ཚོལ་གཤེར
དྲ་ངོས་བཀླགས་གྲངས།
909081
བཀླགས་གྲངས་མང་ཤོས
-
ཆུ་མོ་གངྒྰ་ཤག་ཤག་རྒྱུ་བའི་དུས། ། སྟོན་ལོ་སེར་པོ་ལྷབ་ལྷུབ་འཕུར་བའི་དུས། ། གནམ་སྔོན་སྤྲིན་པ་རླུང་གིས་གཡོ་བའི་དུས། ། བ་གླང་ཁྱུ་ཞིག...
-
སྟོན་པ། ངའི་གཟན་སྣེ་མེ་རུ་འབར་སོང་། ཁྱོད་འཇིག་རྟེན་དུ་བཞུགས་དུས། གྲྭ་པ་རེ་རེའི་གཟན་སྣེ་རུ་ཞི་བདེའི་རླུང...
-
མདང་དགོང་རྨི་ལམ་ཟ་ཟི་མང་ ཡང་ཁྱད་མཚར་བོ་ཞིག་ནི་དགོན་ཆེན་ཞིག་ས་འོག་ཏུ་ནུབ་བསྡད་ཡོད་ཅིང་། དགོན་བདག་བླ་མའི་ཞལ་རས་ལ་སྐྱོ་གཉེར་དགུ་བརྩེགས་ཤིག་བ...
-
ཨ་ རིར་ འབྱོར་ ནས་ ལོ་ མང་ སོང་ བ་ དང་ ། ། ཕན་ མི་ ཐོགས་ པའི་ ངོ་ ཤེས་ འགའ་ ཡང་ ཡོད། ། ད་ ནི་ སྒྲོ་ ལོར་ ལྗང་ ཁུ་ གསོག་ དུས་ འདིར། ། སོ...
-
མདང་དགོང་རྨི་ལམ་ཅུང་ཟད་ ཉུང་ཞིང་ད་ལྟ་དྲན་ཡུལ་དུ་གཅིག་ཀྱང་མི་འདུག ཆུ་ཚོད་བརྒྱད་པ་ཙམ་ལ་གཉིད་ལས་སད་བྱུང་། ཁྲུས་ཁང་གི་སྒེའུ་ཁུང་ལས་མཁའ་དབྱིང...
ཡིག་ཚགས
-
►
2012
(39)
- 09/23 - 09/30 (1)
- 07/22 - 07/29 (1)
- 07/01 - 07/08 (1)
- 06/24 - 07/01 (1)
- 06/17 - 06/24 (1)
- 06/10 - 06/17 (1)
- 06/03 - 06/10 (1)
- 05/27 - 06/03 (2)
- 05/20 - 05/27 (2)
- 05/13 - 05/20 (1)
- 04/29 - 05/06 (3)
- 04/22 - 04/29 (2)
- 04/01 - 04/08 (3)
- 03/18 - 03/25 (2)
- 03/11 - 03/18 (3)
- 03/04 - 03/11 (1)
- 02/05 - 02/12 (1)
- 01/29 - 02/05 (2)
- 01/22 - 01/29 (3)
- 01/15 - 01/22 (2)
- 01/08 - 01/15 (3)
- 01/01 - 01/08 (2)
-
▼
2011
(94)
- 12/25 - 01/01 (2)
- 12/18 - 12/25 (5)
- 12/11 - 12/18 (3)
- 12/04 - 12/11 (3)
- 11/20 - 11/27 (1)
- 11/13 - 11/20 (3)
- 11/06 - 11/13 (3)
- 10/30 - 11/06 (6)
- 10/23 - 10/30 (6)
- 10/16 - 10/23 (7)
- 10/09 - 10/16 (8)
- 10/02 - 10/09 (6)
- 09/25 - 10/02 (3)
- 09/18 - 09/25 (1)
- 09/11 - 09/18 (1)
- 09/04 - 09/11 (2)
- 08/28 - 09/04 (2)
- 07/24 - 07/31 (1)
- 06/26 - 07/03 (1)
- 06/12 - 06/19 (1)
- 06/05 - 06/12 (1)
- 05/29 - 06/05 (1)
- 05/22 - 05/29 (2)
- 04/10 - 04/17 (2)
- 04/03 - 04/10 (3)
- 03/27 - 04/03 (4)
- 03/20 - 03/27 (2)
- 03/13 - 03/20 (3)
- 03/06 - 03/13 (8)
- 02/27 - 03/06 (1)
- 02/20 - 02/27 (2)

དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།
རྟག་བརྟན་གྱི་སྙན་ཚིག
—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །
མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །

Powered by Blogger.
About Me

- སྨྱོན་པའི་འཇིག་རྟེན།
- མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Monday, 17 October 2011

ཆུ་ཚོད་བརྒྱད་པར་གཉིད་ལས་ སད་ཀྱང་ལངས་མ་འདོད་པར་དགུ་བ་བར་དུ་ཉལ་བསྡད། མདང་དགོང་རྨི་ལམ་རབ་རིབ་ཅན་མང་ཞིང་། བྲག་རྩ་ཞིག་ན་གུ་རུ་རིན་པོ་ཆེར་གསོལ་བ་འདེབ་ཞོར་ཅིག་འཚོལ་བཞིན་འདུག ཁ་སང་དགོང་མོར་ཉིན་ཐོ་བྲིས་ཏེ་འཕྱི་བོའི་བར་དུ་བསྡད་པས་ཡིན་ནམ་གཉིད་མ་སད་ ཅིག་ལ་མིག་ལམ་དུ་བོད་ཡིག་དབུ་ཅན་མང་པོ་ཞིག་འཆར་ཡོང་གི་འདུག མིག་ལྤགས་དམ་པོར་བཙུམས་ན་ཇེ་གསལ་དུ་འགྲོ་ཡང་དམིགས་པ་གཏད་དེ་ཀློག་རྩིས་བྱས་ ན་རིམ་བཞིན་ཡལ་འགྲོ་བ་ཞིག་འདུག སྣང་ཚུལ་འདི་ནི་ཁོ་བོར་ལོ་འགའི་སྔོན་ནས་བྱུང་ཞིང་། གོང་ས་མཆོག་གིས་བརྩི་མཐོང་ཆེན་པོ་མཛད་པའི་སྔ་འགྱུར་རྙིང་མའི་བླ་མ་ཚད་ལྡན་ ཞིག་ལ་དེ་ལུགས་ཞུས་པར། མཚམས་ལ་བསྡད་དེ་ཚིག་བདུན་གསོལ་འདེབས་འབུམ་ཕྲག་གཅིག་ཟློས་དང་དེ་ནས་གཏེར་ རྟགས་ཤིག་ཡིན་ན་ཇེ་གསལ་དུ་འགྲོ་གི་རེད་གསུངས་ཀྱང་ལེ་ལོའི་དབང་གིས་ད་བར་དེ་ ལྟར་བྱེད་ཐུབ་མ་སོང་། གཅིག་བྱས་ན་ང་ཚོའི་མིག་འདིའི་ནང་དུ་པར་ཆས་ཀྱི་སྦྱིན་ཤོག་ལྟ་བུའི་རྫས་རིགས་ ཤིག་ཡོད་པའི་ངོས་སུ་མདང་དགོང་བཀླགས་པའི་ཡིག་འབྲུ་དེ་ཚོའི་ལྡོག་གཟུགས་དག་ འབྱར་བསྡད་ཡོད་པ་ཞིག་ཀྱང་ཡིན་སྲིད།
ཡར་ལངས་དུས་ཉི་འོད་སེར་ པོ་ཞིག་སྒེའུ་ཁུང་བརྒྱུད་དེ་ཉལ་ཁང་ནང་འཁྱིལ་འདུག་ཅིང་། ཁྲུས་ཁང་གི་སྒེའུ་ཁུང་ལས་ནུབ་ཕྱོགས་ཀྱི་མཁའ་དབྱིངས་སུ་ཟླ་བ་ཕྱེད་ཀ་ཞིག་ཤར་ ཡོད་པ་མཐོང་བས། ཉི་ཟླ་གཉིས་ཀ་དུས་གཅིག་ཏུ་མཐོང་བ་འདི་སྐྱིད་པོ་ཞིག་རེད་སྙམ་སྟེ་པར་ཆས་ཁུར་ ཡོང་ནས་ཟླ་བ་དེ་པར་དུ་བླངས། གློག་ཀླད་ཀྱི་ཁ་ཕྱེ་བ་ན་རྔ་བ་ནས་ཨ་ནེ་ཞིག་གིས་རང་ལུས་མེ་རུ་བསྒྲོན་པའི་གསར་ འགྱུར་མི་སྙན་པ་ཞིག་མཐོང་།
ངོ་དེབ་སྟེང་དུ་རྔ་བ་ཤེས་ རབ་དང་མཉམ་དུ་བོད་ནང་གི་དེ་རིང་གི་གནས་སྟངས་སྐོར་ཁ་བརྡ་ཏོག་ཙམ་བྱས་ཤིང་། ཏྰ་ལས་བླ་མས་མི་གཟིགས་ས་ནས། རྒྱ་ནག་གཞུང་གིས་མི་རིག་ས་ནས། །བོད་མི་རེ་རེ་མེ་རུ་འབར་ན། །བདག་གི་སྙིང་འདིས་བཟོད་ཐབས་མི་འདུག །ཅེས་འབྲི་བར་ཐལ།
ཞོགས་ཇ་ཞིག་འཐུང་བཞིན་ པའི་སྐབས་སུ་ཕོ་གསར་ཞིག་གིས་ཁོ་བོ་བཙལ་ནས་བསླེབས་སོང་། ཁོ་རང་ནི་ཨིན་རྡུ་ཉིས་ཤི་ཡའམ་བོད་སྐད་དུ་གསེར་གླིང་ཞེས་པའི་ཡུལ་དེ་ནས་ཡིན་ ཞིང་། སྔོན་ཆད་ཡེ་ཤུ་དང་ད་ལྟ་ནང་པ་ཡིན་ཟེར། ཁོའི་ཡུལ་དེར་མི་གྲངས་ཕྱེད་ཀ་ཁ་ཆེ་དང་ཕྱེད་ཀ་ཡེ་ཤུ་བ་ཡིན་པ་དང་། ནང་པ་ནི་མཆོད་རྟེན་ངོ་མཚར་ཅན་སྦ་རོ་སྦ་རྡུར་གྱི་གཡས་གཡོན་དུ་ཐར་ཐོར་རེ་ལས་ མེད་པ་དང་། ཡུལ་དེར་ནང་པའི་བསྟན་པ་ཐོག་མར་གདན་འདྲེན་མཁན་ཨ་ཏི་ཤ་རེད་ཟེར་བས། ཁོ་བོས་ཨ་ཏི་ཤའི་སྔོན་ནས་ཡུལ་དེར་ནང་བསྟན་རྒྱ་ཆེར་དར་ཡོད་པས། ཨ་ཏི་ཤ་ཇོ་བོ་གསེར་གླིང་པའི་མདུན་དུ་བྱང་ཆུབ་སེམས་ཀྱི་མན་ངག་ཞུ་རུ་ཕེབས་པ་ ཞིག་ཡིན་ལུགས་བོད་ཡིག་ཏུ་ཡོད་པའི་ཇོ་བོའི་རྣམ་ཐར་དུ་གསལ་ལུགས་བརྗོད། ཁོས་སྐྱེ་བ་སྔ་ཕྱི་སྟོན་པའི་ཚེ་རབས་ལས་རྩིས་ཤིག་རྒྱག་རོགས་ཟེར་བས། ངས་ཁོ་ལ་ཁྱེད་ཀྱི་ཡི་དམ་གང་ཡིན་དྲིས་པར་མགོན་པོ་འོད་དཔག་མེད་ཡིན་ཟེར། ད་འོ་ན་འགྲིགས་འདུག མགོན་པོ་འོད་དཔག་མེད་ཀྱིས་གང་ཟག་སུ་ཞིག་གིས་ཁོང་གི་དག་ཞིང་བདེ་བ་ཅན་དུ་ སྐྱེ་བའི་སྨོན་ལམ་རྩེ་གཅིག་ཏུ་བརྒྱབ་ན་དེ་འགྲུབ་པའི་ཞལ་བཞེས་ཡོད་པས། ཁྱེད་ལ་ཚེ་རབས་ལས་རྩིས་དགོས་ཀྱི་མི་འདུག གལ་སྲིད་ཁྱེད་ལ་མགོན་པོ་འོད་དཔག་མེད་ལ་འགྱུར་བ་མེད་པའི་དད་པ་ཞིག་ཡོད་ན། ཁྱེད་རང་སྐྱེ་བ་རྗེས་མར་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་ཐུབ་ཀི་རེད་ལབ་པས་དགའ་ སོང་། ཡང་ཁོས་ཁོ་རང་བུ་མོ་ལ་ཞེ་དྲགས་དགའ་གི་འདུག་པས་དེས་ཆོས་སྒྲུབ་པ་ལ་བར་ཆད་ བྱེད་དམ་ཟེར་བས། གང་ཡང་བྱེད་ཀི་མ་རེད། བུ་མོར་ཕར་དགའ་ཚུར་དགའ་བྱོས། ཡིན་ཡང་བུ་མོ་མི་རྟག་པ་ཡིན་སོམས་དང་དེས་འགྲིག་གི་རེད་ལབ།
ཉིག་ཡོར་ནས་གློག་འཕྲིན་ ཞིག་བསླེབས་པའི་ནང་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་ཚོགས་འདུ་ཐེངས་གསུམ་པའི་ སྟེང་དུ་ཆེད་རྩོམ་སྒྲོག་སྦྱང་བྱེད་མཁན་ཚང་མ་གཏན་ཁེལ་ཟིན་པས་ཁྱོད་རང་ཟུར་ ཞུགས་པའི་ཚུལ་དུ་མགྲོན་འབོད་བྱེད་ཀི་ཡིན་ཞེས་བྲིས་འདུག ཚོགས་འདུ་འདི་ནི་ཨ་རིའི་ཞང་ཞུང་རིག་གཞུང་ཁང་དང་བོད་ཀྱི་གསུང་རབ་དཔེ་སྐྲུན་ ཁང་། ལ་རྩེ་དཔེ་མཛོད་དང་ཁོ་ལིམ་སྦིས་ཡ་མཐོ་སློབ་བཞི་མཉམ་འབྲེལ་གྱིས་བཀོད་སྒྲིག་ བྱེད་བཞིན་པ་ཞིག་རེད།
དེ་ནས་ལྕགས་རྟར་ཞོན་ཏེ་ མཚོ་ལྗང་ཁུའི་འགྲམ་ལ་སོང་བ་ན་གྲོགས་པོ་ཇེ་ཧྥུར་ཐུག་སོང་བས་ཁོ་ལ་འདྲ་པར་འགའ་ རྒྱག་ཏུ་བཅུག་ཅིང་། དེ་ནས་ཕར་ཙམ་སོང་བ་ན་ཨ་མདོ་ནས་ཡིན་པའི་ཨ་ཁུ་དཀོན་མཆོག་ཀྱང་མཚོ་སྐོར་ལ་འགྲོ་ བཞིན་པར་འཕྲད། མཚོ་མཐའི་ཤིང་གི་རྐུབ་སྟེགས་ཤིག་གི་སྟེང་ནས་གདོང་ཉི་མར་འཁོར་ནས་ཡུད་ཙམ་རིང་ སྡོད་སྐབས། མིག་གི་ལྟ་ཕྱོགས་ཤིག་གིས་རྐང་པའི་མདུན་དེར་ས་འབུ་ཐག་ནར་ཞིག་ག་ལེར་སའི་འོག་ནས་ཕྱིར་ཐོན་ཏེ་མགོ་ཉུག་ཉུག་གིས་ཡར་མར་ལན་མང་ཉུལ་རྗེས་རྩྭ་ལོ་ལྗང་ཁུ་དེ་ཚོའི་གསེབ་ཏུ་འཛུལ་སོང་། ཁོའི་གཟུགས་པོ་དེར་ཁབ་ཅིག་གི་ཆེ་ཆུང་ལས་མེད་ཀྱང་རྣམ་ཤེས་ཞེས་པའི་བདེ་སྡུག་གི་ཚོར་བ་མྱོང་མཁན་དེ་ཡོད་པས། རང་ཉིད་དང་འདྲ་བའི་འདུ་ཤེས་ཤིག་སྐྱེས་ཏེ་སངས་རྒྱས་ཀྱི་གཟུངས་སྔགས་འགའ་བཏོན་ནས་ཁོ་གཟུགས་པོ་ཆུང་ཆུང་དེའི་སྟེང་དུ་ཕུ་འགའ་བཏབ། དེ་རྗེས་ཕྱིར་ནང་དུ་ལོག་སྟེ་སྔོ་ཚོད་དང་གླང་ཤ་འདྲེས་མའི་ཐུག་པ་ཧ་ཅང་ཆེན་ པོ་ཞིག་གི་གང་སྐོལ་བཞིན་པའི་སྐབས་དེར། ཨ་མདོའི་གསར་བུ་གཉིས་དང་གསར་མོ་ཞིག་གི་ཁ་པར་ཡོང་ནས་མོ་མོ་བཟོ་གི་ཡིན་པས་ ཡོང་རོགས་ཟེར། དེ་ཚོར་སྒུག་བཞིན་ཆུ་ཚོད་གསུམ་ཙམ་ལ་བསྡད་མཐར་བསླེབས་སོང་། ཕོ་གསར་འདི་ནི་ཨ་མདོ་རྒན་གྱའི་ཡིན་ཞིང་ཉེ་ཆར་འདི་གར་གནས་སྤར་བྱས་པ་ཞིག་ཡིན། ཁོའི་ནང་དུ་རྒན་གྱའི་བྲག་དཀར་དགོན་པའི་དུས་དེབ་”གངས་རིའི་བཀྲག་མདངས་”ཞེས་པ་ཞིག་ལས་རང་གི་ཕུ་བོ་ལྡོང་ཕྲུག་གིས་བྲིས་པའི་”བདག་གི་དཔེ་ཀློག་ལམ་བུ་”ཞེས་ པ་ཞིག་འདུག་པ་ཕྲན་ཙམ་བཀླགས། དེབ་དེའི་ཁ་ཤོག་གི་ནང་དུ་གུང་རུ་མཁའ་འགྲོ་མ་སྐལ་བཟང་དམ་ཆོས་སྒྲོལ་མའི་འདྲ་ པར་ཡིད་དབང་འཕྲོག་པ་དེ་འདྲ་ཞིག་ཀྱང་འདུག དེ་ནས་ངེད་ཅག་གིས་ཀུན་དོང་དང་ཤ་བསྲེས་མའི་མོ་མོ་ཞིམ་པོ་ཞིག་བཟའ་ཞོར་ཁ་བརྡ་ བྱས། ཕོ་གསར་གཞན་པ་དེ་ཉིན་མཚན་གསུམ་ལ་ལས་ཀ་བྱས་ནས་གཉིད་མ་ཁུག་ཀྱང་དེ་ཙམ་ཐང་ཆད་ པའི་སྣང་བ་མི་འདུག

Subscribe to:
Post Comments
(Atom)
0 བསམ་ཚུལ་འདོན་པ།:
Post a Comment