ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Wednesday 14 December 2011

---དགོང་དྲོའི་བརྙན་འཕྲིན་ལས་མཛེས་མ་གཅེར་བུ་ཚོས་རྒྱན་གོས་འགྲེམ་སྟོན་བྱེད་པ་ཞིག་ལ་རོལ་རྗེས།
གློག་འོད་ཆེམ་ཆེམ་ནམ་མཁའི་སྐར་ཚོགས་འདྲ། །
ཐལ་མོ་རྡེབ་སྒྲ་འབྲུག་སྟོང་ལྡིར་བ་བཞིན།
མི་སེམས་གཡོ་བའི་རོལ་དབྱངས་དལ་བུར་དཀྲོལ། །
ད་ནི་མཛེས་མ་ཁྱེད་ཅག་བྱོན་རེ་རན། །
རྨི་ལམ་ཅི་བཞིན་སྒྱུ་མའི་ལྟད་མོ་བཞིན། །
རིན་ཆེན་རྒྱན་ཆའི་འོད་ཀྱི་ཀློང་ཞིག་ནས། །
འདོད་པའི་མཆོད་སྡོང་གཅིག་ལ་གཅིག་འགྲན་པའི། །
ངོ་མཚར་མཛེས་མའི་ཁྱུ་ཞིག་དལ་བུར་མངོན། །
གསེར་མདོག་སྐྲ་ལོ་མེ་ལྕེ་འབར་བའི་ཟོལ། །
རི་དྭགས་མིག་ལས་འདོད་པའི་འོད་རབ་འཕྲོ། །
ཞིམ་པའི་མཆུ་སྒྲོས་དམར་ཞིང་སྣུམ་པའི་དབུས། །
འཛུམ་པའི་སོ་ཕྲེང་སྙིང་ཤ་གཏུབ་པའི་མཚོན། །


རབ་ཡངས་བྲང་གི་དབུས་ན་མངོན་འབུར་ཞིང་། །
ལྷུག་ལྷུག་གཡོ་བའི་འདོད་པའི་མྱོས་བུམ་ཟུང་། །
ཆགས་ལྡན་གསོད་པའི་འབར་རྫས་དང་པོ་སྟེ། །
དེ་ལས་སེན་རྗེས་དམར་པོའི་འོད་ཀྱང་འཕྲོ། །
དུང་གི་ཀ་བ་ཆ་གཅིག་བསླངས་འདྲ་བའི། །
མཁྲང་ཟླུམ་བརླ་ཡི་འཁྲི་ཤིང་རྒྱས་པའི་དབུས། །
འཁོར་འདས་བདེ་དགའི་རེག་བྱ་འཁྱིལ་བ་ཡི། །
དྲོད་འབར་བྷ་ག་མངོན་ཙམ་སྒྲིབ་ཙམ་བྱེད། །
འདོད་པའི་ཁམས་ཀྱི་འདོད་ཡོན་གཅིག་བསྡུས་པའི། །
ངོ་མཚར་མཛེས་མའི་ཚོགས་ཀྱི་རྐང་སྟབས་ལས། །
སྟོན་པ་དེས་ཀྱང་ཐིག་ལེ་མཆོག་མ་ཡི། །
མྱོས་བུམ་ཕུར་པའི་གསང་བ་དེ་རིང་རྙེད། །
འདོད་ཡོན་སྦྲང་རྩིས་བྱུགས་པའི་ལུས་པོ་འདི། །
རིན་ཆེན་རྒྱན་གྱིས་སྤུད་པའི་སྒྱུ་འཕྲུལ་འདིས། །
ངུར་སྨྲིག་འཆང་བ་གྲངས་མེད་ངང་པ་བཞིན། །
འདོད་པའི་པད་མཚོར་ལྕེབས་པར་ཁག་མི་འདུག །
སྔོན་ཚེ་གནས་བརྟན་ཆེན་པོ་ར་ཧུལ་ཡང་། །
མཛེས་མའི་མྱོས་བུམ་མཐོང་བའི་སྐད་ཅིག་མར། །
ངུར་སྨྲིག་གོས་དང་ཚུལ་ཁྲིམས་ལྷན་ཅིག་ཏུ། །
འདོད་པའི་མེ་ནང་བསྲེགས་པའི་གཏམ་རྒྱུད་དྲན། །

ཇི་སྲིད་མི་ནི་བུད་མེད་གཞོན་ནུའི་ལུས། །
སྲེད་པའི་ཚོར་བ་རྡུལ་ཙམ་ལུས་པ་ན། །
ཕྲུ་གུ་འོ་འཐུང་མ་ལ་ཅི་བཞིན་དུ། །
སྲེད་པ་ཕྱི་ཕྱིར་འཕེལ་བའི་གསུང་དེ་དྲན། །
རང་གི་མཛའ་མོའི་ལུས་ཀྱི་མཛེས་པ་ཡང་། །
མི་ཚེ་གང་བོར་མ་མཐོང་བོད་པ་ཚོས། །
དམྱལ་བའི་མེ་ནང་མཆོངས་ཏེ་ལྟ་དགོས་པའི། །
ངོ་མཚར་མཛེས་མའི་ལྟད་མོ་དེ་རིང་མཐོང་། །
གཅེར་གཟུགས་མཛེས་མའི་ཚོགས་ཀྱི་མྱོས་བུམ་ངོར། །
བྲིས་པའི་ཆགས་ལྡན་གསོད་པའི་སྙན་ངག་འདིར། །
དགེ་རྩ་གང་མཆིས་ཟོག་རྫུའི་འགྲོ་བ་ཀུན། །
ཡབ་ཡུམ་གཅེར་བུའི་གོ་འཕང་འཐོབ་ཕྱིར་བསྔོ། །

0 བསམ་ཚུལ་འདོན་པ།:

Post a Comment