ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Thursday 5 April 2012


མ་གཞི་ལོ་ཤས་སྔོན་ཏེ་ སྤྱི་ལོ་༡༩༥༧ལོ་ནས་བཟུང་གཙོ་འཛིན་མའོ་ཡིས་ས་གནས་མི་རིགས་རིང་ལུགས་དང་རྒྱ་ རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་ཞེས་སྐུལ་སློང་བྱས་ཡོད་ཀྱང་། རྒྱལ་ཁབ་བཙུགས་ནས་ལོ་ངོ་དེ་ཙམ་འགོར་མེད་ཅིང་། ཁྱད་པར་དུ་མི་རྣམས་རྒྱལ་ནང་གི་དམག་འཁྲུག་དང་ཡུལ་གྱི་གཤེད་མར་ངོ་རྒོལ་བྱེད་ པ་སོགས་ཀྱིས་ཐང་དགུ་ཆད་ནས་ཡོད་པའི་རྐྱེན་གྱིས་མའོ་ཡི་བཀའ་སློབ་ལག་བསྟར་ བྱེད་རྒྱུའི་སེམས་ཤུགས་ཡོད་ཀྱང་ནུས་པས་མ་ལྕོགས་པ་ལྟ་བུར་འདི་ལོ་བར་དུ་མི་ རིགས་རིང་ལུགས་དང་གྲལ་རིམ་འཐབ་རྩོད་སྐོར་དེ་ཙམ་ཡོངས་ཁྱབ་ཏུ་ཚ་ཚ་འུར་འུར་ངང་ ཚོགས་འདུ་བསྐོངས་པ་དེ་འདྲ་ངས་དྲན་གྱི་མི་འདུག་ཀྱང་། ཁ་ སང་དེ་རིང་གི་རྟགས་མཚན་དངངས་སྐྲག་སློང་བ་འདི་ཚོར་བལྟས་ཚེ་ད་ཆ་གཞི་ནས་གདོན་ འདྲེ་ཁུག་ཀྱོག་ནས་མཆོང་བ་ཇི་བཞིན་བཀྲ་མི་ཤིས་པའི་སྲིད་འགྱུར་ཆེན་པོ་ཞིག་མི་ གྲངས་དུང་ཕྱུར་མང་པོ་ཡོད་པའི་རྒྱལ་ཁབ་འདིའི་མི་དམངས་ཀྱི་མགོར་བསླེབ་རྒྱུ་ ཡིན་པ་གདོན་མི་ཟ།
ཁྱད་པར་དུ་ང་རང་དུས་ཆད་བཞིན་འཛིན་གྲྭ་གྲོལ་རྗེས་ཡིས་ལིས་ལ་ཐུག་འཕྲད་བྱེད་ དུ་འགྲོ་བའི་ལམ་ཁར་ངོ་མི་ཤེས་པའི་རྒྱ་རིགས་སྐྱེས་པ་གཉིས་ཀྱིས་ངའི་རྒྱབ་ནས་ ལྐོག་ལྟ་བྱེད་བཞིན་ཡོད་པ་དེ་མཐོང་ནས་ང་ལ་དོགས་མི་བདེ་བའི་ཚོར་བ་ཤུགས་ཆེན་ ཞིག་བསླེབས་བྱུང་ལ། ཟ་ཁང་དེར་བསླེབས་ནས་ཡིས་ལིས་ལ་འཕྲད་དུས་མོའི་གདོང་གི་རྣམ་འགྱུར་ཡང་དེ་ཙམ་ རྒྱུན་ལྡན་ཞིག་མ་རེད། ངས་སེམས་པ་ལྷོད་ལ་ཏོག་ཙམ་འབབ་ཏུ་བཅུག་རྗེས་གཡས་གཡོན་ན་ལྐོག་ཉན་བྱེད་མཁན་ བྱེད་མཁན་ཡོད་མེད་རོབ་ལྟ་ཞིག་བྱས་རྗེས། ཁ་སང་དེ་རིང་གི་གནས་ཚུལ་འདིར་བལྟས་ན་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་འགྱུར་བ་ཆེན་པོ་ ཞིག་འགྲོ་ཐག་ཆོད་རེད། གཙོ་འཛིན་མའོ་ཡིས་ཁྱེད་ལ་དེའི་སྐོར་ནས་ག་རེ་བརྗོད་སོང་། ཞེས་དྲིས་པར། ཡིས་ལིས་ཀྱི་གདོང་ལ་སྐྲག་སྣང་དེ་ཙམ་མེད་པའི་ཉོབ་སྣང་ཞིག་ཤར་ནས། གཙོ་འཛིན་མའོ་ཡིས་ང་ལ་ཐད་ཀར་ཅི་ཡང་བརྗོད་མ་སོང་ཡང་། ཁོས་ངའི་ཨ་མའི་སྒྱུག་པོར་མ་རྩ་རིང་ལུགས་དང་འབྱོར་ལྡན་གྲལ་རིམ་ལ་དགག་རྒྱག་ བྱེད་རྒྱུ་ཡིན་པའི་སྐད་ཆ་དེ་འདྲ་བརྗོད་འདུག ཡིན་ན་ཡང་ང་རང་སྐྲག་ས་གཅིག་ནི་གྲལ་རིམ་འཐབ་རྩོད་ཀྱི་སྐོར་དེ་རེད། ངའི་ཨ་མའི་སྒྱུག་པོ་སྒྱུག་མོ་གཉིས་སྔོན་ཆད་ས་བདག་ཆེན་པོ་ཡིན་པས། གལ་སྲིད་གྲལ་རིམ་འཐབ་རྩོད་ཀྱི་ལས་འགུལ་དེ་འདྲ་སྤེལ་བ་ཡིན་ན་ཁོང་གཉིས་ལ་ཉེན་ ཁ་ཆེན་པོ་འཕྲད་རྒྱུ་ཐག་ཆོད་རེད། ཟེར་བས། ངས། གཙོ་འཛིན་མའོ་ནི་ཁྱེད་ཀྱི་ཨ་ཕ་ཡིན་པས་རྒྱལ་ཁབ་ཅིག་གི་དབུ་ཁྲིད་ཅིག་གིས་ཁོང་ གི་བཟའ་ཟླའི་ནང་མི་ཙམ་སྲུང་སྐྱོབ་བྱེད་ལོས་ཐུབ་ཅེས་བརྗོད་པར། མོས། ངའི་ཨ་མ་ནི་གཙོ་འཛིན་མའོ་ཡི་ཡོངས་གྲགས་མིན་པའི་ཟུར་བསྟེན་སྙིང་སྡུག་ཡིན་པས་ ཁོང་གིས་ཟུར་མོའི་སྒྱུག་པོ་བཟའ་ཚང་གཉིས་ལ་གུ་ཡངས་གཏོང་མིན་མི་ཤེས། རྒྱལ་ཁབ་ཀྱི་དོན་ཆེན་ཟེར་བ་དེ་སྒྲུབ་དུས་ནང་མི་བློས་གཏོང་བྱེད་དགོས་པ་ནི་ ཏང་གི་རྩ་བའི་སྒྲིག་གཞིའི་གྲས་རེད། ཟེར་བཞིན་སྐད་ཆ་ཡང་མུ་མཐུད་དེ་བཤད་མ་ཐུབ་པར་མགྲིན་པ་བརྣངས་ནས་བསྡད་སོང་། མུ་འགོད།

0 བསམ་ཚུལ་འདོན་པ།:

Post a Comment