ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Sunday 13 November 2011
གཅིག
ལོ་དེར། ཨ་ཕས་ང་ཁྲིད་ནས་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ཁ་རུ་མཚོ་སྐོར་ལ་སོང། མཚོ་སྐོར་དུ་འགྲོ་ཞོར་ཁོང་གིས་ང་ལ་སུན་སྣང་མེད་པར་མཚོ་མོ་འདི་དང་འབྲེལ་བའི་ ལྷ་སྒྲུང་མང་པོ་ཞིག་བཤད་ཀྱང་། དེ་དུས་ཀྱི་ལྷ་སྒྲུང་རེ་རེ་ནི་མཚོ་ངོགས་ཀྱི་ཐང་མར་བརྡལ་བའི་མགྲོན་བུ་དང་ཉ་ ཕྱིས་ཀྱི་ཤུན་ལྐོགས་རེ་རེ་དང་འདྲ་བར་ལོ་ཟླའི་ཆུ་གཉེར་གྱིས་དེད་ནས་གར་སོང་ཆ་ མེད་དུ་གྱུར་སོང་མོད། སྐབས་དེར་འཕྲད་པའི་དངོས་ཡོད་ཀྱི་གནས་ཚུལ་ཞིག་མཚོ་མོའི་ཁ་གཏད་དུ་འགྱིངས་པའི་ བྲག་རྡོ་ཞིག་དང་མཚུངས་པར་ད་དུང་ངའི་དྲན་འཛིན་གྱི་ངོས་སུ་ལྷང་ངེར་འདུག
Publish Post

གཉིས
མཚོ་སྐོར་ཟིན་གྲབས་ཡོད་ པའི་ཉིན་ཞིག་གི་དགོང་ཁར། ཨ་ཕ་དང་ངེད་གཉིས་ཀྱིས་མཚོ་འགྲམ་གྱི་བྲག་རྡོ་འགའི་གསེབ་ཏུ་དགོང་ཇ་སྐོལ་བཞིན་ ཡོད། སྐབས་ཤིག་ལ་ངའི་མིག་གི་ལྟ་ཕྱོགས་ཤིག་གིས་ངེད་གཉིས་དང་ཐག་མི་རིང་བའི་བྲག་རྩ་ དེར་རྡོ་བ་བརྩིགས་ཀྱི་ཁང་བ་ཆུང་ངུ་ཞིག་འདུག་ཅིང་། དེ་དང་ཉེ་བའི་མཚོ་འགྲམ་དེར་མི་ཞིག་རྒྱབ་གཟུགས་ནག་ཡོར་རེ་ར་འགྲིང་ནས་ནུབ་ ཁའི་ཉི་འོད་ཕོག་པའི་གསེར་མདོག་གི་མཚོ་ངོས་སུ་ལྟ་བཞིན་འདུག། ངས་དེ་འཕྲལ་ཐབ་རྡོའི་གསེབ་ཏུ་ཕུ་རྒྱག་བཞིན་པའི་ཨ་ཕར་ཁ་ཕྱོགས་ནས་ཨ་ཕ། ཕ་གིའི་མི་དེ་ཅི་ཞིག་རེད་ཅེས་དྲིས་པ་ན། ཁོང་གིས་མགོ་ཡར་བཀྱགས་ནས་དེ་ཕྱོགས་སུ་ཡུད་ཙམ་བལྟས་རྗེས་ཕལ་ཆེར་ཉ་འཛིན་མཁན་ ཞིག་ཡིན་པ་འདྲ་ཟེར། ངས་སྔོན་ཆད་ཉ་འཛིན་མཁན་གྱི་ཚུགས་ཀ་མཐོང་མྱོང་མེད་པས་དེ་འཕྲལ་ཨ་ཕས་སྐད་ བརྒྱབ་པར་མ་ཉན་པར་ཕར་ཕྱོགས་ཀྱི་ནག་ཡོར་རེ་བ་དེའི་འགྲམ་དུ་ཕྱིན་པ་ཡིན། ཨ་ཙི། ངའི་གོམ་སྒྲ་དེ་གསལ་བོ་ཞིག་མིན་ནའང་མི་དེས་ཅི་ཞིག་ཐོས་པ་ལྟར་འགོ་བོ་ངའི་ ཕྱོགས་སུ་འཁོར་ནས་ང་ལ་ཡུད་ཙམ་བལྟས་རྗེས་། ཅི་ཞིག་ལ་རེ་སྒུག་བྱེད་པ་ལྟར་སླར་ཡང་དམར་སེར་གྱི་འོད་མདངས་འཕྱུར་བཞིན་པའི་ མཚོ་ངོགས་སུ་ཅེར་སིང་། ཁོང་གི་ལག་ཏུ་ཉ་འཛིན་སྤྱད་ཨེ་ཡིན་སྙམ་པའི་དངོས་པོ་ཅི་ཡང་མེད་པར་ལག་ཟུང་བཟོ་ དབྱིབས་ངོ་མཚར་ཅན་གྱི་ལྭ་རིང་དེའི་ཁུག་མའི་ནང་བཅུག་འདུག་ལ། མགོ་རུ་རལ་བ་མེད་པར་དུམ་བུར་གཏུབས་པའི་སྐྲ་སེ་བོ་དེ་གྱེན་དུ་ཤད་ཅིང་། ཨ་ཕའི་གཡག་རྩེད་ཀྱིས་བཟོས་པའི་མིག་ར་ལས་ཆེས་ལེགས་པའི་ཤེལ་མིག་དཀར་པོ་ཞིག་ སྣ་མགོར་བསྐྱོན་འདུག ངས་ཁོང་གི་གདོང་ལ་ཞིབ་ལྟ་བྱས་པ་དེས་ཁོང་ལ་འདས་དོན་ཞིག་དྲན་སྐུལ་བྱེད་དུ་ བཅུག་པ་དང་འདྲ་བར་ངའི་མགོ་ལ་བྱིལ་བྱིལ་ཞིག་བྱས་རྗེས། བུ་ཆུང་། ཁྱོད་ཚོ་མཚོ་སྐོར་ལ་འགྲོ་མཁན་ཚོར་ང་མི་རྐྱང་ཞིག་གི་སེམས་ཁམས་རྟོགས་འདོད་ མེད་ཀྱང་་་་་་ ་་་། ཁོང་གིས་མཚམས་འདི་ནས་ཚིག་རྔ་ཕྱིར་ཁོག་ཏུ་མིད་སོང་། ངས་མི་ཆ་མེད་འདི་ལ་ཨ་ཕས་བཤད་པའི་གཏམ་རྒྱུད་ལས་སྙན་པའི་ལྷ་སྒྲུང་རེ་བཤད་ རྒྱུ་ཡོད་ན་ཐང་སྙམ་ནས་ཁོང་ལ། ཨ་ཁུ་ལགས། ཅི་རེད། ཁྱོད་ཀྱིས་གཏམ་རྒྱུད་གང་ཞིག་བཤད་ཀྱང་ངས་ཉན་འདོད། ཅེས་བཤད་པ་ཡིན་། ཁོང་གིས་ཧ་ཅང་བྱམས་བརྩེའི་ངང་། བུ་ཆུང་། ང་རང་ཁྱོད་ཀྱི་ལོ་ཐོག་འདི་ན་ཡོད་དུས་ཁྱོད་དང་འདྲ་བར་རང་གི་ཨ་ཕ་དང་མཉམ་དུ་ མཚོ་མོ་འདི་ལ་སྐོར་བ་བྱེད་དུ་འོངས་མྱོང་། འོན་ཀྱང་། དེ་ནས་བཟུང་ང་རང་གི་ཨ་ཕ་དང་ཁ་བྲལ་སོང་། ཁོང་གིས་འདང་ཞིག་བརྒྱབ་རྗེས་ངག་འདར་བཞིན་སྐྱོ་སྒྲུང་འདི་འདྲ་ཞིག་བཤད་བྱུང་།
གསུམ།
ངའི་ཕ་ཡུལ་ནི་འདི་ནས་རྟ་ ཞོན་ཏེ་ཉིན་འགར་སོང་ན་སླེབ་ཐུབ་པའི་མང་ཡུལ་གསེར་གཞོང་རིང་མོ་ཞེས་པའི་ས་ཆ་ དེ་ཡིན། ང་རང་ལོ་བཅུ་གཉིས་ལ་སོན་དུས་མི་ཡུལ་གྱི་སྲིན་པོར་གྲགས་པའི་མ་ཇག་གི་དམག་ དཔུང་ངེད་ཚོའི་ས་ཆར་སླེབས་ནས་མི་གསོད་མེ་རྒྱག་གི་བྱ་ངན་སྣ་ཚོགས་ལག་ལེན་དུ་ བསྟར་བ་རེད། སྐབས་དེར་ང་ནི་མང་ཆུ་སྔོན་མོའི་འགྲམ་ངོགས་སུ་ཆགས་པའི་ཀླུ་ཚང་དགོན་པ་རུ་ མགོའི་སྐྲ་བྲེགས་ཤིང་ལུས་ལ་གཟན་ཤམ་གྱོན་ནས་འཇིག་རྟེན་གྱི་བྱ་བཞག་དང་རེ་ཞིག་ ཁ་བྲལ་ནས་གྲྭ་པ་ཆུང་ཆུང་ཞིག་བྱས་ཡོད། ཉིན་ཞིག་གི་ཕྱི་དྲོར། ང་རང་སྡོད་སའི་གྲྭ་ཤག་དེའི་ཕྱི་སྒོའི་ལྕགས་ལུང་སིང་སིང་དུ་དཀྲོགས་སོང་བས། ང་རང་མྱུར་བར་སོང་ནས་རྒྱལ་སྒོ་ཕྱེ་བ་ན། ཨ་ཙི། ངའི་ཨ་ཕས་ལག་ཏུ་མེ་མདའ་ཞིག་ཐོགས་ཤིང་ལུས་སྟེང་དུ་ཁྲག་ཤུལ་དམར་པོ་ཞིག་དྲུད་ ནས་ངའི་ཁ་གཏད་དུ་འགྲེང་འདུག། ཨ་ཕ། ཁྱེད་རང་་་་་་་་་་་་། ངའི་ཚིག་རྔ་མ་རྫོགས་གོང་། ཁོང་གིས་བྲེལ་འཚབས་ངང་ཕྱི་མིག་ཅིག་བལྟས་རྗེས་ནང་དུ་འཛུལ་ཡོང་ནས། སྒོ་རྒྱོབས་ཤིག་ ཅེས་བཤད་རྗེས་ཐད་གར་ངའི་དགེ་རྒན་བཞུགས་ཡོད་པའི་མཆོད་ཁང་གི་ནང་དུ་འཛུལ་སོང་། ངས་ཚུལ་དེ་མཐོང་བ་ན་ཅི་ཡིན་གྱི་ཧ་མ་གོ་བར་ཨ་ཕའི་རྗེས་དེད་ནས་མཆོད་ཁང་དུ་ ཕྱིན་པ་ཡིན། ཨ་ཕ་དང་ངའི་དགེ་རྒན་གཉིས་ཀྱིས་ལྡབ་ལྡིབ་ཅིག་བཤད་ནས་མྱུར་དུ་ཤ་མར་ཕྲན་བུ་དང་ རྩམ་པ་ཁུག་མ་གང་གྲ་སྒྲིག་བྱས་རྗེས། ཨ་ཕས་ང་ལ། འགྲོ་ ངེད་ཕ་བུ་གཉིས་འདི་ནས་ཐར་ཐབས་ཤིག་བྱེད། ཟེར། ངས་ད་དུང་དོན་རྐྱེན་མི་ལེགས་པ་ཅི་ཞིག་བྱུང་བ་ཡང་ཤེས་མ་བྱུང་བས་དེས་ན་ཨ་ མ་་་་ ་་་། ཞེས་དྲིས་པ་ན། ཁོང་གི་གདོང་མདོག་གློ་བུར་དུ་འགྱུར་ནས་སྐད་གདངས་འདར་ཀྱིན་ད་མང་པོ་མ་འདྲི། ཨ་ཕས་ཁྱོད་ལ་རྗེས་སུ་བཤད་ཟེར་དང་མཉམ་དུ་ངའི་ལག་མགོ་ནས་འཐེན་ཏེ་སྒོར་བུད་ བྱུང་། ངས་ཁ་ཕྱིར་འཁོར་ནས་རང་ལ་བུ་ལྟར་གཅེས་པའི་དགེ་རྒན་ལ་ཐེངས་ཤིག་བལྟས་པ་ན། ཁོང་གིས་ཕྱག་གཡུག་ཙམ་བྱས་ནས་ང་ལ་སེམས་ཁུར་བྱེད་མི་དགོས། ཨ་ཕའི་ཁ་ལོངས། ཞེས་གསུངས་བྱུང་བས། ང་རང་སེམས་སྐྱོ་བའི་ངང་འགྲོ་དགོས་སོང་། དེ་ནས་ཨ་ཕ་དང་ངེད་གཉིས་དགོན་པའི་གཡས་ཕྱོགས་ཀྱི་ལུང་ཤུར་ཞིག་གི་ནང་བརྒྱུད་ ནས་ཆུ་ཚོད་གཉིས་ཙལ་ལ་སོང་བ་ན། ས་རུབ་ནས་ཟླ་འོད་མག་མོག་ཅིག་དབེན་འཇགས་ཀྱི་ལུང་སྟོང་དུ་འཕྲོས་ཡོང་། ལུང་ཤུར་འདིའི་ཕུ་ནས་བྱང་ཕྱོགས་སུ་ཡུད་ཙམ་ཕྱིན་པ་ན་མང་རའི་བྱེ་ཐང་ཞེས་པའི་ སྐད་གྲགས་ཅན་གྱི་བྱེ་མའི་འཇིག་རྟེན་དེར་སླེབས་འདུག ད་ནི་བྱང་ཕྱོགས་ཀྱི་མཁའ་དབྱིངས་ན་འོད་འཚེར་རེར་ཡོད་པའི་སྐར་མ་ཨ་བརྟན་ལ་ གདོང་ཕྱོགས་ནས་འགྲོ་རྒྱུ་ལས། མི་ཕྱགས་ཀྱི་འགྲུལ་ལམ་ཕྲ་བོ་དེ་ཡང་ལས་སླ་བོར་བརླགས་སོང་། ནག་ཡོར་ཡོར་གྱི་བྱེ་མའི་དེའུ་འབུར་རེ་རེ་ཕྱི་བརྩེགས་ནང་བརྩེགས་སུ་ཡོད་ལ། གྱེན་དུ་འགྲོ་བའི་སྐབས་གོམ་པ་གང་ཡར་སྤོས་ན་གོམ་པ་གཉིས་ཐུར་དུ་འགྲིལ་ཡོང་བས་ ངེད་གཉིས་ཡུད་ཙམ་ལ་སོང་རྗེས་ངའི་ལུས་ཧྲིལ་བོ་རྔུལ་ཆུས་ཁྱབ་སོང་། སྐབས་དེར་ངའི་ཡིད་ལ་རང་དབང་མེད་པར་རང་གི་ཨ་མ་དྲན་བྱུང་བས། ཨ་ཕ་ལ་ཨུ་ཚུགས་བྱས་ནས་ངོ་མ་དོན་རྐྱེན་ཅི་འདྲ་ཞིག་བྱུང་བ་རེད་ཅེས་ཡང་ཡང་ དྲིས་པས། ཁོང་ཡང་ཐབས་ཟད་ནས་གནས་ཚུལ་ཆ་ཚང་ང་ལ་གསུངས་བྱུང་།
ཕྱི་དྲོ་དེར། ཨ་ཕས་ལུག་ཁྱུ་དེད་ནས་དལ་བུར་ཡུལ་ཕྱོགས་སྙེག་སྐབས། མདུན་ཕྱོགས་ཀྱི་རི་ཟུར་ནས་སྐྱ་མི་ཞིག་བྱ་འཕུར་བ་ལྟར་བརྒྱུགས་ཡོང་ནས་ཁོའི་ རྩར་སླེབས་པ་ན། དེ་ནི་ཨ་ཕའི་གྱོགས་པོ་འབྲུག་འབུམ་རེད། ཁོས་བྲེལ་འཚབ་ངང་མ་ཇག་ང་ཚོའི་ཚོ་བའི་ནང་ལ་སླེབས་ནས་རྒྱུ་ནོར་མང་པོ་ཞིག་ འཕྲོགས་སོང་། ད་དུང་ཁྱོད་ཀྱི་ཆུང་མ་ཡང་་་་་་་་་་་ ་་་། ཁོའི་ཚིག་རྔ་མ་རྫོགས་གོང་ཨ་ཕ་ཧ་ལས་ནས་མཆོངས་ཐེངས་གཅིག་གིས་རྟ་ལ་ལྕག་གིས་ བྲབས་ཏེ་ཡུལ་དུ་ཐོན་པ་ན། ངེད་ཚང་གི་སྦྲ་ནག་དེའི་ཕྱེད་ཀ་མེས་ཚིགས་ནས་གྲོག་མས་ཟོས་ཚར་བའི་འབུ་ནག་གི་ ཤུན་ལྐོགས་དང་མཚུངས་ཤིང་། གཡས་གཡོན་གྱི་ཁྱིམ་མཚེས་དག་གི་ཕྱོགས་ནས་ཀྱང་མི་ལ་སྡུག་སླེབས་པའི་ཉིན་མོ་མ་ གཏོགས་ཐོས་རྒྱུ་དཀོན་པའི་ངུ་སྐད་སྙིང་ལ་འཛེར་བ་མང་པོ་གྲག་ཡོང་། ཁོས་དེ་དག་མཐོང་མ་ཐག་བཟོད་ཐབས་མེད་པའི་ཁོང་ཁྲོ་ཞིག་སྐྱེས་ནས་ང་ཚོའི་ཚོ་བ་ དང་བར་ཐག་ལེ་དབར་ལྔ་ཙམ་ཡོད་པའི་མ་ཇག་གི་དམག་སྒར་དུ་བརྒྱུགས། ཡ་ང་བའི་འཐབ་འཛིང་ཞིག་གི་མཇུག་འབྲས་སུ་མ་ཇག་གི་དམག་མི་སྐོར་ཞིག་ལྔ་བའི་ལམ་ དུ་བརྫངས་མོད། མང་སྣེ་ཉུང་གིས་མ་བརྟན་པར་མཐར་ཨ་ཕ་ཡང་བྲོལ་བྱོལ་དུ་འགྲོ་དགོས་པ་བྱུང་འདུག་ ལ། མ་ཇག་གི་དམག་མི་ཚོས་ཨ་ཕ་གར་འགྲོའི་རྗེས་བསྙེགས་ནས་ཡུད་ཙམ་གྱི་སར་སླེབས། ངས་སྐད་ཆ་དེ་དག་ཐོས་རྗེས་རང་གི་བྱམས་ལྡན་གྱི་ཨ་མའི་ཤི་གསོན་ལ་སེམས་སྡུག་ སྐྱེས་ནས་སྨྱོ་ལ་ཁད་དུ་གྱུར། ཡིན་ན་ཡང་ཨ་ཕའི་སེམས་གསོ་ཕྱིར་སྐྱོ་གདུང་གི་བང་རིམ་མར་འཇགས་ཐབས་བྱས་པ་ཡིན། མཚམས་རེར་མུན་ཁྲོད་ནས་བཀྲེས་ལྟོགས་ཀྱིས་གཟིར་བའི་འཕར་སྤྱང་གི་ངུ་སྐད་སྐྱི་ གཡའ་བ་རེ་ཡང་རྣ་ལམ་དུ་འཛུལ་ཡོང་བས། ང་རང་ཨ་ཕའི་ལག་མགོར་འཇུས་ནས་རང་གི་ཤེས་ཚོད་ཀྱིས་དཀོན་མཆོག་ལ་གསོལ་བ་བཏབ་པ་ ཡིན། བྱེ་ཐང་འདི་ནས་ཉི་མ་ཁ་དཀར་ངོ་དཀར་ལ་སྤྱང་ཀིས་མི་ཟོས་ཚུལ་དང་། ཇག་པས་འགྲུལ་བ་བཅོམ་པའི་ལོ་རྒྱུས་རྟག་ཏུ་ཐོས་རྒྱུ་ཡོད་པས། ཨ་ཕས་ལག་གི་མེ་མདའ་བརྒྱབ་ཆོག་ཆོག་ཏུ་བཟུང་སྟེ་ང་ལ། ཨ་ཕའི་ལག་ཏུ་མེ་མདའ་ཡོད་པས་ཁྱོད་རང་མ་སྐྲགས། ཞེས་བཤད་ན་ཡང་། གལ་སྲིད་སྤྱང་ཚོགས་ཤིག་དང་འཕྲད་པ་ཡིན་ན་མེ་མདའ་གཅིག་གིས་མི་གཉིས་ཀྱི་སྲོག་ མགོ་ཁེབས་རྒྱུ་དེ་མི་དཀའ་འམ། དེ་ལྟར་འཇིགས་སྐྲག་གི་མཚན་མོ་དེ་ཕར་བསྐྱལ་བ་ན། ཤར་ཕྱོགས་ནས་དྲོད་མེད་པའི་ཉོ་འོད་སེར་པོ་ཞིག་ཐལ་མདོག་གི་བྱེ་ཐང་འདིར་འཕྲོས་ ཤིང་། ངེད་གཉིས་ཀྱིས་ཤ་སྐམ་ཅུང་ཟད་རེ་ཟོས་རྗེས་མུ་མཐུད་དུ་ལམ་ལ་ཆས་པ་ཡིན། ཉིན་གུང་དུ་སླེབས་པ་ན། ཉི་མའི་ཚ་དྲོད་གློ་བུར་དུ་ཇེ་ཆེར་གྱུར་ནས་བྱེ་སྒང་གི་ལྡོག་འཕྲོས་ཚ་རླབས་ ཀྱིས་མིག་ཀྱང་འབྱེད་མི་ཐུབ་པར་གྱུར། སྐབས་འདིར་ཤ་སྐམ་གྱི་ནུས་པ་ཐོན་ཏེ་ངའི་ཁ་སྐོམ་ནས་བཟོད་མི་ཐུབ་གྱུར་པས། ཨ་ཕ་ཉེ་འགྲམ་གྱི་བྱེ་མའི་གཤོང་བུ་ཡོད་ཚད་ཀྱི་འགྲམ་དུ་སོང་སྟེ་ཆུ་ཞིག་ཨེ་ རྙེད་ཀྱི་རེ་བ་བྱས་ཀྱང་། དབེན་འཇགས་ཀྱི་བྱེ་ཐང་འདི་ན་ངོ་མ་ཆུ་ཞིག་གི་རྗེས་ཤུལ་ཙམ་ཡང་མི་འདུག། ཨ་ཕ་ཐབས་ཟད་ནས་ཞྭ་མོ་ཕུད་དེ་ངའི་གདོང་ལ་གཡོབ་བྱས་ནས་རླུང་བསིལ་མོ་ཞིག་ལྡང་ པར་རེ་སྒུག་བྱས་ཀྱང་། ཉིན་གུང་གི་ཚ་གདུག་གིས་མཁའ་དབུགས་ཀྱང་ཧ་ཙང་ཚ་དྲོད་དང་ལྡན་པར་བྱས་ནས་དེ་ཡང་ ཕན་ཐོགས་མེད་པར་གྱུར།
སྐབས་དེར་གློ་བུར་དུ་ རྒྱང་རིང་ནས་གཡེར་དྲིལ་གྱི་སྒྲ་དབྱངས་ཤིག་ཤི་སོས་ཀྱི་རོལ་དབྱངས་ཤིག་དང་འདྲ་ བར་ལྷང་ལྷང་དུ་གྲགས་འོངས་ཤིང་། ཡུད་ཙམ་གྱི་རྗེས་སུ་རྔ་མོང་ལ་ཞོན་པའི་མི་སྐོར་ཞིག་ཐལ་མདོག་གི་བྱེ་སྒང་ བརྒྱུད་ནས་ངེད་གཉིས་ཀྱི་ཕྱོགས་སུ་སླེབས་སོང་། ཁོ་ཚོའི་ལྭ་བ་ནི་སྔོན་ཆད་མཐོང་མ་མྱོང་པའི་བཟོ་དབྱིབས་སྣ་ཚོགས་འདུག་ཅིང་། རྔ་མོང་རེ་རེའི་རྒྱབ་ཏུ་ཧ་ལམ་ཚོང་རྫས་ལོས་ཡིན་བསམས་པའི་དོ་བོ་ལྗིད་མདོག་ཆེ་ བ་རེ་བཀལ་འདུག་ཅིང་། མི་འགའ་རེ་དགོ་རྭའི་རྭ་ཅོ་སྤྲས་པའི་མེ་མདའ་ཁུར་ནས་ངེད་གཉིས་ལ་ལྟ་བཞིན་ཧ་མི་ གོ་བའི་སྐད་ཆ་ཞིག་བཤད་བྱུང་། ཨ་ཕས་ཁོ་ཚོར་མཐེ་བོང་བསྟན་ནས་ཆུ་ཞེས་ལན་འགའ་བརྗོད་པ་ན། ཁོ་ཚོའི་ནང་ནས་མི་རྒན་སྨ་ར་ཡོངས་རྫོགས་སེ་བོར་གྱུར་འདུག་ཞིག་གིས་ཟངས་དམར་ གྱིས་བཟོས་པའི་ཁོག་ལྡིར་ཆེན་པོ་ཞིག་གི་ནང་ནས་ཆུ་ཕོར་བ་གང་བླངས་ནས་ཨ་ཕའི་ལག་ ཏུ་བཞག་བྱུང་བས། ངས་ཆུ་དེ་དབུགས་ཐེངས་གཅིག་གིས་བཏུངས་པ་ན་འཆི་མེད་ཀྱི་བདུད་རྩི་ཞིག་མྱངས་པ་ དང་འདྲ་བར་དྲན་པ་ཇེ་གསལ་དུ་སོང་བས། ཨ་ཕས་ཧ་ཅང་དགའ་ནས་ཁོ་ཚོར་བཀའ་དྲིན་ཆེ་ཞེས་བརྗོད་སྐབས། མི་རྒན་དེ་རྔ་མོང་གི་རྒྱབ་ལས་སར་བབས་བྱུང་། མི་རྒན་དེའི་གདོངས་ལ་བྱམས་བརྩེའི་མདངས་ཤིག་ཤར་ནས་བོད་སྐད་ད་མ་དིག་གིས་རྔ་ མོང་ལ་ཞོན་ཟེར་བཞིན་ལག་བརྡ་ཞིག་བྱས་བྱུང་བས། ང་རང་སྔོན་ཆད་རྔ་མོང་གི་རྒྱབ་ཏུ་བཞོན་མྱོང་མེད་སྟབས་དང་པོར་སྐྲག་སྣང་ཞིག་ སྐྱེས་བྱུང་མོད། ཨ་ཕས་ཐེ་ཚོམ་ཅི་ཡང་མི་བྱེད་པར་རྔ་མོང་གི་རྒྱབ་ཏུ་ཞོན་རྗེས་ང་ལ་ལག་པ་བསྲིངས་ བྱུང་བས། ངས་ཀྱང་ལམ་སེང་ལག་པ་ཡར་བསྲེངས་ནས་ཨ་ཕའི་ལག་པར་འཇུས་ཏེ་རྔ་མོང་གི་རྒྱབ་ཏུ་ ཞོན་པ་ཡིན། ང་ཚོ་ལམ་དུ་ཆས་པ་ན། མི་རྒན་མགོ་སེ་དེས་ཨ་ཕས་བཏོན་པའི་སྡུག་སྨོས་ལ་ཉན་རྗེས་སྒྲ་མི་དག་པའི་བོད་ སྐད་ལ་བརྟེན་ནས་མ་ཇག་ཚང་གི་སྡུག་རྩུབ་ཀྱི་སྐོར་རིང་པོ་ཞིག་བཤད་རྗེས། ཁོའི་རོགས་པ་ཞིག་དང་ལྷན་ཏུ་རྔ་མོང་གི་རྒྱབ་ཏུ་ཞོན་ཡོད་པའི་བུ་མོ་ཆུང་ཆུང་ ཞིག་བསྟན་ནས་ཁོ་མོའི་ཕ་མ་ཡང་མ་ཇག་གིས་དམར་གསོད་བཏང་བའི་སྐོར་ལབ་བྱུང་། ང་ཚོ་ལམ་དུ་ཆས་སྐབས་རྒྱབ་རིང་ནས་རླུང་འཚུབ་དྲག་པོ་རེ་བྱེ་རྡུལ་དང་མཉམ་དུ་ ཡོང་སྐབས། རྔ་མོང་རེ་རེ་བཞིན་སུག་བཞི་བསྐུམས་ནས་སར་ཉལ་ཏེ་རླུང་འཚུབ་མ་འཇགས་བར་དུ་ཉལ་ ནས་ཡར་མི་ལང་བ་དེས་ང་ལ་དགོད་ཁ་ཐེངས་འགར་བསླངས་བྱུང་། ཨ་ཕ་དང་ངེད་གཉིས་ཁོ་ཚོར་འགྲོགས་ཏེ་ཉིན་ལྔའི་་རིང་འགྲུལ་བཞུད་བྱས་མཐར། མང་རའི་བྱེ་ཐང་དེ་སྐྱ་ཐག་གེར་ང་ཚོའི་རྒྱབ་ཏུ་ལུས་ཤིང་། ང་ཚོ་རྒྱ་ལྕང་དང་མ་གལ་གྱི་ལྗོན་ཤིང་གི་གསེབ་ཏུ་ཆགས་པའི་གྲོང་ཚོ་ཞིག་ཏུ་ འབྱོར་བྱུར་། ང་ཚོ་གྲོང་ཚོ་དེའི་འགྲམ་གྱི་རང་འཐག་ཁང་དེའི་ནང་དུ་ཞག་འདུག་བྱས་ཤིང་། གྲོང་ཚོ་འདིའི་ཁྱིམ་ཚང་རེ་རེའི་ཁང་བའི་ཡང་ཐོག་ཏུ་ཚོས་གཞི་འདྲ་མིན་གྱི་དར་ ལྕོག་སྣ་ཚོགས་རླུང་གིས་གཡོ་ཞིང་། རི་མགོར་ཟུག་པའི་ལམ་ཕྲན་དེའི་སྟེང་གི་ནག་ཐིག་དེ་ཚོ་ཉེ་སར་སླེབས་པ་ན། ར་ཁྱུ་དང་ལུག་ཁྱུ་དེད་པའི་བྱིས་པ་སྣབས་ལུག་དང་བུད་མེད་རེ་གཉིས་ཀྱིས་དགོད་ སྒྲ་སྒྲོག་བཞིན་ངེད་ཚོར་ཡ་མཚན་པའི་མིག་གིས་ལྟ་ཞིང་། སྨན་ཤར་ཚོའི་རྒྱབ་ཀྱི་སླེ་བོའི་ནང་དུ་རི་སྐྱེས་ཤིང་ཏོག་དང་དྲི་ཞིམ་འཐུལ་ བའི་ཤ་མོ་ཆེན་པོས་ཡོངས་སུ་ཁེངས་འདུག།
བཞི།
དགོང་མོ་དེར། གྲོང་ཚོའི་མཁའ་དབུགས་ཀྱི་ཁྲོད་དུ་རི་སྐྱེས་ཤ་མོ་བརྔོས་པའི་དྲི་ཞིམ་གྱིས་ ཁྱབ་ཅིང་། སྒོ་ཁྱི་རེ་གཉིས་ནམ་མཁའི་སྐར་མར་ཟུག་པའི་སྒྲ་ཡང་རིམ་གྱིས་འཇགས་ནས་ཅུང་མ་ འགོར་བར། གྲོང་ཚོ་ཡོངས་རྫོགས་གློ་བུར་དུ་འུར་ཆིལ་ལེར་གྱུར་ནས། མིའི་སྐད་དང་རྟ་ཕོའི་འཚེར་སྒྲ་་སོགས་ཀྱིས་ལྷིང་འཇགས་ཀྱི་མཚན་ལྗོངས་འདི་ཚལ་ བུར་གཏོར་སོང་། ངེད་ཚོས་ཅི་ཡིན་ཧ་མ་གོ་བར་གྲོང་ཚོའི་མི་ཚོགས་ཀྱི་ཁྲོད་དུ་ཨུ་ཚོགས་ཆེན་པོའི་ ངང་བཙངས་ནས་དོན་རྐྱེན་ཅི་བྱུང་གི་སྐད་ཆ་དྲིས་པ་ན། མུན་ཁྲོད་ནས་མི་ཞིག་གིས་ལྕགས་སྐད་སིང་སིང་གིས་ཅང་མ་འགོར་བའི་སྔོན་ལ་གསེར་ ཆེན་རི་སྒང་ནས་མེ་མདའི་སྐད་ཐེངས་གསུམ་ལ་གྲགས་སོང་། དེ་ནི་ང་ཚོའི་གྲོང་ཚོ་འདིའི་ལྷ་གཡག་ལ་གནོད་འཚེ་གཏོང་མཁན་ཞིག་གི་བྱ་སྤྱོད་ ཡིན་ངེས་ཟེར། སྐབས་དེར་ཡང་མེ་མདའི་སྐད་ཐེངས་འགར་གྲགས་པ་མ་ཟད། མུན་ཁྲོད་ཀྱི་རི་ཁུག་དེ་ནས་རྔོན་པ་འམ་སུ་ཞིག་གིས་ཀི་སྒྲ་སྒྲོག་བཞིན་ངོ་མ་ མི་དེས་བཤད་པའི་ལྷ་གཡག་དེ་དཀྲོག་བཞིན་པ་འདྲ། མི་རྒན་ལ་ལས་ལྷ་གཡག་ལ་རྫི་བོ་ཞིག་མེད་ན་འདི་འདྲ་རེད་ཟེར་བཞིན་སུ་ཞིག་ལ་ལེ་ བདའ་བྱེད། རིམ་གྱིས་མི་དང་ཁྱིའི་འུར་སྒྲ་འཇགས་ཏེ་གྲོང་སྡེ་ཆུང་ངུ་འདི་སླར་ཡང་གཉིད་དུ་ ཡུར་སོང་།
ཞོགས་པར། སེར་གོར་རེར་འཛུམ་པའི་ཉིན་བྱེད་ཀྱི་འོད་སྣང་གྲོང་གསེབ་ཏུ་འཕོས་ཤིང་། གྲོང་འདབས་ཀྱི་ལམ་ཕྲན་སྟེང་དུ་ཆུ་ལེན་བུ་མོ་འགའ་རེས་དགོད་སྒྲ་ལྷང་ལྷང་ངང་ ཕར་འགྲོ་ཚུར་འགྲོ་བྱེད། ཨ་ཕ་དང་ངེད་གཉིས་ལ་བཀའ་དྲིན་ཆེ་བའི་ཚོང་བ་ཚོ་ལམ་ལ་ཆས་གྲབས་བྱེད་ཅིང་། ཨ་ཁུ་སྨ་ར་ཅན་དེས་ངའི་གདོང་ལ་བྱིལ་བྱིལ་ཞིག་བྱས་ནས་ཨ་ཕའི་ཁ་ལོངས། ཁྱོད་རང་གྲྭ་པ་རེད། གཞན་ལ་འཁོན་རྩོད་བྱེད་བྱེད་མི་ཉན་ཟེར། ཁོ་ཚོ་རྔ་མོང་གི་གཡེར་ཁའི་སྒྲ་དབྱངས་ཁྲོད་རྒྱང་རིང་དུ་བཞུད། ཨ་ཕས་ཁོ་ཚོ་མཐོང་ལམ་ནས་ཡལ་རག་བར་དུ་ལག་གཡུག་བྱས། སྡེ་དཔོན་སེམས་བཟང་ཅན་དེས་ངེད་གཉིས་ཁོ་ཚོའི་གྲོང་པའི་ནང་སྡོད་ཆོག་རྒྱུ་ཁས་ བླངས། དྲིན་ལན་པོ་མེད་ན་ཁྲམ་པའི་བྱེད་སྟངས་རང་རེད། ཨ་ཕས་གྲོང་ཚོ་འདིར་ཕན་ཐོགས་པའི་ལས་གང་ཞིག་ཡོད་མེད་དྲིས། སྡེ་དཔོན་གྱིས་ཡུད་ཙམ་ལ་འདང་བརྒྱབ་རྗེས་ཁྱོད་ཕ་བུ་གཉིས་ཀྱིས་གྲོང་ཚོའི་ལྷ་ གཡག་གི་རྫི་བོ་བྱེད་ཐུབ་བམ་ཞེས་དྲིས་སོང་། ཨ་ཕས་ཐེ་ཚོམ་ཅི་ཡང་མེད་པར། ལོས་ཐུབ། ང་ལ་མེ་མདའ་ཞིག་ཀྱང་ཡོད་པས་གཅན་གཟན་གྱི་གནོད་འཚེ་ལ་ཡང་སྐྲག་དགོས་དོན་མེད་ ཟེར།
དེ་ནས་ཉིན་ཤས་ཀྱི་རྗེས་ སུ་ངེད་གཉིས་གྲོང་ཚོ་འདི་དང་རྒྱང་རིང་དུ་ཡོད་པའི་གསེར་ཆེན་རི་འདབས་ཀྱི་ཁང་ ཆུང་ཀ་བཞི་མ་དེའི་ནང་དུ་སྤོར་ནས་ལྷ་གཡག་གི་རྫི་བོ་བྱེད་རྒྱུ་བྱས། ཕྱི་ཉིན་ནས་གྲོང་ཚོའི་མི་རྣམས་ཀྱིས་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་ཆེན་ མགར་སྟོང་བཙན་གྱི་སྤྲུལ་བ་ཡིན་ཟེར་བའི་གཞི་བདག་བློན་པོ་གསེར་ཆེན་ལ་ཕུལ་བའི་ ལྷ་གཡག་གི་རྫི་བོ་བྱས་པ་ཡིན། དང་པོར་ལྗང་མདོག་གི་རི་སྒང་དང་ལྷུང་ལྷུང་གི་བཞུར་ཆུ། སྟུག་པོར་སྐྱེས་པའི་ནགས་ཀླུང་སོགས་ཀྱིས་ཁོ་བོར་སྤྲོ་སྣང་གསར་བ་ཞིག་བྱིན་ ནའང་། རིམ་གྱིས་ལྷ་གཡག་གི་རྫི་བོ་བྱེད་རྒྱུ་དེ་ལས་སླ་བོ་ཞིག་མིན་པ་ཧ་གོ་བྱུང་། ཟླ་ཕྱེད་རེའི་ནང་སྡེ་དཔོན་གྱིས་ངེད་གཉིས་ལ་ཟ་མ་སྐྱེལ་མཁན་གྱི་གསར་བུ་རེ་ མངགས་འོངས་ཤིང་། གསར་བ་རང་མིན་ནའང་རོ་བཅུད་ཆེ་བའི་མར་རྩམ་དང་ཤ་ཚིལ་གང་འདོད་དུ་བཟའ་རྒྱུ་ཡོད་ པས་འཚོ་བར་དཀའ་ལས་མེད་ན་ཡང་། ལྷ་གཡག་ནི་སྔོ་རྩྭ་སྟུག་པོར་སྐྱེས་ཡོད་པའི་རྫ་བྲག་གཡང་གསུམ་བསྙེགས་ནས་འགྲོ་ བས། ཤིང་སྡོང་གི་ཡལ་ག་དང་བྲག་མདུང་རྩུབ་པོ། ཚེར་མ་སོགས་ཀྱིས་ཨ་ཕ་དང་ངེད་གཉིས་ཀྱི་གདོང་ལྤགས་དཔྲལ་ནས་ག་ས་གང་ནས་ཁྲག་ཐོན་ ཞིང་། ལྭ་བ་རལ་ནས་དར་ལྕོག་གི་དུམ་བུ་དང་གཉིས་སུ་མེད་པར་གྱུར། རྣ་བར་ཨི་ཁུང་ཕུག་པའི་ནང་དུ་ཚོས་སྣ་ལྔ་ལྡན་གྱི་དར་དཔྱངས་ཤིང་། རྭ་རྩེ་དངུལ་གྱིས་ཤན་པའི་ལྷ་གཡག་ནི་ནམ་རྒྱུན་རྒྱ་ཡན་དུ་བཏང་ནས་ཡུན་རིང་ འགོར་ཡོད་པས། ཁོ་ཚོ་དགའ་བའི་ས་ཆ་ལས་གཞན་པའི་ས་རུ་རྨིག་བཞི་སྒུལ་ཙམ་ཡང་མི་བྱེད་པར། རྡོ་བ་ཆུང་ངུ་རེ་ཐག་ཉེ་སར་འཕས་ནས་ཕར་འགྲོ་བར་བསྐུལ་ཚེ་རྨིག་བཞིས་ས་གཞིར་ རྡེག་ཅིང་སྣ་ནས་ཧུར་སྒྲ་སྒྲོག་བཞིན་རྔ་མ་གཟེངས་ཏེ་ཚུར་རྒོལ་ཁོ་ན་བྱེད། བྱ་དཀའ་བའི་ལྷ་གཡག་གི་རྫི་བོ་བྱས་ནས་ལོ་ཟླ་འགའ་འདས་ཤིང་། དེའི་རིང་ལ་ལྷ་གཡག་ཚོ་ཡང་རིམ་གྱིས་གཤིས་ཀ་འགྱུར་ནས་ཇེ་གཡུང་དུ་གྱུར་སྟེ་ལན་ རེར་ངེད་གཉིས་འདུག་སའི་ཁང་ཆུང་གི་སྒོ་འགྲམ་དུ་ཡོང་ནས་ཉིན་ཁ་ཤས་ལ་ཕྱིར་རྫ་ མགོར་མི་འགྲོ་བར་ལྕི་བ་ཆེན་པོ་རེ་བཏང་ནས་འདུག།
ལྷ་གཡག་གི་གཤིས་ཀ་འགྱུར་ བ་དང་ལྷན་ཏུ་ང་རང་ཡང་ལྷ་གཡག་ལ་དུང་བ་ཁྱད་པར་བ་ཞིག་སྐྱེས་ནས་ཁོ་ཚོ་མ་མཐོང་ན་ མི་བདེ་བའི་ཚོར་བ་ཞིག་སྐྱེ་བའི་ཚད་དུ་སླེབས། ངས་ཁོ་ཚོར་མིང་སྙན་མོ་རེ་ཡང་བཏགས་པ་སྟེ། ཀྭ་ལང་། ཁྲ་མཛེས། རོག་སྨུག རྭ་འཁྱིལ་ཞེས་བོས་ཚེ་ཁོ་ཚོས་ངའི་ཕྱོགས་སུ་བལྟས་ཏེ་ངུར་རྒྱངས་རེ་བྱས་ནས་ བཀོད་འདོམས་ལ་ཧ་ཅང་ཉན། འོན་ཀྱང་སྐབས་དེར་སྐད་ཆ་མི་སྙན་པ་ཞིག་གྲགས་འོངས་པ་ནི་ཇ་མག་གི་དམག་ལྡོམ་ སྐོར་ཞིག་འདི་ཕྱོགས་སུ་ཡོང་གི་ཡོད་པའི་གནས་ཚུལ་ནི་ཉིན་རེ་ལས་ཉིན་རེར་ཛ་དྲག་ ཏུ་གྱུར་ཅིང་། ཉིན་ཞིག་གི་དགོང་མོ། གློ་བུར་དུ་རི་གཤམ་ནས་མེ་མདའི་སྒྲ་སྙིང་ལ་འཛེར་བ་མང་པོ་ཞིག་འཕྲོ་རིམ་འཕྲོར་ གྲགས་ཤིང་། དེར་མཐུད་ནས་རྟའི་རྨིག་སྒྲ་དང་པོ་ཞིག་ཀྱང་གྲགས་ནས་ཐག་ཉེར་སླེབས་སོང་བས། ཨ་ཕ་དང་ངེད་གཉིས་མྱུར་དུ་ཡར་ལངས་ནས་ཤ་སྐམ་དང་མར་རྩམ། ད་དུང་ཇ་སྐོལ་བྱེད་ཀྱི་ཟངས་དེམ་བཅས་ར་ལྤགས་ཀྱིས་བཟོས་པའི་སྒྱེ་མོ་ཞིག་གི་ ནང་དུ་བླུགས་རྗེས་སྒོར་བུད་དེ་ཁ་ནུབ་ཏུ་གཏད་དེ་བྲོས།
མུན་ཁྲོད་དུ་ལྷ་གཡག་ཚོ་ ནི་ངེད་གཉིས་ཀྱི་ཁང་པའི་ལྷས་འདབས་དེར་ནག་ཡོར་རེར་ཉལ་འདུག་པས། ངས་ཁ་འབྲལ་མི་ཕོད་པའི་ངང་ཕྱོར་འཁོར་ནས་ལྟ་ཞོར་ཨ་ཕ་དང་མཉམ་དུ་ནུབ་ཕྱོགས་ཀྱི་ རི་རྒྱུད་དེ་བརྒལ་གང་ཐུབ་བྱས་པ་ཡིན། ཞག་གང་བོར་སོང་ནས་ཞོགས་པའི་ཉི་གཞོན་གྱི་འོད་སྣང་ས་གཞིར་འཕྲོ་དུས། ངེད་གཉིས་ལམ་སྣེ་ཞིག་ཏུ་སླེབས་འདུག་ལ། དེ་རུ་མི་སྐོར་ཞིག་གིས་མེ་བུས་ནས་ཇ་སྐོལ་བཞིན་འདུག ཁོ་ཚོའི་དཀྱིལ་ནས་དུ་བ་སྔོ་ལོང་ངེ་བ་ཞིག་ག་ལེར་དགུང་དུ་འཕྱུར་ཞིང་། མི་འགའ་རེ་སོ་སོའི་ཁུར་ཙ་ལ་བསྙེས་ནས་ཇ་འཐུང་བཞིན་མིག་མདའ་ངེད་གཉིས་ཀྱི་ལུས་ སྟེང་དུ་འཕེན། ངེད་གཉིས་ཁོ་ཚོའི་འགྲམ་དུ་སོང་ནས་ཁ་བརྡ་བྱས་པ་ན། ཁོ་ཚོ་ནི་འདི་ནས་ཐག་མི་རིང་པའི་སར་ཡོད་པའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོར་སྐོར་ བ་བྱེད་དུ་འགྲོ་མཁན་རེད། དེར་ཨ་ཕས་ང་ལ་ངེད་གཉིས་ཀྱང་གནས་སྐབས་མཚོ་སྐོར་ལ་འགྲོ་རྒྱུ་བྱེད། དེ་རྗེས་ག་ལེར་འཚོ་ཐབས་ཤིག་བྱེད། ཟེར་བས། ངས་ཀྱང་འཐད་པའི་བརྡ་ལ་མགོ་བོ་ནང་དུ་ལྡེམ་ཙམ་བྱས་པ་ཡིན།
དེ་ནས་ངེད་ཚོ་འགྲོགས་ནས་ ཉིན་གསུམ་ལ་ཕྱིན་པ་ན། ཞོགས་པ་ཞིག་ལ་ད་གཟོད་མཚོ་སྔོན་པོའི་ཁ་རུ་སླེབས་ཤིང་། མཚོ་མོ་དེ་ནི་ངོ་མ་གནམ་སྔོན་པོ་ས་རུ་ལྷུང་བ་དང་འདྲ་བར་སྔོ་ཐིང་ངེར་འཁྱིལ་ ཞིང་། གཅིག་རྗེས་གཉིས་མཐུད་དུ་ཡོང་བའི་མཚོ་རླབས་ནི་ཐང་གའི་ཞལ་ཁེབས་ཕྱེ་བ་དང་ མཚུངས་པར་ལྟ་ན་སྡུག་པ་ཞིག་རེད། ཆུ་བྱ་མང་པོས་སྐད་སྙན་སྒྲོག་བཞིན་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་ཅིང་། མདོག་དང་དབྱིབས་སྣ་ཚོགས་ཀྱི་སྒོ་ང་མང་པོ་གྲམ་རྡོ་བཞིན་གང་སར་བརྡལ་འདུག ངེད་ཚོའི་རོགས་པ་ཞིག་གིས་ཉེ་འགྲམ་གྱི་བྲག་རི་དཀར་པོ་ཞིག་བསྟན་ནས་ཕ་གིའི་ བྲག་དེའི་མིང་ལ་འདྲེ་མོ་བྲག་དཀར་ཟེར། མཚོ་མོ་འདི་འཕྱུར་སྐབས་སློབ་དཔོན་རིན་པོ་ཆེས་མཚོ་འདུལ་མཛད་པར་ཡིད་མ་དགའ་བར་ བྲག་རེ་ཞིག་གི་རྩེ་མོ་བཅད་ནས་འཕངས་པ་སློབ་དཔོན་ལ་མ་ཕོག་པར་དེ་རུ་ལུས་པ་རེད་ ཟེར།
ང་ཚོས་མཚོ་སྐོར་བྱས་ནས་ ཉིན་བཅུ་ལྷག་འགོར་བའི་རྗེས་ཀྱི་ཉིན་མོ་ཞིག་ལ། བཤད་མཚམས་འདིར་སྐབས་པ་ན། ངོ་མི་ཤེས་པའི་ཨ་ཁུ་འདིས་དབུགས་རིང་ཞིག་འཐེན་རྗེས་ཡིད་སྐྱོ་བའི་ངང་མུ་མཐུད་ དུ། ཨ་ཕ་དང་ངེད་གཉིས་མཚོ་ཁའི་ཕ་བོང་ཞིག་གི་སྒང་ལ་བསྡད་དེ་ངའི་ཨ་མའི་སྐོར་གྱི་ གླེང་མོལ་ཡིད་སྐྱོ་བ་ཞིག་བྱེད་སྐབས། གློ་བུར་དུ་རླུང་དྲག་པོ་ཞིག་གཡུགས་ནས་མཚོ་རླབས་འཇིགས་སུ་རུང་བ་ཞིག་ངེད་ གཉིས་ཀྱི་སྟེང་དུ་ལྷུང་བྱུང་བས། ཨ་ཕས་མྱུར་དུ་བྲོས་ཞེས་བཤད་མ་ཚར་གོང་མཚོ་རླབས་ཞིག་གིས་ཁོང་བཏུམས་ནས་རྒྱང་ རིང་དུ་ཁྱེར་སོང་བས། ང་ནི་དངངས་སྐྲག་ཆེན་པོས་ཨ་ཕ་ཞེས་འབོད་ཞོར་ཁོང་གི་རྗེས་སུ་ཕར་ཙམ་བརྒལ་ཡང་རང་ ཉིད་ཀྱང་འཆི་བདག་གི་ལག་རིང་ལྟ་བུའི་མཚོ་རླབས་ཀྱིས་འཁྱེར་གྲབས་བྱས་བྱུང་བས། དུ་སྐད་ཀྱིས་གནམ་ས་གཡོ་བཞིན་མི་སྡོད་ཐབས་མེད་དུ་གྱུར། ཅུང་མ་འགོར་བར་རོགས་པ་ཚོ་ཡང་སླེབས་ཤིང་ཁོ་ཚོས་གློ་བུར་བྱུང་བའི་དོན་རྐྱེན་ དེར་སེམས་ཕམ་པའི་རྣམ་འགྱུར་རེ་སྟོན་ཞིན་ང་ལ་སེམས་གསོ་དང་ཁ་ཏ་བྱས་ཤིང་། ལོ་ལོན་རེ་འགས་མིག་ཆུ་ལྷུང་བཞིན་མ་ཎི་འདོན་པ་ཙམ་ལས་བྱེད་ཐབས་གཞན་ཞིག་མ་ རྙེད་པར་ལུས།
དེ་ནས་ང་རང་ནི་ཕ་མ་མེད་ པའི་དྭ་ཕྲུག་ཏུ་གྱུར་སྟབས། ལོ་ལོན་ཚོས་སེམས་ཀྱིས་མ་བཟོད་པར་རང་གི་ཕ་མ་གཉིས་ཀྱི་དགེ་རྩའི་ཆེད་དུ་མཚོ་ སྐོར་གྱི་མཇུག་སྐྱོང་དགོས་ཟེར་ནས་ཉིན་མང་པོའི་རིང་ཁོ་ཚོ་དང་ལྷན་ཏུ་མཚོ་མོ་ འདི་ལ་སྐོར་བ་བྱེད་དུ་བཅུག་བྱུང་། མཚོ་སྐོར་གྲུབ་རྗེས་ང་རང་ཁོ་ཚོའི་རྗེས་སུ་འབྲངས་ནས་སྟོད་ཉི་མ་ལྷ་སར་མཇལ་ སྐོར་དུ་སོང་ཞིང་། ལྷ་སར་འགྲོ་སྐབས་ཀྱི་མཚན་མོ་མང་པོ་ཞིག་ལ་ངས་རང་གི་ཨ་མ་དང་ཨ་ཕ། ད་དུང་ལྷ་གཡག་བཅས་རེས་མོས་ཀྱིས་རྨི་ལམ་དུ་རྨིས་ཤིང་། ཞོགས་པར་གཉིད་ལས་སད་དུས་འཁྱག་སིབ་སིབ་ཀྱི་མིག་ཆུས་ངོ་གདོང་བརླན་འདུག་པས། ལམ་གྲོགས་ཚོས་ཀྱང་བུ་ཆུང་འདི་སྙིང་རྗེ་ཟེར་ནས་བྱམས་སྐྱོང་ཚད་མེད་བྱས་བྱུང་།
ཟླ་བ་བརྒྱད་ཙམ་ལ་སོང་ནས་ ལྷ་སར་སླེབས་ཤིང་། རྡོ་བ་ཤ་སྟག་གིས་བརྩིགས་པའི་ལྷ་ས་བའི་སྡོད་ཁང་མང་པོ་ཇོ་ཁང་གི་གཡས་གཡོན་དུ་ ཆགས་འདུག་ལ། ཕྱོགས་གང་ས་ནས་ཡོང་བའི་མཇལ་སྐོར་བ་མང་པོས་ཇོ་ཁང་དང་པོ་ཏ་ལའི་ས་སྟོང་གར་ཡོད་ དུ་ཕྱག་འཚལ་ཞོར་ཆ་ལུགས་ཅུང་རྫིག་པའི་མི་རེ་མཐོང་ཚེ་མཐེ་བོང་ཀེར་ནས་སློང་མོ་ བྱེད། ཉི་འོད་དྲོས་ཚེ་སྲང་བར་གྱི་གྲུ་ཟུར་ག་ས་ག་ནས་གཅིན་སྐྱག་གི་དྲི་མ་སྐྱུར་བོ་ རེ་སྣ་ལམ་དུ་འཐུལ་ཡོང་། ཐོག་མར་སྐྱུག་མེར་ལངས་ནས་བཟོད་མི་ཐུབ་པ་ཞིག་འདུག་ཀྱང་། ག་ལེར་གོམས་ཚེ་མིག་ལ་གཟན་པ་ཙམ་ལས་སྣ་ལ་མི་བཟོད་པའི་ཚོར་བ་ཆེར་མི་སྟེར།
དབུ་རྩེ་སྤྲིན་རུམ་དུ་ ཟུག་པའི་ཕོ་བྲང་པོ་ཏ་ལ་དང་བསང་དུད་དཀར་པོས་བཏུམས་པའི་ཇོ་བོའི་གཙུག་ལག་ཁང་། ཆོས་ཀྱི་སྒྲ་དབྱངས་ལྷང་ལྷང་དུ་གྲགས་པའི་གདན་ས་ཆེན་པོ་རྣམ་གསུམ་སོགས་རྟེན་ རྩ་ཆེན་ཁག་ལ་མཇལ་རྗེས། ལམ་རོགས་ཀྱི་ཁྲོད་ནས་མི་རྒན་ཚོ་ལྷ་ས་ནས་ཕྱིར་ལོག་སོང་ལ། ཕོ་གཞོན་འགས་གྲོས་སྒོར་མོ་རྔ་འདྲ་ཞིག་བྱས་ནས་རྒྱ་གར་འཕགས་པའི་ཡུལ་དུ་གནས་ སྐོར་དུ་འགྲོ་རྩིས་བྱེད། སྐབས་དེར་ང་ཡང་གཟུགས་སྟོབས་རྒྱས་ཤིང་རྣམ་རིག་གསལ་བའི་གསར་རྒོད་ཅིག་ཏུ་འཚར་ ཡོད་པས། ཁོ་ཚོ་དང་ལྷན་ཏུ་རྒྱ་གར་ལ་འགྲོ་རྩིས་བྱས། ང་ཚོ་ཐོག་མར་ལྷོ་ཁ་དང་བསམ་ཡས་སོགས་སུ་ཕྱིན་ནས་མཇལ་སྐོར་བྱས་ཤིང་། བོད་ཟླ་བཞི་བ་ཞིག་གི་ནང་རྒྱ་གར་གྱི་ཕྱོགས་སུ་ཕྱིན་པ་ཡིན། གནམ་གཤིས་ག་ལེར་ཇེ་དྲོ་རུ་སོང་བ་དང་བསྟུན་ནས་ང་ཚོའི་ལུས་ཀྱི་མདོག་ཀྱང་ཇེ་ དཀར་དུ་ཕྱིན་ཅིང་། རྒྱ་གར་གྱི་ཕྱོགས་སུ་བསྲིངས་པའི་ལམ་ཐག་ཇེ་ཉེ་རུ་སོང་དང་མཉམ་དུ་རྒྱབ་ཀྱི་ རྩམ་ཁུག་གི་ལྗིད་ཚད་ཀྱང་ཡང་ནས་ཡང་དུ་སོང་།
གསེར་མདོག་གི་ལོ་འདབ་གར་ སར་འཕུར་བའི་དུས་ཚིགས་ཤིག་ལ། ང་ཚོ་རྒྱ་གར་གྱི་ཀ་ལོན་སྦུག་ཟེར་བའི་གྲོང་བརྡལ་དུ་སླེབས་སོང་། དེ་རུ་གོས་དཀར་པོ་གྱོན་པའི་རྒྱ་གར་བ་ཧ་ཅང་མང་པོས་ཚིག་གཅིག་ཀྱང་མི་གོ་བའི་ སྐད་ཆ་བཤད་བཞིན་ཚོང་རྫས་ཕར་འཚོང་ཚུར་ཉོའི་བྱ་བས་བྲེལ་ཞིང་། མོ་ཊོར་ཟེར་བའི་ལྩགས་སྒམ་གྲུ་བཞི་འོག་ཏུ་འཁོར་ལོ་ཡོད་པ་ཞིག་གི་ནང་དུ་མི་མང་ པོ་བསྡད་དེ་མིག་རྡེབ་ཙམ་གྱི་ཡུན་ལ་ཐག་རིང་དུ་འགྲོ་བ་སོགས་སྔོན་ཆད་རྣ་བས་ ཐོས་པ་ཙམ་ལས་མིག་གིས་མཐོང་མྱོང་མེད་པའི་ལྟད་མོ་ཡ་མཚན་ཆན་སྣ་ཚོགས་ཀྱིས་ཁེངས་ ཤིང་། བོད་ཀྱི་ཚོང་བ་ཡང་རེ་གཉིས་འདུག་པ་ཚོས་ང་ཚོར་སྣེ་ལེན་བློ་ཡུལ་དུ་མ་ཤར་བ་ལྟ་ བུ་བྱས་ནས་བོད་ནང་གི་སྐད་ཆ་སྣ་ཚོགས་ཆུ་བོའི་རྒྱུན་དང་འདྲ་བར་ཟམ་མི་ཆད་པར་ དྲིས་བྱུང་། ང་ཚོས་ཀྱང་སོ་སོའི་ཕ་ཡུལ་གྱི་གུས་ལུགས་རེ་བྱེད་བཞིན་རང་རང་གིས་ཤེས་ཚོད་ཀྱི་ སྐད་ཆ་དྲང་བཤད་བྱས་པས། ཁོ་ཚོ་ཧ་ཅང་དགའ་ནས་ངའི་རོགས་པ་ཞིག་མི་ཚང་ཞིག་གི་མག་པར་སྡོད་དགོས་ཟེར་ནས་ཨུ་ ཚུགས་བྱས་ཤིང་། རོགས་པ་གཞན་ཞིག་ཚོང་བ་ཆེན་པོ་ཞིག་གི་རོགས་པ་བྱེད་དགོས་ཟེར་ནས་ཉིན་གསུམ་ འགོར་རྗེས་མོ་ཊོར་ཞིག་གི་ནང་དུ་བཞག་ནས་ཁྲིད་སོང་།
ང་ནི་ཕ་ཡུལ་གཅིག་པ་ཡིན་ ཟེར་བའི་མི་དར་མ་གདོང་ཤ་ཅུང་ཟད་སྐམ་ཞིང་ལྭ་རིང་དམར་ནག་གྱོན་པ་ཞིག་གིས་ཁོའི་ ནང་དུ་ཁྲིད་སོང་། ཁོའི་ནང་དུ་སླེབས་པ་ན་ཅ་ལག་ཡོད་ཚད་ཧ་ཅང་སྟབས་བདེ་ཡིན་ལ། ཉལ་ཁྲི་དང་ཅོག་ཙེའི་སྟེང་དུ་བོད་ཡིག་དང་དེ་མིན་མགོ་མི་ཚོས་པའི་ཡིག་འབྲུ་མང་ པོས་ཁེངས་པའི་དེབ་སྣ་ཚོགས་ཀྱིས་ཁེངས་ནས་མཛུབ་མོ་འཛུག་ས་ཡང་མེད་པའི་ཚོད་དུ་ སྣང་། ཁོས་ཐོག་མར་ངའི་ལོ་ཚོད་དང་སློབ་སྦྱོང་གང་ཞིག་བྱས་མིན་གྱི་སྐོར་དྲིས་རྗེས། ངའི་མིང་ལ་དགེ་འདུན་ཆོས་འཕེལ་ཟེར་ལ་ཕ་ཡུལ་རེབ་གོང་ནས་ཡིན། དང་པོར་བླ་བྲང་གི་གྲྭ་པ་ཡིན་ཞིང་རྗེས་མར་ལྷ་སར་སླེབས་ནས་འབྲས་སྤུངས་སུ་ བསྡད་དེ་དཔེ་ཆར་བལྟས་པ་ཡིན། ལོ་འགའི་རྗེས་རྒྱ་གར་གྱི་མཁས་པ་ཞིག་གིས་སྦྱིན་བདག་བྱས་ནས་རྒྱ་གར་དུ་འགྲོ་ བའི་རོགས་པ་བྱས་བྱུང་། རྒྱ་གར་དུ་སླེབས་ནས་རྒྱ་གར་གྱི་ཡུལ་སྐད་ཕྲན་བུ་ཞིག་བསླབས་རྗེས་རི་མོ་སྣ་ ཚོགས་བྲིས་ནས་དངུལ་ཕྲན་བུ་ཞིག་བསགས་ནས་སློབ་ཡོན་དུ་བཏང་སྟེ་སིང་ག་ལའི་ཡུལ་ གྱི་སློབ་གྲྭ་ཆེན་མོ་ཞིག་ཏུ་སོང་ནས་ལེགས་སྦྱར་གྱི་ཡི་གེ་སྦྱངས་པ་ཡིན། དེ་རུ་ལོ་གསུམ་ཙམ་ལ་བསྡད་ནས་ལེགས་སྦྱར་གྱི་ཡི་གེའི་ཐོག་ནས་རྩོམ་ཡིག་འབྲི་ བར་ངལ་བ་མེད་པར་གྱུར་པས། སློབ་གྲྭའི་དགེ་རྒན་དང་སློབ་མ་ཚོས་བོད་མི་ཟེར་བ་འདི་རིག་པ་ཧ་ལས་པའི་ཡག་པོ་ འདུག་ཟེར་ནས་བསྟོད་པ་ཐེངས་མང་བཏང་བྱུང་། སྐབས་དེར་བྲིས་པའི་རྩོམ་ཡིག་སྐོར་ཞིག་ངོ་ཤེས་ཤིག་གིས་ཁྱེར་ནས་བོད་དུ་ཕྱིན་ སོང་། འགའ་རེ་འདི་གའི་གསར་འགྱུར་མེ་ལོང་ཞེས་པའི་ཚགས་ཤོག་གི་ངོས་བཀོད་ཡོད། ཁྱོད་ཀྱིས་ཀྱང་སློབ་སྦྱོང་བྱས་ནས་ང་ཚོ་ཨ་མདོ་བའི་བུ་རྒོད་ཀྱི་ཁྱད་ཆོས་རེ་ སྟོན་དགོས། ཧ་ཧ་ཧ། ཞེས་ཚིག་སྣེ་དགོད་སྒྲས་བསྡུས་རྗེས། སྒོའི་ཕྱི་རུ་སོང་ནས་ཡུད་ཙམ་འགོར་རྗེས་ཤིང་གིས་བཟོས་པའི་ཉལ་ཁྲི་ཞིག་བཀྱགས་ ཡོང་ནས་ཁང་པའི་གྲུ་ཟུར་ཞིག་ཏུ་བཞག་རྗེས་ཁོང་གིས་བེད་སྤྱོད་བཏང་མེད་པའི་རས་ སྔོ་ཁྲ་ལྷེབ་ཙམ་ཞིག་བླངས་ཏེ་དེའི་སྟེང་དུ་བཏིངས་ནས། སང་ཉིན་ནས་བཟུང་ཁྱོད་རང་ཁང་པ་འདིའི་ནང་གི་མགྲོན་པོ་མིན། ང་དང་མཉམ་དུ་སློབ་སྦྱོང་བྱེད་དགོས་ཟེར་བས། ང་ནི་སེམས་འགུལ་ཐེབས་ནས་མིག་གི་ནང་དུ་མཆི་ཞགས་འཁོར་ནས་སྐུ་ཞབས། བཀའ་དྲིན་ཆེ་ཞེས་པ་ཙམ་ལས་གཞན་གྱི་སྐད་ཆ་ཅི་ཡང་ངག་ནས་མ་ཐོན། ཁོང་གི་ཉལ་ཁྲིའི་འགྲམ་དུ་མདོག་ནག་པོ་ཅན་གྱི་ལྩགས་སྒམ་ཞིག་བཞག་ཡོད་པའི་ལྕགས་ ལུང་ནང་དུ་ལྷ་ས་ནས་བཟོས་པའི་བོད་ཟྭ་ཞིག་བརྒྱབ་འདུག་ལ། ལྕགས་སྙུག་ཟད་པོ་མང་པོ་ཞིག་སྨྱུག་མས་བཟོས་པའི་སྣོད་སྙིང་རྗེ་བོ་ཞིག་གི་ནང་ དུ་བླུགས་ནས་རྩི་ཡལ་བའི་ཅོག་ཙེ་དམའ་མོ་དེའི་སྟེང་དུ་བཞག་འདུག ཁང་པའི་སྒོ་འགྲམ་དུ་ཟངས་དམར་གྱིས་བཟོས་པའི་ཐབ་ཀ་དབྱིབས་ལེགས་པ་ཞིག་འདུག་ པའི་ནང་དུ་ས་སྣུམ་ཟེར་བའི་དྲི་མ་མི་ཞིམ་པའི་ཆུ་ལྟ་བུ་ཞིག་བླུགས་ནས་ཇ་སོགས་ བསྐོལ་བ་འདྲ།
དེ་ནས་བཟུང་ང་ལ་གཉེན་ཉེ་ ཟེར་ན་འདྲ་གྲོགས་པོ་ཟེར་ན་འདྲ་ཁོང་ལས་མེད་པར་ཁོང་གི་རྩ་ནས་སྔོན་ཆད་སྦྱངས་ པའི་བོད་ཡིག་གི་ཤེས་ཚད་སྐྱོ་བོའི་སྟེང་དུ་མུ་མཐུད་སུམ་ཅུ་པ་དང་རྟགས་འཇུག་ ཟེར་བ་དང་། ད་དུང་སྙན་ངག་ཟེར་བའི་མགོ་ན་བར་བྱེད་པའི་ཚིག་ཕྲེང་སྒྲིག་སྲོལ་ཞིག་ཀྱང་ བསླབས་བྱུང་། ཐོག་མར་ཧ་ཅང་དཀའ་ངལ་བྱུང་ནས་སེམས་ཤུགས་ཉམས་མོད། ཁོང་གིས་སྐྱོ་ངལ་མེད་པར་ཁོང་གི་སློབ་སྦྱོང་གི་ཞོར་དུ་ང་ལ་ལན་རེར་ཨ་མདོའི་ བུ་རྒོད་འདི་ཚོ་གཞན་དང་མི་འདྲ་བ་ཞིག་འདུག་ཅེས་གཟེངས་བསྟོད་དང་ལན་རེར་ཆུང་ དུས་སློབ་སྦྱོང་མ་བྱས་པར་རྒས་དུས་བོང་བུ་བཞིན་དུ་གཞན་གྱི་བྲན་གཡོག་བྱེད་ དགོས་ཚེ་ཁྱོད་ཀྱིས་བཟོད་ཐུབ་བམ་ཞེས་སྙན་མོ་མིན་ལ་རྩུབ་མོ་ཡང་མིན་པའི་སྐུལ་ ལྕག་བྱས་ནས་ལོ་ངོ་འགའ་འགོར་བའི་རིང་། ངས་ཀྱང་སྡུག་རུས་བྱས་ནས་སློབ་སྦྱོང་ལ་འབད་པས་བོད་ཡིག་གི་སྟེང་ནས་རྩོམ་ཡིག་ འབྲི་བར་ཡང་དཀའ་ངལ་ཆེར་མེད་པ་མ་ཟད། ལེགས་སྦྱར་གྱི་ཡི་གེ་དང་དབྱིན་ཡིག་ཟེར་བའི་ཡི་གེ་སྟབས་བདེ་བོ་ཞིག་ཀྱང་ འཕྲིན་ཡིག་ཙམ་འབྲི་བར་གཞན་ལ་རེ་མི་དགོས་པའི་ཚོད་དུ་སླེབས་པས། ཁོང་གིས་ང་ལ་གངས་ཅན་པའི་བུ་རྒོད་འདི་ཚོ་གཞན་དང་མི་འདྲ་ཞེས་ངས་སྔོན་ཆད་ཕྱི་ རྒྱལ་གྱི་མཁས་པ་མང་པོར་བཤད་མྱོང་བ་ནོར་མི་འདུག་ཅེས་ཐུགས་དགྱེས་པའི་བསྔགས་ བརྗོད་ཀྱང་ལན་མང་བྱས་མྱོང་།
སྐབས་དེར་ཁོང་གི་རྩ་རུ་རྟག་པར་ཡོང་བའི་མགྲོན་པོ་གལ་ཆེན་ཞིག་ཡོད་པ་ནི་མཚན་ལ་ བྷ་བུ་མཐར་ཕྱིན་ལགས་ཟེར་བའི་མཁས་ཞིག་ཡིན་ལ། ཁོང་བོད་མི་མིན་ནའང་བོད་སྐད་ཆུ་བཞུར་བ་ལྟ་བུ་བཤད་ཐུབ་ལ། ཁོང་གིས་རྩོམ་སྒྲིག་བྱས་པའི་བོད་ཡིག་ཚགས་ཤིག་གསར་འགྱུར་མེ་ལོང་ཞེས་པ་དེ་ འཛམ་གླིང་སྟེང་གི་བོད་ཡིག་གི་གསར་འགྱུར་དང་པོ་དེ་རེད་འདུག་ལ། གསར་འགྱུར་དེ་པར་ཐེངས་རེ་རེར་འཛམ་གླིང་གི་བོད་ཀྱི་རིག་གནས་ལ་དོ་སྣང་ཅན་གྱི་ མཁས་པ་མང་པོའི་ལག་ཏུ་གཏོང་གི་ཡོད་ཅེས་དགེ་ཆོས་དང་བྷ་བུ་མཐར་ཕྱིན་ལགས་གཉིས་ ཀྱིས་ང་ལ་གསུངས་བྱུང་།
ངའི་དགེ་རྒན་དགེ་ཆོས་ལགས་ ཀྱིས་རྟག་ཏུ་སྙན་ངག་གྱེར་འདོན་གནང་བཞིན་མཚམས་རེར་བཞད་མོ་བཞད་ཅིང་། ལན་རེར། གཞོན་དུས་དགོས་པའི་ཆུང་མ་ངས་མ་བླངས། རྒས་དུས་དགོས་པའི་ནོར་རྫས་ངས་མ་བསགས། སྤྲང་བོའི་མི་ཚེ་ལྕགས་སྨྱུག་ལྷན་ཅིག་ཏུ། ཟད་པའི་ངང་ཚུལ་བསམས་ན་ཡོད་རེ་སྐྱོ། ཞེས་པའི་སྙན་ངག་སྐྱོར་བཞིན་སྤྱན་ཆབ་ཀྱི་ཕྲེང་བས་ཞལ་རས་བརླན་ནས་ཡུན་རིང་ལ་ གསུང་ཡང་འབྱོན་རྒྱུ་མེད་པར་ལུས་འགྲོ་པ་ཐེངས་མང་མཐོང་།
ཁོང་གིས་རང་ཉིད་ཀྱིས་ རྒྱལ་ཁམས་འགྲིམ་སྐབས་ཀྱི་ཚོར་སྣང་སྣ་ཚོགས་ལ་གཞི་བྱས་ནས་རྩོམ་དེབ་མཐུག་པོ་ ཞིག་བྲིས་འདུག་པའི་མཚན་བྱང་འབྲི་སྐབས་བོད་ནང་གི་མཁས་པ་ཚོས་འཕྱ་སྨོད་མི་ བྱེད་པ་ཞིག་དགོས་གསུངས་ནས། འདི་འདྲ་ཞིག་བཏགས་ན་ཨེ་འགྲིག་གམ། དེ་འདྲ་ཞིག་བཏགས་ན་ཨེ་ལེགས་སམ་ཞེས་ཡང་དང་ཡང་དུ་ཐུགས་གཞིགས་གནང་བ་སོགས། ཁོང་གི་བརྩམས་ཆོས་གང་ཞིག་ཡིན་ནའང་འདིའི་དོན་རེ་བོད་ཕྲུག་རྣམ་དཔྱོད་ཅན་ཚོས་ གོ་རྒྱུ་ན་གངས་ཅན་པ་འདི་གཞན་གྱི་བྲན་གཡོག་ཏུ་མི་འགྱུར་བའི་ཞལ་བཞེས་རྒྱན་ དྲུག་མཆོག་གཉིས་ཀྱིས་ཀྱང་གནང་ཐུབ་ཅེས་གསུངས་ནས་ཐུགས་རེ་ཆེན་པོ་གནང་བཞིན་ འདུག
དེ་ལྟ་བུའི་དུས་བཟང་རྙེད་པར་དཀའ་བ་དེ་ཡུན་རིང་མ་སོང་བར་རྫོགས་པའི་དུས་ལ་ སླེབས། ཉིན་ཞིག་དགེ་ཆོས་ལགས་ཕྱི་ལོགས་སུ་ཕེབས་ནས་ཡུན་རིང་ཞིག་འགོར་ཏེ་ཚུར་ཕེབས་མ་ ཐག་དེ་རིང་ང་ཡི་གེ་ཞིག་འབྱོར་བྱུང་། དེའི་ནང་ང་རང་མྱུར་དུ་བོད་ལ་ལོག་ནས་ལྷ་སའི་སྐུ་དྲག་གི་ཕྲུ་གུ་མང་པོ་ཞིག་ལ་ ལེགས་སྦྱར་དང་དབྱིན་ཡིག་འཁྲིད་དགོས་ཞེས་བྲིས་འདུག་ཅེས་གསུངས་བྱུང་བས། ང་ནི་རེ་ཞིག་དགུན་གྱི་ཁུ་བྱུག་དང་འདྲ་བར་སྨྲ་བ་གཞན་ཅི་ཡང་མེད་པར་བསྡད་མཐར། དགེ་ཆོས་ལགས། འོ་ན་ང་ཡང་བོད་དུ་སོང་ན། ཞེས་དྲིས་པ་ན། ཁོང་གིས་བཞད་མོ་ཞིག་བཞད་ནས། ཁྱོད་རང་བོད་དུ་ལོག་རྩིས་རེ་ཞིག་མ་བྱེད། ངས་ཕྱི་རྒྱལ་གྱི་མཁས་པ་ངོ་ཞེས་པ་ཞིག་ལ་བཤད་ནས་ཁྱེད་རང་ཕྱི་རྒྱལ་གྱི་སློབ་ གྲྭ་ཞིག་ཏུ་མངག་རྒྱུའི་ཁས་ལེན་བྱས་བྱུང་།
དེར་སོང་ནས་རང་གི་ནུས་ ཚོད་ཀྱིས་ཕྱི་རྒྱལ་བ་ཚོར་བོད་ཡིག་ཡག་པོ་ཞིག་སློབས། རྗེས་མར་རང་གི་མི་རིགས་འདི་དཀའ་ས་སྡུ་ས་ཞིག་ཏུ་ལྷུང་དུས་སྐྲ་སེར་མིག་ལྗང་ འདི་ཚོར་རེ་བ་རྒྱག་རྒྱུ་ཡང་ང་ཚོའི་སྟེང་དུ་སླེབ་ཡོང་། ཞེས་གསུངས་བྱུང་བས། ང་ནི་ཕྱི་རྒྱལ་གྱི་སློབ་གྲྭ་འགྲིམས་ནས་ཤེས་ཡིན་སྦྱོང་རྒྱུ་དེར་དགའ་སྤྲོ་ སྐྱེས་པ་དང་མཉམ་དུ་རང་གི་བཀའ་དྲིན་གཞལ་ཐབས་མེད་པའི་སློབ་དཔོན་འདི་དང་མི་ རིང་བར་ཁ་འབྲལ་དགོས་པའི་ཚུལ་ལ་བསམས་ནས་རང་དབང་མེད་པར་མིག་ནང་དུ་མཆི་མ་འཁོར་ བྱུང་། ཁོང་གིས་ཚུལ་དེ་མཐོང་ནས་ངའི་ཕྲག་སྟེང་དུ་ཕྱག་གིས་བྱིལ་བྱིལ་ཞིག་བྱས་ནས། གངས་ཅན་པའི་བུ་རྒོད་ཅིག་ཡིན་ན་མ་འོངས་པའི་ཆེད་དུ་དཀའ་ངལ་ལ་གདོང་ལེན་ཐུབ་པ་ ཞིག་དགོས། ཡ་ཆུ་ཚོད་མང་པོ་མི་འདུག། ངེད་དགེ་སློབ་གཉིས་ཁྲོམ་དུ་སོང་ནས་ཟ་མ་ཞིག་བཟའ་ཞེས་གསུངས་བྱུང་བས། ངས་ཁོང་གི་རྗེས་སུ་འབྲངས་ནས་ཀ་ལོན་སྦུག་བོད་ཀྱི་ཟ་ཁང་ཟེར་བའི་ཟ་ཁང་སྟབས་ བདེ་ཞིག་གི་ནང་དུ་སོང་བ་ན། དེ་རུ་བྷ་བུ་མཐར་ཕྱིན་ལགས་སོགས་དགེ་ཆོས་ལགས་ཀྱི་གྲོགས་པོ་འགས་བསྒུགས་འདུག། ངེད་ཚོས་བོད་ཟས་སྣེ་འཛོམས་ཤིག་ལོངས་སུ་སྤྱོད་བཞིན་དགེ་ཆོས་ལགས་བོད་ནང་དུ་ ཕེབས་རྗེས་གནས་ཚུལ་ག་འདྲ་ཞིག་དང་འཕྲད་མིན་ཀྱི་སྐོར་ཁོ་ན་གླེང་བ་ཡིན། ཁོང་གིས་བོད་ཕྲུག་ཚོར་དབྱིན་ཡིག་སོགས་རིག་གནས་ཀྱིས་ཕན་ཐོགས་ཤིག་བྱུང་ན་གནས་ ཚུལ་གང་འདྲ་ཞིག་དང་འཕྲད་ཀྱང་སྐྱོན་མེད་ཅེས་གསུངས་ཤིང་། ད་དུང་ཉམ་ཆུང་གི་ཁྲོད་དུ་མི་ཚེ་བསྐྱལ་བའི་ཁོ་བོར་ཟ་འོག་སྟེང་གི་མི་ཆེན་ངོ་ ཤེས་འགའ་ཡང་ཡོད་པས། ཁོ་ཚོས་ཀྱང་རོགས་པ་རེ་ལོས་བྱེད་ཅེས་གསུངས་བྱུང་། ཕྱི་ཉིན་དེའི་ཞོགས་པར། དགེ་ཆོས་ལགས་ཧ་ཅང་སྟབས་བདེ་བའི་ཁོང་གི་འཚོ་བ་དང་འདྲ་བར་ཁུ་སིམ་ངང་ལྕགས་སྒམ་ ནག་པོ་དེ་དྲེལ་ཞིག་ལ་བཀའ་རྗེས་ཆར་གདུགས་ནག་པོ་ཞིག་ནམ་རྒྱུན་ཕྱི་རུ་ཕེབས་ སྐབས་སྣོམ་པ་དེ་ཕྱག་ཏུ་བསྣབས་ནས་གངས་ལྗོངས་ཀྱི་ཕྱོགས་སུ་འཐེན་པའི་རྐང་ལམ་ ཕྲ་མོ་དེ་བརྒྱུད་ནས་ཕེབས་ཁར་ང་ལ། སང་ཉིན་ཕྱི་རྒྱལ་བ་དེ་ཁྱོད་ཀྱི་སར་ཡོང་ངེས་ཡིན། ཕྱི་རྒྱལ་དུ་སླེབས་ནས་ཡི་གེ་རེ་བྷ་བུ་མཐར་ཕྱིན་ལགས་སྐུར་དང་ཁོང་གིས་ང་ལ་ འཕྲོད་ཐུབ། གངས་ཅན་པའི་བུ་རྒོད་ཅིག་ཡིན་ན་མ་འོངས་པའོ་དོན་དུ་དཀལ་ངལ་ལ་གདོང་ལེན་ཐུབ་ དགོས། ཕེབས་སོང་། ཁོང་གིས་གངས་ཅན་པའི་བུ་ཕྲུག་ཚོའི་རྨོངས་མུན་བསལ་ཕྱིར་རང་ཉིད་བློས་བཏང་ནས་ ཕེབས་སོང་། ཕེབས་སོང་། ཁོང་ཉིད་གངས་ཅན་པའི་མ་འོངས་པའི་མདུན་ལྗོངས་ཀྱི་ཚོན་རིས་ལ་སྐྱ་ཐིག་འཐེན་པའི་ ཆེད་དུ་ཕེབས་སོང་། ངོ་མ་ཕྱི་ཉི་ན་ཕྱི་གླིང་བ་སྐྲ་སེར་མིག་ལྗང་ཞིག་གིས་བོད་སྐད་རྒྱག་བཞིན་ངའི་ སྡོད་སར་སླེབས་བྱུང་། ངས་དགེ་ཆོས་ཀྱི་ཕྱག་བྲིས་དེ་ཁོ་ལ་བསྟན་པ་ན། ཁོས་ཐེངས་ཤིག་བལྟས་རྗེས་ཨོ་ཁེ་ཟེར་བཞིན་ངའི་ཅ་ལག་གི་ཁྲོད་ནས་བེད་སྤྱོད་ཡོད་ པ་འགའ་བསྟན་ནས་ལམ་ཆས་གྲ་སྒྲིག་བྱོས་ཤིག་ཟེར།
ཤུ་་་་་་་་ཁོང་གིས་དབུགས་རིང་ཞིག་འཐེན་རྗེས་གདོང་གི་མིག་ཤེལ་ཡར་འདེད་ཙམ་བྱས་ཏེ།
དེ་ནས་ཉིན་འགའི་རྗེས་སུ་ ཕྱི་གླིང་བ་དེ་དང་འགྲོགས་ནས་ཨ་མེ་རི་ཀ་ཟེར་བའི་རྒྱལ་ཁབ་ཅིག་ཏུ་སོང་ནས་ དབྱིན་ཡིག་སློབ་ཞོར་དུ་ཕྱི་གླིང་བའི་ཕྲུ་གུ་དང་མི་དར་མ་མང་པོ་ཞིག་ལ་བོད་ ཡིག་ཁྲིད་པ་ཡིན། ཁོ་ཚོས་དང་པོར་ངའི་གདོང་མདོག་དང་ཁ་སྣའི་དབྱིབས་ལ་བལྟས་ནས་སྔོན་ཆད་མཐོང་མ་ མྱོང་བའི་ལྟད་མོ་ཞིག་ལ་རོལ་བ་དང་འདྲ་བར་ངའི་མཐའ་བསྐོར་ནས་ཡ་མཚན་པའི་མིག་ སེར་པོ་དང་ལྗང་ཁུ་དེ་ཚོ་བགྲད་དེ་ཡ་མཚན་པའི་རྣམ་འགྱུར་མང་པོ་ཞིག་བསྟན་ནས་ སྡོད་མི་བཟོད་པ་ཙམ་བྱས་མོད། རིམ་གྱི་འདྲིས་ནས་ང་ནི་བྱམས་བརྩེ་དང་ཡིད་ཆེས་ཀྱི་ཁུག་མ་ལྟ་བུ་ཞིག་ཏུ་ངོས་ འཛིན་བྱས་ནས་གུས་བཀུར་བྱེད་མཁན་ཡང་མང་པོ་ཞིག་བྱུང་།
ཕྱི་རྒྱལ་ནས་བྷ་བུ་མཐར་ ཕྱིན་ལགས་བརྒྱུད་དེ་དགེ་ཆོས་ལགས་ལ་ཡི་གེ་ཐེངས་འགའ་ཕུལ་བས། ཁོང་གིས་ཀྱང་སློབ་སྦྱོང་ལ་འབད་པ་བྱེད་དགོས་པའི་སྐོར་གྱི་ཕྱག་བྲིས་འགའ་བྷ་ བུ་ལགས་བརྒྱུད་ནས་གནང་བྱུང་། སྐབས་རེར་ཁོང་གི་ཕྱག་བྲིས་ཀྱི་ནང་དུ་ལྷ་སའི་སྐུ་དྲག་ཚོ་འདོད་ཡོན་ལ་ཆགས་ནས་ རང་གི་བུ་ཕྲུག་ཚོར་སློབ་སྦྱོང་གི་གོ་སྐབས་མི་སྤྲོད་པའི་སྐོར་དང་། བོད་ཕྲུག་ཚོར་ཕན་ཐོགས་ཆེན་པོ་ཞིག་འབྱུང་དཀའ་མོད། རང་གི་ཤ་ཁྲག་རུས་གསུམ་འཐིམ་ས་བོད་ཡུལ་དུ་བྱེད་རྒྱུ་ཡིན་ཚུལ་སོགས་ཐེ་ཚོམ་ཅན་ གྱི་གསུང་དུམ་བུ་རེ་ཡང་འདུག
ལོ་ཟླ་ནི་ཆུ་ཡི་གཉེར་མ་དང་འདྲ་བར་གཅིག་རྗེས་གཅིག་གིས་དེད། ང་རང་ཨ་མེ་རི་ཀར་ཕྱིན་ནས་ལོ་བཞི་འགོར་གྲབས་ཡོད་པའི་ཉིན་མོ་ཞིག བྷ་བུ་མཐར་ཕྱིན་ལགས་ཀྱིས་ང་ལ་ཡི་གེ་ཞིག་བཏང་འདུག་པའི་ནང་དུ་ཆེས་མི་སྙན་པའི་ གནས་ཚུལ་ཞིག་བྲིས་འདུག་པ་སྟེ། དགེ་ཆོས་ལགས་ལྷ་སའི་བཙོན་ཁང་དུ་བཅུག་ནས་ཡུན་རིང་འགོར་རྗེས་ཕྱི་རུ་ཕེབས་ འདུག་ཀྱང་། བཙོན་ཁང་ནང་གི་གྲིབ་དང་ཐུགས་ཕམ་བྱུང་བས་རྐྱེན་བྱས་ནས་ཐུགས་དྲན་མི་གསལ་བར་ གྱུར་ཅིང་། གྲུབ་ཆེན་གྱི་མཛད་སྤྱོད་དང་འདྲ་བ་བསྟན་ནས་ཟླ་བ་འགའ་འདས་རྗེས་སྙུང་གཞི་དྲག་ པོ་ཞིག་བཞེས་ཏེ་ཞིང་གཞན་དུ་དགོངས་པ་གཏད་འདུག ང་རང་ངུ་བསམས་ཀྱང་མིག་ཆུ་མི་འདུག་ལ། སེམས་ཁོང་གི་སྡུག་བསྔལ་ནི་ནམ་ཡང་བསྲུབ་ཐབས་བྲལ་བའི་རྨ་ཁ་ཆེན་པོ་ཞིག་ཏུ་ གྱུར། ཡིན་ན་ཡང་དགེ་ཆོས་ལགས་ཀྱི་ཞལ་གསུང་སྙིང་ལ་བཟུང་ནས་རང་གི་ཤེས་ཡོན་གྱི་ཆུ་ཚད་ ཡར་རྒྱས་སུ་བཏང་བས། ལོ་འགའི་རྗེས་སུ་རང་གིས་དབྱིན་ཡིག་གིས་བྲིས་པའི་ཆེད་རྩོམ་གངས་ལྗོངས་ཀྱི་བླ་ སྲོག་ཅེས་པར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཞིག་གི་སྟེང་དུ་བྱ་དགའ་ཐོབ་ བྱུང་ལ། རྒྱལ་ཁབ་མང་པོ་ནས་གདན་ཞུའི་ཡི་གེ་འབྱོར་ཏེ་བོད་རིག་པའི་མཁས་ཚོགས་འགའི་འགོ་ འཛིན་ཡང་བྱེད་དགོས་བྱུང་། དུས་ཀྱི་ཕྲེང་བ་རིམ་གྱིས་འདས་ཀྱང་རང་གི་ཕ་ཡུལ་དང་གཉེན་ཉེ་ནི་ནམ་ཡང་བརྗེད་ ཐབས་མེད་པར་སེམས་ཀྱི་དཀྱིལ་ནས་དྲན་གདུང་གི་མེ་ལྕེ་འབར་བས། ད་ལོ་རང་གི་ཕ་ཡུལ་ལ་ལྟ་སྐོར་ཐེངས་ཤིག་བྱེད་དུ་ཡོང་བའི་ཞོར་ལ། རང་གི་ཕ་དྲིན་ཆེན་དེ་འཇིག་རྟེན་ཕྱི་མར་ཕེབས་དུས་ཀྱི་ལོ་ཟླར་ཕྱིར་དྲན་ཞིག་ བྱེད་པའི་ཆེད་དུ་འདི་རུ་འོངས་ནས་ཞག་འགའ་བསྡད་པ་ཡིན། ཁོང་གིས་ཡིད་སྐྱོ་བའི་སྒྲུང་འདི་བཤད་ནས་མཇུག་རྫོགས་ཡོད་མེད་ད་དུང་མི་ཤེས་ ཀྱང་། མུན་པ་ནག་པོ་ཞིག་གིས་ས་གཞི་གཡོགས་ཏེ་ཤར་ཕྱོགས་ཀྱི་མཁའ་མཐའ་ནས་རྒྱུ་སྐར་འགའ་ འོད་འཚེར་རེར་མངོན་བྱུང་བས། ངས་འཁྲེང་བའི་ཕྱི་མིག་ལྟ་ཞོར་ཨ་ཁུ་འདི་དང་ཁ་གྱེས་ནས་ཨ་ཕ་ཡོད་སར་ཐོན་པ་ན། ཁོང་གིས་ཐུག་པ་ཞིག་བསྐོལ་ཟིན་ནས་ང་ལ་བསྒུགས་འདུག།

0 བསམ་ཚུལ་འདོན་པ།:

Post a Comment