ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Saturday 8 October 2011
dscn4114

ཞོགས་པར་ཆུ་ཚོད་བརྒྱད་དང་ ཕྱེད་ཀ་བར་དུ་ཉལ་བསྡད། མདང་དགོང་རྨི་ལམ་སྐྱིད་པོ་འགའ་བཏང་བྱུང་ཡང་འདིར་བརྗོད་ན་མི་འདོད། ཁྲུས་ཁང་ནས་གནམ་ངོ་འཐིབས་ཤིང་བསིལ་རླུང་ལྡང་སྟེ་སྟོན་ལོ་སེར་པོ་དག་ཕྱོགས་ ཕྱོགས་སུ་འཐོར་བཞིན་པའི་སྣང་ཚུལ་སྐྱོ་བོ་ཞིག་མཐོང་།
ཞོགས་ཇ་ཞིག་འཐུང་ཞོར་རང་ གི་དབྱིན་དེབ་ཀྱི་རྒྱབ་ཤོག་ཇུས་འགོད་སྐྱར་མ་ཞིག་བྱས། ཆོས་གྲོགས་ཤིག་གི་ཁ་པར་ཡོང་ནས་ཁོང་འགྲིམ་འགྲུལ་ཆག་སྒོ་ཞིག་དང་འཕྲད་དེ་རླངས་ འཁོར་ཆག་ཧྲུལ་དུ་བཏང་ཡང་དེའི་ནང་གི་མི་ལ་སྐྱོན་ཅི་ཡང་མ་བྱུང་ཟེར། རྒྱ་མོ་དང་མཉམ་དུ་གནམ་ཀླད་ཁ་བརྡ་ཏོག་ཙམ་བྱས། རྡ་ས་ཀིརྟི་དགོན་པའི་གྲྭ་པ་ཞིག་དང་མཉམ་དུ་སྲིད་དོན་གྱི་ངོས་ནས་རང་ལུས་མེ་ རུ་བསྒྲོན་པ་དེ་འཚེ་བའི་བྱ་སྤྱོད་ཅིག་ཡིན་མིན་སྐོར་དྲ་ངོས་ནས་བགྲོ་གླེང་ ཏོག་ཙམ་བྱས། རང་ལུས་མེ་རུ་བསྒྲོན་པ་དེ་འཚེ་བའི་བྱ་སྤྱོད་ཅིག་ཡིན་ཚེ། ཟས་བཅད་ངོ་རྒོལ་དེ་ཡང་འཚེ་བའི་བྱ་སྤྱོད་ཅིག་རེད། དེ་འདྲ་ཡིན་ན་གན་རྡིས་ཀྱང་འཚེ་བའི་བྱ་སྤྱོད་སྤེལ་ཏེ་སྐད་གྲགས་བཞག་པ་ཡིན་པས། གོང་ས་མཆོག་གན་རྡིའི་རྗེས་འཇུག་པ་ཞིག་ཏུ་ལྟ་ཚུལ་དེར་ཡང་འགྱུར་བ་གཏོང་དགོས་ པར་བསམས་པ་སོགས་བརྗོད།
གོང་ས་མཆོག་གི་དབྱིན་དེབ་ བདེན་པ་བཞི་ཞེས་པ་དེའི་དཀྱིལ་ནས་ཏོག་ཙམ་བཀླགས། ཆུ་ཚོད་གཉིས་པར་གྲོགས་པོ་ཨ་རི་བ་ཇེ་ཧྥུ་དང་མཉམ་དུ་ཁོ་བོའི་གཏམ་བཤད་རྗེས་མ་ ལས་ལས་ཐར་པ་ཞེས་པ་དེའི་བརྗོད་བྱ་དང་རྗོད་བྱེད་སོགས་བཀོད་སྒྲིག་བྱས་ཏེ་ཁྱབ་ བསྒྲགས་ཤོག་ལྷེ་ཞིག་བཟོས་ནས་གཏམ་བཤད་བྱེད་སའི་ཇ་ཚོང་ཁང་དེའི་སྦྱིན་བདག་ཟེན་ ཁྱི་རྒན་ཞེས་པ་དེར་བཏང་། ཟེན་ཁྱི་རྒན་ནི་སྨྲ་ར་རིང་པོ་ཅན་གྱི་ཨ་རི་བ་མི་རྒན་ལོ་ལོན་རྒྱ་ནག་གི་གནའ་ སྔ་མོའི་དྲང་སྲོང་དེ་ཚོའི་གཅིག་ལྟ་བུ་ཞིག་ཡིན་ཞིང་། རྒྱ་ནག་གི་ཇ་དང་རི་མོ་གྲགས་ཅན་དེ་འདྲ་འཚོང་བཞིན་འཚོ་བ་སྐྱེལ་གིན་ཡོད་ཅིང་། ཁོང་གིས་ཁོང་གི་ཇ་ཁང་དེའི་ཐོག་སོ་གཉིས་པའི་མི་སུམ་ཅུ་ཙམ་ཤོངས་པའི་ཚོམས་ཆེན་ དེར་མི་སྣ་འདྲ་མིན་གྱི་གཏམ་བཤད་བཀོད་སྒྲིག་བྱེད་བཞིན་ཡོད།

ལས་ཀ་དེ་ཚར་རྗེས་ཁོང་དང་ མཉམ་དུ་ཁོ་རི་ཡའི་ཟ་ཁང་དེའི་ནང་དུ་སོང་། ཞབས་ཞུ་མ་མཛེས་མ་དེ་འཛུམ་དམུལ་ལེར་ཡོང་ནས་ག་རེ་བཟའ་གི་ཡིན་སོགས་ཀྱི་བསླུ་ བྲིད་ལ་བརྩོན། ཟ་མ་བཟའ་བཞིན་ཇེ་ཧྥུས་འབྲི་བཞིན་པའི་ཁོང་གི་དེབ་དེའི་སྐོར་ཁ་བརྡ་བྱས། ཁོང་ནི་བོད་པའི་ནང་ཆོས་དང་ལྷོ་བརྒྱུད་ནང་ཆོས། གནའ་བོའི་རྒྱ་ནག་གི་ཏའོ་ལུགས་དང་རྒྱ་གར་གྱི་གྲངས་ཅན་པ་བཞིའི་གྲུབ་མཐར་སློབ་ སྦྱོང་བྱས་ཏེ་ཁ་གྲགས་ཚད་ལྟ་གྲུབ་སྨྲ་བ་ཞིག་གི་ཁྱད་ཆོས་ཀྱིས་ཟིན་བསྡད་ཡོད་པ་ ཞིག་ཡིན། ཟ་མ་བརྒྱགས་ཚད་ཟོས་རྗེས་ཇེ་ཧྥུས་རིན་པ་ཁོང་གིས་སྤྲོད་ཀི་ཡིན་ལབ་ནས་ཨུ་ཚུགས་ བརྒྱབ་སོང་། ངས་སྔོན་མར་ཁོང་གི་ཁྱི་ཞིག་མེ་འཁོར་གྱིས་རྡུང་ཁ་བརྒྱབ་སྟེ་བསད་པའི་སྐོར་ ཞིག་བྲིས་ཏེ་དྲ་ངོས་སུ་འཇོག་མྱོང་། ཁོང་ནི་ངའི་ཨ་རིའི་གྲོགས་པོའི་ཁྲོད་ཀྱི་མི་ཡག་ཤོས་ཤིག་ཡིན།
དེ་ནས་ནང་ལ་ལོག་སྟེ་དཔེ་ མཛོད་ཁང་ནས་གཡར་བའི་གློག་བརྙན་འོད་སྡེར་གསུམ་གྱི་གྲས་སྦེང་ལ་དེ་ཞིའི་གཞིས་ ཆགས་པ་དབྱིན་ཇིར་སྡོད་མཁན་ནང་མི་ཞིག་གི་སྐོར་དེར་བལྟས། ཁྱོ་ག་བགྲེས་ཙམ་ཞིག་དང་སྐྱེས་སྨན་ལོ་གཞོན་ཞིག ཁོང་གཉིས་ལ་བུ་མོ་གཉིས། བུ་མོ་ཆེ་བས་ཁ་ཆེའི་སྲོལ་རྒྱུན་ལ་རྒྱབ་འགལ་བྱས་ཏེ་ཕ་རྒན་གྱི་སེམས་ཁ་དཀྲུགས། སྐྱེས་སྨན་གྱིས་ཀྱང་ཁྱོ་ཡན་ཕོ་གསར་ཞིག་བཙལ། མཐའ་མར་མོའི་ཁྱོ་ག་ཕྱིེར་རང་གི་ལུང་པར་ལོག སྐྱེས་སྨན་དེའི་གློག་བརྙན་གྱི་མགོ་མཇུག་བར་གསུམ་དུ་ཕ་ཡུལ་ན་ཡོད་པའི་རང་གི་ སྲིང་མོའི་འཕྲིན་ཡིག་ཐེངས་མང་བྲིས། ཤག་རོགས་གྲོག་མ་ནག་ཆུང་དེ་ཚོས་ཁ་སང་གི་ཆུ་ག་གོན་དེ་ཟོས་ན་དགའ་རབ་ཅིག་རྫོགས་ འདུག ཁོ་བོ་ང་ལ་དྲིན་ཆེན་ཡིན། ཁོ་ཚོས་ངའི་རྒྱུད་ལ་སྙིང་རྗེ་ཆུང་ཆུང་ཞིག་བསྐྱེད་པ་རེད། འདི་ཚོ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་འདྲའི་སྤྲུལ་པ་ཡིན་ན་ཐང་། ངས་ངོ་མ་མི་ཤེས།
དྲ་ཐོག་ནས་ཉིག་ཡོར་ན་ཡོད་ པའི་སྨན་པ་ཚེ་ལགས་དང་མཉམ་དུ་ཁ་བརྡ་འདྲ་མིན་བྱས། སྨན་དང་རྫོགས་ཆེན། རྒྱ་མོ་དང་བོད་མོ། ཁ་བརྡའི་བརྗོད་བྱ་འཁྲིགས་པོ་ཆགས། དེ་ནས་ཆུ་ཚ་བོས་གཟུགས་པོ་ཚར་གཅིག་བཀྲུས། ཉི་མ་ནུབ་ཅིང་མུན་ཁྲོད་ནས་སྟོན་རླུང་གིས་ལྗོན་ཤིང་གི་ལོ་འདབ་དག་སྐྱོད་བཞིན་ པའི་སྒྲ་སྙན་མོ་ཞིག་ཐོས་ཐུབ།
བརྙན་འཕྲིན་ལས་ལོ་རབས་ དྲུག་ཅུ་པའི་ནང་ཨ་རིའི་མི་ནག་ཚོས་རང་དབང་འཐབ་རྩོད་བྱས་པའི་སྐོར་གྱི་དངོས་ བཤུས་གློག་བརྙན་སྐབས་དེའི་ལོ་རྒྱུས་མི་སྣ་དག་ལ་བཅར་འདྲི་བྱེད་པ་ཞིག་མུ་ འབྲེལ་དུ་བསྟན་བྱུང་། དེའི་ནང་དུ་སློབ་དཔོན་མར་ཁྲིན་ལུ་ཐར་ཁེང་དང་སྲིད་འཛིན་ཇོན་ཁེ་ན་སྒྲ་སོགས་ འདུག མི་དཀར་ཚོས་མི་ནག་ངོ་རྒོལ་བའི་རླངས་འཁོར་དང་ཆོས་ཁང་མེར་བསྲེགས་བཏང་ཞིང་ཁོ་ ཚོར་གཅར་རྡུང་དྲག་པོ་བཏང་། རིམ་བཞིན་མི་ནག་ལ་རྒྱབ་སྐྱོར་བྱེད་མཁན་མི་དཀར་ཇེ་མང་ནས་ཇེ་མང་དུ་གྱུར། མི་དག་ངོ་རྒོལ་བ་ཚོའི་གྱོན་ཆས་ཧ་ཅང་གྲ་དག་ཅིག་གཏམ་སྤྱོད་ལ་ཡིད་འགུག་གི་ནུས་ པ་ལྡན། མཐའ་མར་མི་ནག་རང་དབང་བརྩོན་ལེན་པ་ཚང་མ་Jacksonས་ གནས་སུ་མཉམ་དུ་འཛོམས། མི་དཀར་གྱི་རྩེ་གྲིའི་འཁྲིས་སུ་ཁོ་ཚོས་འཇིགས་ཞུམ་སྤུ་ཙམ་མེད་པར་ཞི་བདེའི་ གླུ་དབྱངས་ལེན་བཞིན་འགྲོ ཁོ་ཚོའི་རྒྱབ་སྐྱོར་བ་མི་དཀར་ཚོར་ཡང་རྡུང་རྡེག་འདྲ་མིན་ཐེབས། ངའི་མིག་ཆུ་འགའ་ཡང་ཐུར་དུ་འགྲིལ་སོང་། རང་དབང་ནི་མ་གཞི་ནས་མིའི་ཟུངས་ཁྲག་གིས་བསྐྲུན་པའི་ཐོན་རྫས་ཤིག་རེད། དེ་ནས་རིན་ཐང་བྲལ་བ་མང་པོ་ཞིག་བློས་བཏང་ནས་ཁྱེར་ཡོང་བའི་རིན་ཐང་བྲལ་བའི་ལོ་ རྒྱུས་ཀྱི་ཟིན་ཐོ་ཞིག་རེད།
ངོ་དེབ་ལས་ཨ་ཤུལ་ཚེ་རིང་ སྐྱིད་དང་མཉམ་དུ་མོའི་ངོ་དེབ་སྟེང་དུ་བཞག་ཡོད་པའི་ལྕམ་མོ་ཁེ་རེ་ལགས་དང་མོས་ གསར་རྙེད་བྱུང་བའི་རྫས་རེ་སྒྲམ་ཞེས་པ་དེའི་སྐོར་ཅུང་ཟད་གླེང་། དེ་ནས་དྲ་གྲོགས་བཟོད་པས་ཁོ་བོར་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གིས་ཀླུ་ སྨྱོན་རྩོམ་རིག་བྱ་དགའི་སྐོར་བཅར་འདྲི་བྱས་པ་དེར་ཉན་ན་འདོད་པར་དེའི་དྲ་ཐག་ བསྐུར་ཟེར། བྱ་དགའ་དཔྱད་འདེམ་པ་གཉིས་ཀྱིས་ཐེངས་འདིའི་རྩོམ་ཡིག་རྩེ་གྲས་རེའི་མིང་དང་ དེའི་ཁྱད་ཆོས་སོགས་བསྐུར་གནང་འདུག་པས། ཀླུ་སྨྱོན་རྩོམ་རིག་བྱ་དགའི་འོས་མི་ཕལ་ཆེར་གཏན་ཁེལ། བརྙན་འཕྲིན་ལས་ཨ་རིའི་མ་རྐང་ཁྲོམ་རར་ངོ་རྒོལ་བ་ཇེ་མང་དུ་འགྲོ་བཞིན་པའི་ སྐོར་བསྟན།

0 བསམ་ཚུལ་འདོན་པ།:

Post a Comment