ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Friday, 25 March 2011
 
 
སེང་རྡོར་དང་སེང་རྡོར་དྲ་བ་གཉིས།
གནམ་སྔོན་པོའི་དཀྱིལ་ནས་ཐོག་བརྒྱབ་པ་ལྟར།
ས་གཞི་འདར་བའི་ཡོ་འཁྱོམ་དང་བཅས་སྤྱི་ཚོགས་སྟེང་བསླེབས་དུས།
གཉིད་ལས་སད་མ་ཐག་པ་སྐོར་ཞིག་གིས།
མིག་འཕུར་ཙམ་དང་གདངས་ཙམ་བྱེད་བཞིན་ཡོད་དུས།
སེང་རྡོར་གྱིས་གཤོབ་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དྲུད་ནས་བསླེབས་སོང་།
སེང་རྡོར་དྲ་བས་གསར་བུ་ཁ་ཚོད་མཐོན་པོ་ཅན་ཏག་ཏག་དྲུད་ནས་བསླེབས་སོང་། 
ལོ་ཤས་རིང་ལ།
སེང་རྡོར་འདི་ངོ་མ་སེང་གེ་ཞིག་དང་འདྲ་བས་གངས་རི་དཀར་པོའི་རྒྱན་ཆ་ཞིག་ཏུ་གྱུར་ཅིང་།
སེང་རྡོར་དྲ་བ་འདི་ཡང་གངས་ཅན་པའི་ཁྱད་ནོར་ཞིག་ཏུ་གྲུབ་ཚར་བས།
སེང་གེ་རྡོ་རྗེ་མེད་ན་གངས་ཅན་པའི་རྩོམ་སྟེགས་ལ་ཚོན་མདངས་མེད་ཅིང་།
སེང་རྡོར་དྲ་བ་མེད་ན་གངས་ཅན་པའི་དྲ་གྲོགས་ཚོར་ཞོགས་ཇ་མེད་པའི་ཚོད་དུ་སྣང་མོད།
ཉི་འོད་མི་བཟོད་པ་ནི་ལྟས་ངན་འུག་པ་ཚོའི་ནད་རྙིང་ཞིག་ཡིན་ཞིང་།

བདེན་དོན་ལ་འཇིགས་པ་ནི་རྫུན་སྐྱལ་ཚོའི་ཐུན་མིན་རང་གཤིས་ཤིག་ཡིན་པས། དུག་སྦྲུལ་གྱི་ལྕེ་ཞགས་ཤིག་ནམ་གུང་ལ་བརྐྱངས་འོངས་ཏེ། 
སེང་རྡོར་དྲ་བའི་མཛེས་སྡུག་གི་ལུས་པོ་ཁྱེར་སོང་།
འཆི་བདག་གི་ལག་རིང་ཞིག་ཉིན་གུང་ལ་བསྲིངས་འོངས་ཏེ།
སེང་རྡོར་དྲ་བའི་གཟི་བརྗིད་ཀྱི་མིང་བྱང་བཅག་སོང་། 
མཆན་འདེབ་ན་སྒོ་བརྒལ་ཡིག་སྒམ་ནང་ཐོ་འགོད་བྱེད་དགོས། 

0 བསམ་ཚུལ་འདོན་པ།:

Post a Comment