ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Thursday 27 October 2011
dscn4461
མདང་དགོང་བརྙན་འཕྲིན་ལ་ བལྟས་ཏེ་ཉལ་འཕྱི་བས་ད་ནངས་ཆུ་ཚོད་དགུ་པ་མ་ཟིན་ཙམ་བར་དུ་གཉིད་ལས་སད་མ་བྱུང་། ཉལ་སའི་ནང་ནས་མགོ་བཀྱགས་ཏེ་དྲ་ངོས་སུ་ཉུལ་ཙམ་བྱས། གློག་འཕྲིན་ནང་དུ་ལན་འབྱོར་བར་བལྟས་ན་དོ་དགོང་མི་སུམ་ཅུ་བཞི་ཅུ་ཙམ་ཞིག་ ཚོགས་འདུར་བསླེབ་རྒྱུ་ཡིན་པ་འདྲ། གནམ་ངོ་དྭངས་ཤིང་ཉི་འོད་སེར་པོ་ཞིག་ཀྱང་སྤྲིན་པ་སྲབ་བུ་དག་གི་བར་གསེང་ནས་ འཕྲོས་ཡོང་།
ཀླུ་སྨྱོན་རྩོམ་རིག་བྱ་ དགའི་མཐའ་མའི་དཔྱད་འདེམས་པ་བེ་རུ་འཇིགས་མེད་དང་ཉི་མ་འཚོ། རིག་འབྱུང་དོན་གྲུབ་བཀྲ་ཤིས་གསུམ་གྱིས་དཔྱད་བསྡུར་བྱས་པ་བརྒྱུད་དཔྱད་འདེམས་ པ་སྔོན་མ་གཉིས་ཀྱིས་འཇིགས་མེད་བློ་གྲོས་རྒྱལ་མཚན་ལགས་ཀྱི་དངོས་བྲིས་རྩོམ་ ཡིག་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ཞེས་ པ་དེ་རྩོམ་ཡིག་རྩེ་གྲས་སུ་བདམས་འདུག་པས། དཔྱད་འདེམས་པ་གསུམ་གས་རྩོམ་ཡིག་དྲག་འདེམས་བྱེད་སྐབས་སུ་བསྐུར་པའི་ཡི་གེ་དང་ བཅས་པ་ཁ་བརྡ་དྲ་ངོས་སུ་བཞག་སྟེ། སྐབས་དང་པོའི་ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ་ཨང་དང་པོ་དེ་ འཇིགས་མེད་བློ་གྲོས་རྒྱལ་མཚན་ལགས་ཀྱི་དངོས་བྲིས་རྩོམ་ཡིག་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ཞེས་པ་དེ་ཡིན་ལུགས་གསལ་བསྒྲགས་བྱས།

ར་རྒྱ་བློ་དབང་གི་ངོ་དེབ་ ལས་ཁོ་བོའི་ཕ་ཡུལ་གྱི་ཞིང་པ་རྒན་པོ་སྤུར་རྒྱལ་ཞེས་པ་ཞིག་གིས་མང་རའི་བྱེ་ཐང་ ཆེན་མོ་མུ་གེ་ཐང་ཞེས་པ་དེར་ཉིས་སྟོང་གཉིས་ཙམ་ནས་མགོ་བརྩམས་ཏེ་ལོ་རེར་སྡོང་ ཕྲན་ཁྲི་ཁར་ལོངས་ཙམ་རེ་འདེབ་འཛུག་བྱེད་བཞིན་ཡོད་ཅིང་། བྱེ་ཐང་འདིས་ངའི་ཕ་ཡུལ་མང་རྫོང་གི་སུམ་ཆའི་གཅིག་ཙམ་ཟིན་ཡོད་པས་མི་ཚད་ལོ་རེ་ ནས་ལོ་རེ་བཞིན་རྒྱ་སྐྱེད་བཞིན་ཡོད་པས། དེའི་ཉེ་འཁོར་གྱི་ཞིང་འབྲོག་སྡེ་ཚང་མར་དུས་བཞི་སྤྱི་དང་ཁྱད་པར་དུ་དགུན་ དཔྱིད་ཀྱི་རིང་བྱེ་རླུང་དྲག་པོ་གཡུགས་ཏེ་མི་ཕྱུག་རྒྱུ་གསུམ་ལ་གནོད་འཚེ་ཚབས་ ཆེན་བཟོ་བཞིན་ཡོད་པས། རྒན་པོ་འདིས་རང་གི་ལག་པས་བྱེ་དོང་བྲུས་ཏེ་ལྗོན་པ་འདེབ་འཛུག་བྱེད་པ་དེ་ཞེ་ དྲགས་ཡག་པོ་མཐོང་སོང་ལ། ཁོང་གིས་ལོ་བརྒྱ་ཉིས་བརྒྱའི་རྗེས་སུ་བྱེ་ཐང་འདི་ལྗང་མདོག་གི་འཇིག་རྟེན་ཞིག་ ཆགས་ཀྱི་རེད། དེ་དུས་ཁྱོད་ཚོ་དང་ང་རང་ས་སྟེང་འདི་ན་མེད་ཀྱང་མི་རབས་རྗེས་མ་ཚོར་བདེ་སྐྱིད་ ཅིག་ཡོད་པ་རེད་ཅེས་བརྗོད་པ་དེས་རང་གི་སེམས་པ་ཡང་ལང་ལོང་དུ་གཡོས་ཤིང་། ལས་གཞི་རླབས་ཆེན་འདི་ལ་རང་ཉིད་ཀྱི་ངོས་ནས་ཀྱང་རྒྱབ་སྐྱོར་གང་ཐུབ་ཅིག་བྱེད་ པར་དམ་བཅས་པ་ཡིན། འབྲུག་ཆེན་རིན་པོ་ཆེ་ཚང་གིས་ལ་དྭགས་ཕྱོགས་སུ་བྱེ་ཐང་དུ་སྡོང་འཛུག་ནགས་ སྐྲུན་གནང་གིན་ཡོད་པ་ལོ་ཤས་གོང་གསར་འགྱུར་ལས་མཐོང་བྱུང་ལ། ཁོང་བླ་ཆེན་ཡིན་པས་མི་དམངས་ཀྱི་རྒྱབ་སྦྱོར་དང་སྦྱིན་བདག་སྟོབས་ཆེན་དེ་འདྲ་ འདུག་ཀྱང་། ངའི་ཕ་ཡུལ་གྱི་ཞིང་པ་རྒན་པོ་འདི་ལ་ཁོང་གི་བུ་འཇར་མི་ནེ་རུ་ཡོད་པ་དེ་ལས་གཞན་ པའི་སྦྱིན་བདག་ཅང་ཡོད་ལུགས་བརྗོད་མ་སོང་ལ། དེའི་སྟེང་དུ་ལས་ཀ་དེར་ཕྲག་དོག་གིས་བར་ཆད་རྩོམ་མཁན་ཡོད་ལུགས་ཀྱང་བརྗོད་སོང་ བས། བྱེ་ཐང་ལྗང་སྒྱུར་གྱི་ལས་གཞི་རླབས་པོ་ཆེའི་འདིའི་ཆེད་དུ་ཕྱོགས་གང་སར་བཞུགས་ པའི་བླ་ཆེན་ཚོའི་རྒྱབ་གཉེར་ཡི་གེ་སོགས་ལེན་རྒྱུ་འདི་ཡང་གལ་ཆེན་པོར་མཐོང་ སོང་། ཁོང་ལ་རོགས་པ་བྱེད་ན་ཁ་པར་ཨང་གྲངས་འདིའི་སྟེང་དུ་འབྲེལ་བ་བྱེད་རོགས། 0977-3849194
ཐག་ཉེ་སའི་ཟས་རིགས་ཚོང་ ཁང་དེར་སོང་ནས་སྔོ་ཚལ་དང་ཤིང་ཏོག་སོགས་སྒོར་བརྒྱ་ཙམ་གྱི་རིན་འབབ་ཉོས་པ་དང་། དེ་རིང་ཉིན་གང་བོར་གནམ་གཤིས་ལ་འགྱུར་ལྡོག་དེ་ཙམ་མེད་པར་གནམ་སྔོན་དང་ཉི་འོད། སྤྲིན་དཀར་དང་སྟོན་རླུང་སོགས་ཀྱིས་རང་རང་གི་མཛེས་སྡུག་དུས་གཅིག་ཏུ་ངོམ་པ་ ལྟ་བུ་ཞིག་འདུག སྒྲ་སྡུད་འཁོར་ལོ་ཐབ་ཚང་དུ་ཁྱེར་ཡོང་ནས་བདེ་གཤེགས་སྙིང་པོ་ཞེས་པའི་འོད་ སྡེར་དེ་བཏང་སྟེ་དེའི་སྙན་འཇེབས་ཀྱི་སྒྲ་དབྱངས་ཁྲོད་དུ། ཚལ་བུར་གཏུབས་པའི་བྱ་ཤ་རྡོག་པོ་ཆུང་ཆུང་མང་པོ་ཞིག་ལ་སངས་རྒྱས་མི་འཁྲུགས་ པའི་གཟུགས་སྔགས་ཀྱིས་བྱིན་རླབས་བརྒྱབ་རྗེས་ཕྱི་རོལ་གྱི་བྱ་སྦྱིན་གཏོང་ས་ དེར་གཏོར་བ་ན། ལམ་སེང་ཁྭ་ཏ་ཁྱུ་ཞིག་འཕུར་ཡོང་ནས་བཟའ་བཞིན་འདུག སྙིང་རྗེ། ད་རེས་ཀྱི་སྐྱེ་བ་འདི་ལ་སྦྱིན་བདག་དང་སྦྱིན་ཡུལ་གྱི་ཁྱད་པར་ཙམ་ཞིག་ཡོད་པ་ རེད་དེ་སྐྱེ་བ་རྗེས་མར་ཁོ་བོས་ཁྭ་ཏ་འདི་ཚོ་ལས་ཟས་ལྷག་རེ་སློང་མི་དགོས་པའི་ ངེས་པ་ཞིག་ག་ལ་ཡོད། dscn4422
ཆུ་ཚོད་བདུན་པའི་སྟེང་ཁོ་ བོའི་གྲོགས་པོ་བོད་པ་དང་ཨ་རི་བ་རྒྱ་མི་བཅས་མི་གྲངས་ཉེར་ལྔ་ཙམ་མཉམ་དུ་འཛོམས་ ཏེ་དགོང་ཟས་གྱ་ནོམ་པ་ཞིག་ལ་རོལ་ཅིང་། མཇུག་ཏུ་བོད་མི་རིགས་ཀྱི་བདེན་དོན་དང་འཛམ་གླིང་ཞི་བདེའི་ཆེད་དུ་རང་ལུས་མེ་ རུ་སྦར་བའི་བོད་ཀྱི་དཔའ་བོ་ཚོའི་ཆེད་དུ་དམིགས་ནས་མི་རེ་རེས་མར་མེ་བཞི་ལྔ་ སྤར་བས་ཁྱོན་བསྡོམས་མར་རེ་བརྒྱ་རུ་ལོངས་ཤིང་། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་གིས་རྩོམ་སྒྲིག་ བྱས་པའི་གོང་ས་མཆོག་གི་མཛད་རྣམ་བརྙན་དེབ་འཇིག་རྟེན་མིག་འབྱེད་ཅེས་ པའི་དེབ་དེ་ངོ་སྤྲོད་དང་འབྲེལ་བླུ་ཡོན་ཞུ་མཁན་འགའ་རེ་བྱུང་། མཛད་རྣམ་དེབ་འདི་ནི་གོང་ས་མཆོག་གི་མཛད་རྗེས་གཅིག་པོ་མ་ཡིན་པར་བོད་ཀྱི་ལོ་ ངོ་ལྔ་བཅུའི་ལོ་རྒྱུས་ཤེས་འདོད་ཅན་ཚོར་མཚོན་ན་དཔྱད་གཞིའི་དེབ་ཧ་ཅང་ཡག་པོ་ ཞིག་རེད། དེ་རྗེས་ཁོ་བོའི་དགེ་ཕྲུག་བུ་མོ་བསོད་ནམས་ཚེ་འཛོམས་ཀྱིས་མེག་སེ་ཀོའི་སྒྲ་ སྙན་བཀྲོལ་ཅིང་། མཛོད་དགེའི་གཞས་པ་སྟོབས་རྒྱལ་གྱིས་ཁོ་བོས་བརྩམས་པའི་པཎ་ཆེན་དྲན་གླུ་སོགས་ རྡུང་ལེན་འགའ་མཆོད་སྤྲིན་དུ་བཤམས། དགོང་ཚོགས་ཚར་དུས་ཁོ་བོ་ཡང་ཐང་ཆད་འདུག་ཀྱང་ཉིན་ཐོ་འདིའི་མཇུག་འབྲི་དགོས་པས་ ཉལ་སའི་ནང་བརྙན་འཕྲིན་ལ་ལྟ་ཞོར་མུ་མཐུད་དེ་ཚིག་ཕྲེང་འགའ་བྲིས།

0 བསམ་ཚུལ་འདོན་པ།:

Post a Comment