ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Sunday 30 October 2011
dscn4800
མདང་དགོང་རྨི་ལམ་ཟ་ཟི་མང་ ཡང་ད་ལྟ་གཅིག་ཀྱང་མི་དྲན། ཆུ་ཚོད་བདུན་དང་ཕྱེད་ཀ་ཙམ་ལ་གཉིད་ལས་སད། ཉི་འོད་བན་བུན་ཞིག་སྒེའུ་ཁུང་བརྒྱུད་ཉལ་ཁང་རྫོབ་རོའི་ནང་དུ་འཕྲོས་འདུག་ལ། གཟའ་སྤེན་པ་ཡིན་པས་ཚོགས་མི་དག་ཚོགས་ཁང་གཙང་མ་གཙོ་ཕྱིར་སྐས་འཛེག་སྟེང་ཡར་ འགྲོ་མར་ཡོང་བྱེད་པའི་རྡོག་སྒྲ་ཐོས་ཐུབ།
ཐེ་ཝན་ནས་སྔ་འགྱུར་རྙིང་མའི་བླ་ཆེན་ཞིག་གིས་བསྐུར་བའི་ལྷག་བསམ་གྱི་མགོ་འཛུགས་ཞེས་པའི་འོད་སྡེར་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དབུ་ བརྙེས་པའི་མཛད་སྒོའི་སྐོར་འཁོད་པ་ཞིག་ལ་བལྟས་ཤིང་། དེའི་སྟེང་དུ་ཆོས་བརྒྱུད་ཆེན་པོ་བཞིའི་བླ་སྤྲུལ་མཁན་པོ་རྣམ་པས་བོད་བརྒྱུད་ ནང་བལྟས་འདི་ཐེ་ཝན་མཚོ་གླིང་དུ་དར་རྒྱས་མུ་མཐུད་དེ་འགྲོ་བའི་ཆེད་དུ་བགྲོ་ གླེང་ལྷུག་པོར་གནང་འདུག་ཅིང་། འདི་འདྲའི་ཚོགས་འདུ་ཞིག་ལ་བརྟེན་ནས་ཕྱི་ནང་གི་གེགས་བར་ཆད་ལས་རྒྱལ་ཐུབ་ཅིང་། རྙིང་མའི་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་ལགས་ཀྱིས་ང་ཚོ་འདིར་ཡོད་པའི་ཆོས་ཚོགས་ འགན་འཛིན་དག་གི་བར་དུ་མི་མཐུན་པའི་ཆ་རེ་ཡོད་པའི་ཡོང་རྐྱེན་གཙོ་བོ་དེ་ནི་ རྙེད་བཀུར་གྱི་ཆེད་དུ་རེད་བརྗོད་པ་དེ་ནི་ཧ་ཅང་བདེན་ཆེ་སྟེ། རྒྱལ་སྲས་ཐོགས་མེད་བཟང་པོས། རྙེད་བཀུར་དབང་གིས་ཕན་ཚུན་རྩོད་འགྱུར་ཞིང་། །ཞེས་མ་འོངས་ལུང་བསྟན་ཞིག་གསུངས་ཡོད་པ་རེད་ཨང་། ད་དུང་གཞན་ཞིག་གིས་ཤ་ཟ་བ་འདིས་རང་རེའི་བསྟན་པའི་མིང་ལ་གནོད་པར་འདུག་ཟེར་བ་ ཡང་ཧ་ཅང་མད།
ཨ་རི་བ་སྐྱེས་སྨན་ཞིག་གི་ཉིན་གུང་ཟ་མ་ཞིམ་པོ་ཞིག་བཟོས་འདུག་པ་དེ་ལས་སྡེར་མ་གཉིས་ཙམ་ཟོས།

པར་ཆས་ཚོང་ཁང་ཞིག་ཏུ་སོང་ སྟེ་པར་ཆས་རྙིང་པ་སྐོར་ཞིག་གི་རིན་གོང་དྲིས་ཤིང་། ལམ་ཁར་གནམ་སྔོན་པོའི་ཟུར་ཞིིག་ནས་ཉི་འོད་སེར་ལྷང་ལྷང་དྲོད་དེ་ཙམ་མེད་པ་ཞིག་ མཐོང་།
མཛེས་མ་ཚེ་རིང་སྐྱིད་ཀྱི་ ངོ་དེབ་ལས་རྒྱལ་སར་འདི་ལོའི་ཆེས་ཐོག་མའི་ཁ་བ་འབབ་བཞིན་འདུག་ཅེས་བྲིས་པ་ མཐོང་སྟེ། དེ་ནི་ཁྱེད་ཀྱི་ལང་ཚོ་བཞིན་ཆེས་མཛེས་སྡུག་ལྡན་པ་ཞིག་ཡིན་འོས། དེ་ནི་ཁྱེད་ཀྱི་སྙན་ངག་བཞིན་ཆེས་སྒྱུ་རྩལ་གྱིས་ཕྱུག་པ་ཞིག་ཡིན་འོས། ཞེས་བྲིས།
དེ་རིང་ཉི་འོད་རེས་དྲོ་ རེས་སྤྲིན་པ་རེས་འཐིབས་ཀྱིས་ཉིན་གང་བོ་ཕར་བསྐྱལ་ཅིང་། སྟོན་ལོ་སེར་པོའི་ཆར་བ་ཡང་ལྗོན་ཤིང་རེ་རེའི་བར་སྣང་ནས་མུ་མཐུད་དེ་འབབ་བཞིན་ འདུག ལྷ་ཁང་གི་སྒོའི་ཕྱི་ལོགས་ནས་ཨ་རི་བ་ཕོ་གཞོན་ཞིག་དང་འཕྲད་ཅིང་། ཁོས་ནང་པ་ཆགས་རྗེས་ནམ་རྒྱུན་ནང་ལ་འཛུལ་ནས་སྒོམ་རྒྱག་བཞིན་ཡོད་པས། ནང་མི་ཚོས་ཁོ་སྨྱོས་ཟིན་པའི་ངོས་འཛིན་བྱེད་ཀིན་འདུག་ཟེར་བས། ནང་པ་ཞིག་ཡིན་ན་མི་གུ་ཡངས་པོ་སྣང་བ་སྐྱིད་པོ་ཞིག་ཡིན་དགོས་པ་རེད། སྟོན་པ་སངས་རྒྱས་ཀྱིས་ཕྱི་རོལ་ལྗོན་པའི་གྲིབ་བསིལ་འོག་ནས་སྒོམ་བརྒྱབ་པ་རེད་ ལ། རྗེ་མི་ལ་རས་པས་རི་གང་མཐོའི་སྟེང་ནས་སྒོམ་བརྒྱབ་པ་རེད། དེ་བས་ཁྱོད་རང་ཡང་ས་སྐྱིད་ས་དང་རི་མཐོ་སར་སོང་ནས་རི་བོ་དང་སྐྱེད་ཚལ་རེ་རེ་ སངས་རྒྱས་ཀྱི་ཞིང་ཁམས་རེ་རེར་སྒོམས། ལྗོན་ཤིང་དང་མེ་ཏོག་རེ་རེ་སངས་རྒྱས་དང་བྱང་སེམས་རེ་རེར་སྒོམས། རང་ཉིད་དེར་འགྲོ་བ་ནི་སངས་རྒྱས་ཀྱི་ཞིང་ཁམས་སུ་འགྲོ་བཞིན་ཡོད་པར་སྒོམས། རང་སེམས་ནང་དུ་ཁུག རང་ལུས་གང་སར་སོངས། ལབ་པས་དགའ་ཐག་ཆོད་དེ་ཚིག་དེ་ཁོའི་གློག་དེབ་ནང་བྲིས་སོང་།
ལྕམ་སྐུ་ཁ་ཐི་ལིན་གྱིས་ ཁོ་བོས་མངགས་བཅོལ་བྱས་པའི་ཤོག་བུའི་པར་སྒྲོམ་བཟོ་ས་དེ་ཡང་པར་སྒྲོམ་ག་རེ་ དགོས་པ་དེ་རག་འདུག དེ་ནི་ཁོ་བོས་སྤུ་སྨྱུག་དང་སྣུམ་སྨྱུག་གིས་བོད་ཀྱི་གཟུངས་སྔགས་དང་ཤེས་རབ་ དང་སྙིང་རྗེ་ལྟ་བུའི་མིང་ཚིག་རླབས་པོ་ཆེ་དག་ཡིག་གཟུགས་ཡག་པོའི་སྒོ་ནས་བོད་ ཤོག་སྟེང་བྲིས་ཏེ་གཞན་ལ་འགྲེམ་སྟོན་རེ་བྱེད་བསམས་པ་ཡིན། རྒྱ་མིར་ལོ་སྟོང་ཕྲག་མང་པོའི་སྔོན་ནས་སྲོལ་རྒྱུན་ཡིག་ཆེན་དང་སྙན་ངག་ཉུང་ ཉུང་དེ་འདྲ་ཤོག་བུའི་སྟེང་བྲིས་ཏེ་རྩིག་ངོས་སུ་སྦྱོར་སྲོལ་ཡོད་ལ། དེ་བཞིན་ཟ་ཁང་དང་ཆང་ཁང་གི་རྩིགས་པའི་ངོས་སུ་སྙན་ངག་འབྲི་བའི་ལུགས་སྲོལ་ཧ་ ཅང་ཡག་པོ་ཞིག་ཡོད་པ་ཆུ་ངོགས་གཏམ་རྒྱུད་ལས་ ཤེས་ཐུབ། ལོ་སྔོན་མར་ཁོ་བོ་འདི་གའི་རྒྱ་མིའི་ཟ་ཁང་ཞིག་ཏུ་སོང་དུས་མའོ་ཙེ་ཏུང་གིས་ བྲིས་པའི་སྙན་ཚིག་ཅིག་ཀྱང་རྩིིགས་ལྡེབས་སུ་སྦྱར་ཡོད་པ་མཐོང་མྱོང་ལ། སྙན་ངག་ཚིག་བཅད་བཅུ་ཙམ་དང་མཇུག་དེར་མའོ་ཡི་མིང་རྟགས་ཀྱང་བརྒྱབ་འདུག རང་རེར་ཀུན་བཟང་འཁོར་ལོ་སོགས་ལྷ་ཁང་གི་ཁྱམས་སུ་སྦྱོར་སྲོལ་ཡོད་པ་ལས། ཤོག་དཀར་སྟེང་ཡིག་གཟུགས་ཉམས་དོད་པོའི་སྒོ་ནས་འབྲི་སྲོལ་ཕལ་ཆེར་མེད་པ་འདྲ་ བོ་ཞིག་འདུག བོད་པའི་ཁྲོད་དུ་ཆོས་རྒྱམ་དྲུང་པ་ཚང་སྤྱང་པོ་ཡོད་པས་རྒྱ་ནག་པའི་ལུགས་སྲོལ་ དེར་དཔེ་བལྟས་ན་སྙིང་རྗེ་དང་ཤེས་རབ་ལྟ་བུའི་ཆོས་ཚིག་སྙན་མོ་དེ་དག་ཡིག་ཆེན་ དུ་འབྲི་སྲོལ་གསར་པ་ཞིག་ཁྱབ་བརྡལ་གནང་འདུག
གཉིད་ཐུན་གཅིག་ལོག་རྗེས་ གློག་འཕྲིན་གྱི་ནང་དུ་དཔེ་མཛོད་ཁང་གིས་ཡི་གེ་ཞིག་བཏང་འདུག་པའི་ནང་དུ། གློག་བརྙན་གསུམ་གཡར་བ་དེའི་དུས་ཚོད་གཟའ་ཟླ་བར་རྫོགས་འགྲོ་གི་ཡོད་པས་དོ་སྣང་ བྱོས་ཞེས་བྲིས་འདུག ཁོ་རི་ཡའི་གློག་བརྙན་དེའི་འཁྲབ་ཚན་མཐའ་མའི་ནང་དུ་སྨན་པ་ནད་པ་དེས་ཁོའི་སྤུན་ ཚབ་ཀྱི་དགའ་རོགས་སྙིང་ནད་ལས་སྐྱོབ་ཕྱིར་རང་གིས་རང་ལ་སྲོག་གཅོད་ཀྱི་ཁབ་ བརྒྱབ་སྟེ་སྙིང་སྦྱིན་པར་སྤྲད་པའི་གནས་སྟངས་སྐྱོ་བོ་ཞིག་གིས་གློག་བརྙན་འདི་ མཇུག་བསྡུས།
མུན་ཁྲོད་དུ་དཔེ་མཛོད་ཁང་ དུ་སོང་ནས་གློག་བརྙན་དག་ཕྱིར་སློག་རྗེས་གོམ་བགྲོད་ཅུང་ཟད་བྱས་རྗེས་ཕྱིར་ལོག བརྙན་འཕྲིན་ལས་ཨ་ཧྥུ་སྒན་གྱི་རྒྱལ་སར་ཐ་ལི་སྦན་གྱི་རླངས་འཁོར་ཞིག་འགས་གཏོར་ བཏང་བའི་སྐོར་ཞིག་བསྟན། ཨ་རིའི་བོད་སྒྲ་གསར་ལམ་ལས་སུད་སིར་བོད་པའི་གློག་བརྙན་དུས་སྟོན་ཞིག་གོ་ སྒྲིག་བྱས་པའི་སྐོར་ཞིག་མཐོང་ཞིང་། དེ་ལས་པད་མ་ཚེ་བརྟན་དང་ཟོར་ཐར་རྒྱལ་གཉིས་ལ་འཛམ་གླིང་སྟེང་གློག་བརྙན་བཟོ་ མཁན་གྲགས་པ་ཅན་ཨེ་རན་གྱི་གློག་བརྙན་བཟོ་བཀོད་པའི་ཚད་དེར་བསླེབ་རྒྱུའི་ དམིགས་ཡུལ་ཡོད་ལུགས་ཐོས་ཤིང་། དབུས་ལམ་གྱི་ཉི་མ་ཞེས་ པའི་གློག་བརྙན་དེའི་ཚད་མཐོ་བའི་སྒྱུ་རྩལ་གྱི་ནུས་ཤུགས་ལ་ཡིད་སྨོན་ཞིག་རང་ དབང་མེད་པར་ཤོར་སོང་ལ། བོད་པའི་བུད་མེད་གློག་བརྙན་བཟོ་སྐྲུན་པ་མེད་ལུགས་བརྗོད་པ་ཐོས་པས། འདི་ག་ཨ་རིའི་ནང་དུ་བུ་མོ་བསྟན་འཛིན་ཞེས་པ་ཞིག་གིས་གློག་བརྙན་བཟོ་སྐྲུན་ པའི་འབུམ་རམས་སློབ་གཉེར་བྱེད་བཞིན་ཡོད་ཅིང་། མོས་བཟོས་པའི་ཨ་རིའི་ནང་གི་བུ་མོ་མཚན་མཐུན་འཁྲིག་སྤྱོད་པའི་མི་ཚེའི་སྐོར་ ཞིག་མཐོང་བ་དེ་ཅུང་ཁྱད་ཆོས་ལྡན་པ་ཞིག་ཏུ་མཐོང་སོང་།

0 བསམ་ཚུལ་འདོན་པ།:

Post a Comment