ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Thursday 26 January 2012


ད་ང་ཉོག་ཐལ།

གནམ་སྔོན་པོ་ཚད་དུ་བཙུགས་ནས་ཅིག་ཨེ་ཕྲིས་བལྟས་ཀྱང་།
ཀ་ཁ་སུམ་ཅུས་ཁ་མི་བསྲེས་ཀི
ད་ང་ཉོག་ཐལ།
ས་དོག་མོ་དཔང་དུ་བཞག་ནས་ཅིག་ཨེ་ཕྲིས་བསམས་ཀྱང་།
དབྱངས་ཡིག་བཞི་བོས་ངོ་མི་སྟོན་གི
རྩོམ་ཡིག་འཇག་སྐྱ་འཕྱུར་འཕྱུར་བྱེད་པའི་འཇིག་རྟེན་འདི་ནས།
དཔེ་དེབ་ཁང་སྐྱ་འབབ་འབབ་བྱེད་པའི་མི་ཡུལ་འདི་ནས།
ཅིག་འབྲི་བསམས་ཀྱང་འབྲི་མ་ཐུབ་ཐལ།

མིག་རིལ་གཉིས་པོ་ཞར་མེད་ཀྱང་།
ལག་པ་གཉིས་པོ་ཞ་མེད་ཀྱང་།
ཅིག་འབྲི་བསམས་པ་དེ་འབྲི་མ་ཐུབ་ཐལ།
སྟོད་ནས་གངས་རི་ཞུ་གིན་འདུག་ཀྱང་།
སྨད་ནས་སྦྲ་ནག་འགྱེལ་གིན་འདུག་ཀྱང་།
བར་ནས་མི་རིགས་ཚར་གིན་འདུག་ཀྱང་།
ཅིག་འབྲི་བསམས་པ་དེ་འབྲི་མ་ཐུབ་ཐལ།
པོ་ཏ་ལ་འགྱེལ་མ་ལངས་རེད་མོད།
རྨ་འབྲི་གན་སྐམ་ལ་ཁད་རེད་མོད།
གཏེར་རི་ཚོ་རྡིབ་ལ་ཁད་རེད་མོད།
ཅིག་འབྲི་བསམས་པ་དེ་འབྲི་མ་ཐུབ་ཐལ།
རང་ཡུལ་ནས་རང་ཚུགས་ཟིན་མཁན་ཇེ་ཉུང་རེད་མོད།
མི་ཡུལ་ལ་གཤར་ནས་འགྲོ་མཁན་ཇེ་མང་རེད་མོད།
བར་དེ་ནས་ར་མ་ལུག་ཆགས་མཁན་ཇེ་ཐུ་རེད་མོད།
ཅིག་འབྲི་བསམས་པ་དེ་འབྲི་མ་ཐུབ་ཐལ།
བོད་ཡིག་མི་སྦྱོང་མཁན་ཇེ་མང་རེད་མོད།
རྒྱ་ཡིག་མི་༷ཤེས་མཁན་ཇེ་ཉུང་རེད་མོད།
བོད་སྐད་གཙང་མ་ཞིག་ཇེ་དཀོན་རེད་མོད།
ཅིག་འབྲི་འདོད་པ་དེ་འབྲི་མ་ཐུབ་ཐལ།
ས་སྟེང་གི་མི་རིགས་ཚར་ཐལ་མོད།
ས་འོག་གི་གཏེར་ཁ་ཚར་ཐལ་མོད།
ལོ་རྒྱུས་ཀྱི་གླེགས་བམ་བོར་ཐལ་མོད།
ཅིག་འབྲི་འདོད་པ་དེ་འབྲི་མ་ཐུབ་ཐལ།
མེ་ལྕེ་ཞིག་མུ་རུ་འབར་ཐལ་མོད།
ནམ་མཁའ་ཞིག་འོད་ཀྱིས་ཁེངས་ཐལ་མོད།
སྤྱན་རས་གཟིགས་མྱིག་ཆུ་ལྷུང་ཐལ་མོད།
ཅིག་འབྲི་བསམས་པ་དེ་འབྲི་མ་ཐུབ་ཐལ།
སྲོང་བཙན་སྒམ་པོ་ཡི་དམག་ཇུས་བརྗེད་ཐལ་མོད།
ཐོན་མི་སམ་བོ་ཊའི་སྨྱུ་གུ་ཟད་ཐལ་མོད།
ཁྲི་སྲོང་ལྡེའུ་བཙན་གྱི་ས་ཁྲ་རལ་ཐལ་མོད།
ཅིག་འབྲི་བསམས་པ་དེ་འབྲི་མ་ཐུབ་ཐལ།
སེམས་པ་མི་སྐྱིད་པ་འདི་ཇེ་ཐུ་ཡིན་ཐལ་མོད།
རྨི་ལམ་ཇེ་རྩུབ་ལ་འགྲོ་རྒྱུ་འདི་ཇེ་མང་ཡིན་ཐལ་མོད།
མྱིག་ཆུ་དྲོན་མོ་འདི་ཇེ་མོད་ཡིན་ཐལ་མོད།
ཅིག་འབྲི་བསམས་པ་དེ་འབྲི་མ་ཐུབ་ཐལ།
རྗེ་ཡི་མགུར་ལྷ་ཚོ་མཚམས་ལ་བཞུགས་ཐལ་མོད།
བརྟན་མ་བཅུ་གཉིས་ནི་ཅིག་ག་ཞོགས་ཐལ་མོད།
ཚེ་རིང་མཆེད་ལྔ་ཡང་གནས་ལ་བུད་ཐལ་མོད།
ཅིག་འབྲི་འདོད་པ་དེ་འབྲི་མ་ཐུབ་ཐལ།
ལྷ་རྒན་ཆ་བོའི་དམུ་ཐག་ཆད་ཐལ་མོད།
ལྷ་མིའི་བར་གྱི་བརྩེ་དུང་འཇིག་ཐལ་མོད།
མི་བུའི་བར་གྱི་ལ་རྒྱ་བརླགས་ཐལ་མོད།
ཅིག་འབྲི་བསམས་པ་དེ་འབྲི་མ་ཐུབ་ཐལ།
ཁངས་ཆེན་བབས་ནས་འབྲོག་རྒན་འཁངས་ཐལ་མོད།
ཙག་ལྡོམ་ཡོང་ནས་རོང་རྒན་འཁོབ་ཐལ་མོད།
སྲི་ངན་ལྡངས་ནས་གྲྭ་པ་རྫོགས་ཐལ་མོད།
ཅིག་འབྲི་བསམས་པ་དེ་འབྲི་མ་ཐུབ་ཐལ།
དབྱར་རྩྭ་བརྐོས་ཀྱང་ཁ་མི་སོས་ཀི་མོད།
སྒོ་ཁྱི་བཙོངས་ཀྱང་ནམ་མི་ལངས་ཀི་མོད།
ཚེ་ཐར་བཤས་ཀྱང་ཕོ་མི་བརྒྱགས་ཀི་མོད།
ཅིག་འབྲི་བསམས་པ་དེ་འབྲི་མ་ཐུབ་ཐལ།
རྒྱ་གྲོག་དམར་པོས་ས་སྟེང་ཁྱབ་ཐལ་མོད།
འབའ་འབུ་མང་པོའི་ཚེ་ཚད་རྫོགས་ཐལ་མོད།
རྩྭ་ཐང་ཆེན་པོ་གཉིད་དུ་ཡུར་ཐལ་མོད།
ཅིག་འབྲི་བསམས་པ་དེ་འབྲི་མ་ཐུབ་ཐལ།

0 བསམ་ཚུལ་འདོན་པ།:

Post a Comment