཇ་བཏུངས་རྗེས་གྲའུ་དཔོན་གྱི་བུ་མོ་ལྷ་མཛེས་ལགས་དང་མཉམ་ དུ་བླ་མ་ཚང་གི་རྣམ་ཐར་ཁོ་བོས་བྲིས་པ་ཤོག་ངོས་དྲུག་བརྒྱ་ཅན་དེའི་ཤོག་ངོས་ གཅིག་དང་ཕྱེད་ཀ་ཙམ་དབྱིན་སྒྱུར་བྱས། ལྷ་མཛེས་ལགས་ནི་ཆུང་དུས་དབྱིན་ཇིའི་སློབ་གྲྭར་ཕེབས་ཏེ་དབྱིན་ཡིག་སྦྱངས་པ་ མཐར་སོན་པར་བྱས་རྗེས་འདི་ག་ཨ་རིའི་གནས་སྤོས་བྱས་པ་ཞིིག་ཡིན་པ་དང་། གཤིས་རྒྱུད་འཇམ་ཞིང་སེམས་པ་བཟང་བའི་བོད་རིགས་བུད་མེད་མཆོག་ཏུ་གྱུར་པ་ཞིག་ རེད།

ཆུ་ཚོད་བཅུ་པར་བླ་མ་ཚང་ ཡབ་ཡུམ་གཉིས་ཚོགས་ཁང་ནང་ཕེབས་ཏེ་ཁོང་ཅག་སྐུ་འཁོར་དང་བཅས་པ་ཨ་རིར་ཕེབས་ནས་ མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་སྟབས་བདེ་ཞིག་གནང་ཞིང་། ཁོ་བོས་ཀྱང་ཁ་སང་ཉིན་གང་གྲ་སྒྲིག་བྱས་པའི་ཁོང་རྣམ་གཉིས་ཀྱི་བཀའ་དྲིན་རྗེས་ དྲན་གྱི་གཏམ་བཤད་དབྱིན་ཡིག་ཏུ་ཡོད་པ་ཤོག་ལྷེ་དྲུག་ཅན་དེ་འཁྱར་འཁྱོར་ངང་ བཀླགས། བླ་མ་འདི་བ་ཚང་ནི་གསེར་རྟ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་སོགས་ སྐྱེས་ཆེན་དུ་མས་བརྩིེ་བཀུར་གནང་སའི་བླ་མ་ཞིག་ཡིན་པས། ཁོ་བོ་ལྟ་བུ་ས་འབུ་ཞིག་གིས་ལོ་འདི་སྙེད་ཀྱི་རིང་ལ་ཁོང་ལྟ་བུའི་གྲུབ་པའི་ དབང་ཕྱུག་ཅིག་ལ་ཞབས་ཞུ་ཕྲན་ཙམ་རེ་བསྒྲུབས་པ་འདི་ཡང་རང་གི་ཚེ་སྔོན་བསགས་པའི་ བསོད་ནམས་ཤིག་གི་འབྲས་བུ་རུ་ཡིད་ཆེས་བཞིན་ཡོད། བླ་མ་འདི་བ་ཚང་ནི་ཐོག་མར་མཇལ་དུས་མར་པ་དང་མི་ལ་རས་པ་འཕྲད་པ་བཞིན་བསྟེན་ རྒྱུ་དཀའ་ཙམ་ཞིག་ཡོད་ཀྱང་། ལོ་ནས་ལོ་རུ་དྲུང་དུ་བསྡད་ན་སྐུ་གསུང་ཐུགས་ཀྱི་མཛད་པ་གང་ཅིར་དད་གུས་རང་དབང་ མེད་པར་སྐྱེ་ཡོང་བའི་ངོ་མཚར་ཆེ་བའི་གྲུབ་པའི་དབང་ཕྱུག་ཅིག་རེད། མཛད་སྒོ་ཚར་ཙམ་དེར་མ་ལེ་ཞི་ཡ་ནས་ཡོང་བའི་རྒྱ་མོ་དེས་ཁོ་བོར་རྫ་སྣོད་དུ་ཡོད་ པའི་མེ་ཏོག་ཆུང་ཆུང་སྙིང་རྗེ་བོ་ཞིག་ལེགས་སྐྱེས་སུ་སྤྲད་པར་རྟེན་འབྲེལ་ཡག་ པོར་བསམས་ནས་དགའ་མོས་བྱུང་།
མི་མང་དང་མཉམ་དུ་ཤོད་ཀྱི་ ཚོགས་ཁང་དུ་སོང་སྟེ་འབྲས་སིལ་སོགས་བཟའ་བཏུང་བྱས་ཤིང་། ཆུ་ཚོད་དང་པོའི་སྟེང་གོང་ས་མཆོག་གི་སྐུའི་ཚ་མོ་བསྟན་འཛིན་ཚེ་འཕེལ་ལགས་དང་ མཉམ་དུ་གོང་ས་མཆོག་གི་གསུང་དབྱིན་དེབ་ཏུ་ཡོད་པ་ཉམས་ལེན་ཇི་ལྟར་བྱེད་དགོས་ཞེས་ པ་དེའི་དབུ་ནས་ཤོག་ལྡེབ་གཅིག་ཙམ་མོར་དབྱིན་ཡིག་ཏུ་ཀློག་ཏུ་བཅུག་རྗེས། ཡང་སྐྱར་མགོ་ནས་བོད་སྐད་ནང་འགྲེལ་བཤད་རྒྱག་ཏུ་བཅུག་པ་དང་འབྲེལ། ཚིག་གསར་པ་ཁ་ཤས་ཟུར་དུ་དེབ་ཅིག་གི་སྟེང་དུ་བོད་དབྱིན་ཤར་སྦྱར་དུ་བྲིས་ཏེ་ ནང་སྦྱོང་གི་ཚབ་བྱེད་རོགས་བརྗོད། དེབ་འདི་ནི་ནང་ཆོས་གཅིག་པོ་མ་ཡིན་པར་མི་ཚེ་སྐྱིད་པོ་ཡོང་སྟངས་དང་དཀའ་ངལ་ལ་ གདོང་ལེན་བྱེད་སྟངས་སྐོར་གྱི་དེབ་རྩ་ཆེན་པོ་ཞིག་རེད། ཆུ་ཚོད་གཉིས་པའི་སྟེང་མོའི་ཨ་མས་ནང་ནས་བཟོས་པའི་ཐུག་པ་ཚ་བོ་ཞིག་ཁྱེར་ནས་ བསླེབས་སོང་བ་བཏུངས་རྗེས་ཉལ་ཁང་དུ་ལོག་ནས་རྒྱལ་སར་ཡོད་པའི་མཆེད་གྲོགས་ཤིག་ དང་མཉམ་དུ་ཁ་པར་ནང་ཁ་བརྡ་ཏོག་ཙམ་བྱས་རྗེས་ཁ་སང་གི་ཉིན་ཐོ་བྲིས་མ་ཚར་བ་དེའི་ འཕྲོས་བྲིས་རྗེས་དྲ་ངོས་སུ་བཞག གནམ་ཀླད་ནང་དུ་རྒྱ་མོ་སོ་ནེ་ཡ་དང་མཉམ་དུ་འཆི་བའི་སྐོར་གླེང་། མོ་ནི་ཨ་རིའི་ཁ་ལེ་ཧྥོ་ནིས་ཡར་སྐྱེས་ཤིང་ཀམ་ཚང་བཀའ་བརྒྱུད་ཀྱི་མཁན་ཆེན་ཁྲ་ འགུ་རིན་པོ་ཆེའི་སློབ་མ་ཞིག་དང་ནང་ཆོས་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན།
ཕྱི་རོལ་ཏུ་ཉི་འོད་སེར་ པོ་ཞིག་འཕྲོས་འདུག་པས་ཕྱི་ལོགས་སུ་སོང་སྟེ་སྒེའུ་ཁུང་དང་ཁ་གཏད་དུ་ཡོད་པའི་ ལྗོན་ཤིང་ལོ་མ་སེར་པོར་འགྱུར་བཞིན་པ་ཞིག་ཡོད་པ་དེ་འདྲ་པར་དུ་བླངས། དེ་རིང་ནས་བཟུང་ལྗོན་པ་དེའི་ཉི་མ་རེ་རེའི་ལོ་མ་སེར་པོར་འགྱུར་བའི་ངང་ཚུལ་ དག་གི་འདྲ་པར་ཉིན་ཐོ་དང་མཉམ་དུ་དྲ་ངོས་སུ་འཇོག་ན་འདོད། དེ་ནས་ ངའི་ལོ་རྒྱུས་དབྱིན་ཡིག་ནང་སྒྱུར་རོགས་བྱེད་མཁན་ཨ་རི་བ་སྒྲེ་ཝེ་སྒྲི་ལགས་ ཀྱིས་དེ་རིང་སྔ་དྲོར་སྤྲད་པའི་ལྐོག་གྱུར་གྱི་འོད་ཅེས་པའི་རོལ་དབྱངས་འོད་སྡེར་ཞིག་སྤྲད་པ་དེར་ཉན་བཞིན་དེ་རིང་གི་ཉིན་ཐོ་འདི་བྲིས།
བརྙན་འཕྲིན་ལས་ཨ་རིའི་ དངུལ་རྩར་ངོ་རྒོལ་བྱེད་མཁན་གྱི་སྐོར་དང་། དངུལ་རྩར་ངོ་རྒོལ་དེ་ཡོ་རོབ་གླིང་ཆེན་ལ་ཁྱབ་སྟེ་དབྱིན་ཡུལ་དང་འཇར་མན་ནི། ཨི་ཀྲ་ལི་སོགས་ཀྱི་རྒྱལ་སར་ངོ་རྒོལ་བའི་གྲངས་འབོར་མཐོ་རུ་འགྲོ་བཞིན་འདུག ལོ་རབས་ལྔ་བཅུ་པ་དང་བདུན་ཅུ་པའི་ནང་ས་གནས་འདིའི་གྲོང་ཁྱེར་སྤྱི་ཁྱབ་པ་བྱེད་ མྱོང་བའི་མི་རྒན་ལོ་བརྒྱ་དང་གཅིག་ཅན་rosaryཟེར་ བ་ཞིག་འདས་གྲོངས་སུ་ཕྱིན་པའི་སྐོར་ཞིག་སྟོན་བཞིན་འདུག ཡ་ཧོ་དྲ་ངོས་སུ་ཨ་རིའི་སྐད་གྲགས་ཅན་གྱི་མགྲོན་ཁང་ནང་དུ་གདོན་འདྲེ་མངོན་སུམ་ རྒྱུ་བ་ལྔ་མཚམས་སྦྱོར་ཞིག་འདུག http://travel.yahoo.com/p-interests-40782813
ghost
ཡང་བརྙན་འཕྲིན་ལས་ཨ་རིའི་ རྒྱལ་སའི་སྤྱི་གླིང་ཞིག་ཏུ་སློབ་དཔོན་མར་ཁྲིན་ལུ་ཐར་ཁེང་གི་རྡོ་སྐུ་ཆེན་པོ་ ཞིག་བཞེངས་ཡོད་སར་ཨོ་སྦ་མ་སྟེང་ཞལ་གཉིས་ཡོང་སྟེ་མཛད་སྒོ་དབུ་འབྱེད་བྱས་ སོང་། རང་ཉིད་ལ་མཚོན་ན་ནམ་རྒྱུན་སློབ་དཔོན་ཁོང་གི་གཏམ་བཤད་ང་ལ་རྨི་ལམ་ཞིག་ཡོད་ཅེས་ པ་དེར་ཉན་ཐེངས་རེ་རེར་མིག་མཐར་མཆི་མ་འཁོར་ཡོང་བ་ཞིག་ཡིན། ཨ་རིའི་དགའ་དགའ་ཞེས་པའི་གཞས་མ་དང་མཛེས་མ་གྲགས་ཅན་དེས་སྤྲོ་ཚོགས་ཆེན་པོ་ཞིག་ གི་སྟེང་སྲིད་ཟུར་ཁི་ལོན་སྒྲོན་བཟའ་འཚོ་གཉིས་སོགས་ཀྱི་སྔུན་དུ་འདོད་ཆགས་ ཀྱི་རྣམ་འགྱུར་དྲག་པོ་མངོན་པའི་གཞས་གར་འཁྲབ་སྟོན་བྱས་འདུག འཛམ་གླིང་མི་གྲངས་སྙན་ཐོ་ལྟར་ན་འདི་ལོར་བྱིས་པ་དུང་ཕྱུར་བདུན་སྐྱེས་འདུག འདི་གའི་ཉེ་འགྲམ་ཞིག་ནས་ཁང་པར་མེ་ཤོར་ཏེ་ཁང་བདག་གྲོངས་འདུག ལ་ཨ་རིའི་རྒྱན་རྩེད་གྲོང་ཁྱེར་གྲགས་ཅན་ལ་སི་ཝེས་སྒ་སིའི་ཆེས་མགྱོགས་རླངས་ འཁོར་འགྲན་བསྡུར་ཞིག་གི་སྟེང་རླངས་འཁོར་ཕན་ཚུན་བརྡབས་སྐྱོན་གྱིས་ཁ་ལོ་བ་ སྐད་གྲགས་ཅན་ཞིག་འདས་གྲོངས་སུ་ཕྱིན་འདུག བརྡབས་སྐྱོན་ཁྲོད་རླངས་འཁོར་དང་རླངས་འཁོར་གྱི་ཚལ་བ་དེ་ཚོ་ནམ་མཁར་འཕུར་འགྲོ་ གིན་འདུག
ཆུ་ཚོད་བརྒྱད་དང་ཕྱེད་ ཀའི་སྟེང་བཟང་སྤྱོད་སྨོན་ལམ་ཞིག་འདོན་ཞོར་མུན་ནག་ཁྲོད་དུ་འཆམ་འཆམ་ཞིག་ལ་ ཕྱིན། དེ་ཡང་བཟང་སྤྱོད་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་དེ། །དེ་བཞིན་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་བཞིན་ནོ། །ཞེས་པ་འདི་ལས་ལྷག་པའི་མདོ་ཚིག་ནུས་པ་ཅན་ཞིག་སྨྱོན་པ་བདག་གིས་གཞར་ཡང་མ་ རྙེད་ཅིང་། ཚིག་འདི་དང་སྐྱེ་བ་འབུམ་ཕྲག་དུ་མར་ཁ་མི་འབྲལ་བའི་སྨོན་ལམ་ཡང་འདེབ་བཞིན་བདོག སྤྲིན་པ་སྲབ་བུ་དག་ཚོམ་བུར་རྒྱུ་བའི་བར་གསེང་རེ་ནས་ཆེས་ཐག་རིང་བའི་སྐར་མ་ འགའ་རེ་གསལ་ཙམ་རིབ་ཙམ་བྱེད་བཞིན་ཡོད་ཅིང་། སྐྱེ་བ་རྗེས་མར་སྐར་མ་དེ་ཚོའི་གཅིག་གི་སྟེང་ནས་སྐྱེ་བ་མི་ལེན་པའི་ངེས་པ་ཡང་ ག་ལ་ཡོད། ཚན་རིག་ཡར་རྒྱས་ཞེ་དྲགས་ཕྱིན་ཚེ་ཉི་མ་གཅིག་ནུབ་ཕྱོགས་བདེ་བ་ཅན་སོགས་དག་ཞིང་ སྐད་གྲགས་ཆེ་བའི་གྲས་དེ་རིགས་ཀྱང་རྒྱང་ཤེལ་ཆེན་པོ་དེ་ཚོའི་ནང་ནས་མི་མཐོང་ བའི་ངེས་པ་ཡང་མི་འདུག
ནང་ལ་ལོག་སྟེ་རྒུན་འབྲུམ་ དམར་པོའི་ཁུ་བ་ཤེལ་ཕོར་གང་བཏུང་། སེམས་ཁོང་ནས་སྙན་ངག་གི་རྦ་རླབས་ཤིག་དྲག་ཏུ་འཕྱུར་ཀྱང་འབྲི་བའི་དུས་ཚོད་མི་ འདུག

0 བསམ་ཚུལ་འདོན་པ།:

Post a Comment