ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Tuesday 18 October 2011
dscn4579
ཀླུ་སྨྱོན།
མདང་དགོང་རྨི་ལམ་ཟ་ཟི་མང་ ཞིང་ཉལ་ཁར་འབྲུག་མོ་ཞིག་གི་ངོ་དེབ་ལས་རྫོང་གསར་མཁྱེན་བརྩེའི་བརྗོད་ཚིག་དུམ་ བུ་འགའ་བཀླགས་པས་ཡིན་ནམ་ཁོང་རྨི་ལམ་ནང་ཕེབས་སོང་། ནམ་སྨད་ཆུ་ཚོད་ལྔ་བ་ཙམ་ལ་གཉིད་ལས་སད་བྱུང་བས་གློག་ཀླད་སྤར་ཏེ་དྲ་ངོས་སུ་ ཉུལ་ཙམ་བྱས་རྗེས་ཡང་སྐྱར་ཉལ་བསྡད་པས་ཆུ་ཚོད་དགུ་བ་བར་དུ་གཉིད་འདུག མདང་དགོང་གི་གནམ་གཤིས་སྔོན་བརྡ་དེ་ཐིགས་པོ་བྱུང་བ་འདྲ་སྟེ། མིག་ཕྱེས་དུས་ཉི་འོད་སེར་ལྷང་ལྷང་ཞིག་་ཉལ་སའི་ནང་དུ་འཕྲོས་འདུག་པའི་ཀློང་ དུ་ས་རྡུལ་ཕྲ་མོ་དུ་མ་ཞིག་རང་འོད་དམ་ལྡོག་འོད་འཕྲོ་བཞིན་བན་བུན་དུ་རྒྱུ་ བཞིན་འདུག ཁང་མིག་ཕར་ཕྱོགས་དེའི་ནང་དུ་སྟོན་པ་སོགས་ཀྱི་སྐུ་མདུན་དུ་མཆོད་པ་བཤམས་རྗེས་ འཇར་པན་ནས་ཐོན་པའི་སྤོས་དྲི་མ་ཞིམ་པོ་ཅན་ཞིག་སྤར་རྩིས་བྱས་ཀྱང་མེ་ཆས་དེ་མ་ རྙེད། དེ་ནས་ཁ་ཏོན་འདོན་ཞོར་དྲ་ངོས་ཉུལ། དེང་སྐབས་ཀྱི་ང་ནི་དྲ་འབུ་ངོ་མ་ཞིག་ཆགས་འདུག་ལ་ཤི་རྗེས་ཀྱང་དྲ་འབུའི་སྐྱེ་ བ་ལེན་པར་ཐེ་ཚོམ་མི་འདུག ཞོགས་ཇ་འཐུང་བཞིན་པའི་སྐབས་སུ། ཤག་མཚེས་ལྷ་བཟོ་མིག་དམར་གྱིས་སྦེ་སྦེ་སིའི་རླུང་འཕྲིན་ལས་བོད་ནང་ཨ་ནེ་ཞིག་ གིས་རང་ལུས་མེ་རུ་སྦར་བའི་གནས་ཚུལ་དེ་བརྗོད་སོང་ཟེར།

ཆུ་ཚོད་བཅུ་དང་ཕྱེད་ཀ་ཙམ་ ནས་མལ་ཁང་དུ་འཕྲོས་པའི་ཉི་འོད་དེ་རིམ་བཞིན་ཚ་བོར་གྱུར་པས། གྱོན་པ་ཡོངས་རྫོགས་ཕུད་དེ་ཉལ་སའི་ནང་གཅེར་བུར་ངོ་དེབ་ནང་གི་གྲོགས་པོ་འགའ་ རེ་ཁ་བརྡ་བྱེད་བཞིན་བསྡད། དེ་ཡང་བློ་བཟང་ཡེ་ཤེས་ལགས་དང་ཚེ་བརྟན་རྡོ་རྗེ་སོགས་དང་མཉམ་དུ་ཁ་བརྡ་རེ་བྱས། དེ་ཡང་སྔོན་གཤེགས་དཔའ་བོ་དཔའ་བོ་རྣམས་ལ་རྗེས་དྲན་མེ་ལྕེ་ཚོམ་བུ་ཞེས་པའི་ དེབ་ཅིག་དཔར་སྐྲུན་བྱེད་རྒྱུའི་སྐོར་ཡིན།
དེ་ནས་ཤོད་དུ་སོང་སྟེ་ཁ་ སང་བསྐོལ་པའི་སྔོ་ཚལ་དང་ཤ་འདྲེས་མའི་ཐུག་པ་དེ་ཚ་བོ་བཟོས་ཤིང་། ཐབ་ཚང་ཕྱི་སྒོའི་ཉི་འོད་དྲོ་ས་དེ་རུ་བསྡད་དེ་གཟའ་ཉི་མར་གོང་ས་མཆོག་གི་ཚ་མོ་ བསྟན་འཛིན་ཚེ་འཕེལ་ལ་འཁྲིད་རྒྱུའི་ཁོང་གི་ཕྱག་དེབ་མི་ཚེ་བཟང་པོ་ཞིག་ཇི་ལྟར་ སྐྱེལ་ཐབས་ཀྱི་ཉམས་ལེན་ཞེས་པའི་དེབ་དེའི་ནང་གི་དབྱིན་ཚིག་སྐོར་ཞིག་གི་འོག་ ཏུ་བོད་ཡིག་རེ་འབྲི་ཞོར། ཐུག་པ་ཚ་བོ་ཕོར་བ་གཉིས་བཏུངས་པས་གཟུགས་པོར་ཚ་བ་རྒྱས་ཤིང་ལྟོ་བའི་སྒང་ནས་ རྔུལ་ནག་བཞུར་ཡོང་། ཁོ་བོ་ངོ་ཤེས་པའི་ཁྭ་ཏ་ཞིག་གིས་ཟུར་གྱི་ཁང་ཀླད་ནས་ཟ་མ་ཞིག་སྤྲོད་རོགས་ཞེས་ སྐད་བཞིན་འདུག་པས། ནང་དུ་སོང་སྟེ་འཁྱག་སྒམ་ལས་འཇར་པན་གྱི་ཉ་ཤ་རྗེན་པ་སུའུ་ཤིའི་ཞེས་པ་དེ་ འགྱིམ་སྒང་གང་ཡོད་པ་དེ་ཁྱེར་ཡོང་ནས་འཁྲིས་ཀྱི་ཁང་ཀླད་དེར་འཕངས་པས། ཁྭ་ཏ་དེ་དང་ཁོའི་གྲོགས་པོ་ཉེ་འབྲེལ་སྐོར་ཞིག་མཉམ་དུ་འཛོམས་ནས་ཉིན་གུང་གི་ ཐུགས་སྤྲོ་དེར་རོལ་སོང་།
དེ་ནས་གློག་ཀླད་ཁྱེར་ཏེ་ ལྷ་ཁང་གི་མདུན་སྒོའི་གཡོན་ཕྱོགས་སུ་བསྡད་ནས་དེ་རིང་གི་ཉིན་ཐོ་འདི་བྲིས་ ཤིང་། ལྷ་ཁང་མདུན་གྱི་ཉི་མ་རེ་རེ་བཞིན་ལོ་མ་སེར་པོར་འགྱུར་བཞིན་པའི་ལྗོན་ཤིང་དེ་ ཡང་འདྲ་པར་དུ་བླངས། ལྗོན་པ་དེའི་རྩ་རུ་ཟགས་པའི་ལོ་མ་སེར་པོ་དེ་ཚོ་ནི་འཇིག་རྟེན་འདི་ནས་ཕྱི་མར་ བཞུད་ཟིན་པའི་རང་གི་གྲོགས་པོ་སྐོར་ཞིག་དང་། སེར་པོར་འགྱུར་བཞིན་པའི་ལོ་མ་དེ་དག་ནི་རང་དང་རང་གི་གྲོགས་པོ་མི་ལོ་སུམ་ཅུ་ རྫོགས་ཟིན་པ་སྐོར་ཞིག གཞི་ནས་སེར་པོར་འགྱུར་རྒྱུའི་ལོ་མ་དེ་དག་ནི་རང་གི་གྲོགས་པོ་གྲོགས་མོ་ལོ་ན་ ཉི་ཤུའི་ནང་ཡོད་པ་དེ་ཚོ་དང་འདྲ་བོ་འདུག་ཨང་བསམ་པ་ཞིག་ཀྱང་བྱུང་།
ཉི་འོད་ད་དུང་དྲོ་ཞིང་ གནམ་གྲུ་ཆེན་པོ་ཞིག་མཐའ་དབྱིངས་ཀྱི་མཐོ་སར་དུ་བ་རིང་བོ་ཞིག་དྲུད་དེ་ཁ་ལི་ ཧྥོ་ནི་ཡའི་ཕྱོིགས་སུ་འཕུར་བཞིན་འདུག དེ་ནི་གཅིག་བྱས་ན་རྒྱ་མཚོའི་ཕ་རོལ་གྱི་འཇར་པན་ནས་ཡོང་བ་ཡིན་སྲིད། ཨ་རིའི་ནུབ་བྱང་གི་རྒྱུད་དུ་འཇར་པན་མི་རིགས་ཧ་ཅང་མང་ཞིང་། དེ་ཡང་དམག་ཆེན་གཉིས་པའི་སྔ་ནུབ་དང་ལོ་རབས་དགུ་བཅུ་པའི་དུས་ནས་བཟུང་འཇར་པན་ པ་ཚོ་ཨ་རིའི་གནས་སྤོས་བྱེད་ཚད་ཇེ་མཐོར་སོང་བ་དེས་ཀྱང་ཡིན་སྲིད། དམག་ཆེན་གཉིས་པའི་སྐབས་སུ་ཨ་རིའི་ནང་ལོགས་ཀྱི་འཇར་པན་མི་རིགས་ཚོ་བྱེ་ཐང་དང་ ས་རྒོད་ཡིན་པའི་ས་ཆ་ཁུག་ཀྱོག་ཅིག་ལ་དེད་དེ་བཟང་བཙོན་ལྟ་བུར་བཞག་ཅིང་། དམག་ཆེན་མཇུག་བསྒྲིལ་རྗེས་མང་ཤོས་སྔོན་མ་གང་ནས་ཡོང་བ་དེ་རུ་ལོག་བཅུག་ཡོད་ འདུག འཇར་པན་པ་ནི་རྩ་བའི་ཆ་ནས་རྒྱ་མི་དང་བོད་པ་ནང་བཞིན་གཡོ་ཁྲམ་མགོ་བདེ་བྱེད་ མཁན་ལ་འཇོན་པོར་རྩི་བའི་མི་རིགས་ཤིག་མ་ཡིན་པར་གང་ཅིར་དྲང་བདེན་བྱེད་རྒྱུར་ དགའ་བའི་མི་རིགས་ཤིག་རེད།
ད་ཉི་འོད་འདིའི་ཀློང་དུ་གོམ་བགྲོད་འཆམ་འཆམ་ཞིག་བྱེད་འདོད་པས་དེ་ནས་ཕྱིར་ལོག་རྗེས་ཉིན་ཐོ་འདིའི་འཕྲོས་མུ་མཐུད་དེ་འབྲི་བར་བྱ། ་་་ ་་་
ཆུ་ཚོད་གཅིག་ཙམ་ལ་ཉི་འོད་ ཀྱི་ཀློང་དུ་འཆམ་འཆམ་ལ་ཕྱིན་ཏེ་སྐྱིད་པོ་དཔེ་མེད་ཅིག་བྱུང་། ལམ་ཁར་བྱིས་པ་ཁུར་བའི་བུད་མེད་རེ་ཟུང་། ཕྱི་དྲོའི་ཁ་ཟས་བཟའ་རུ་འགྲོ་བཞིན་པའི་མི་སྐོར་ཞིག རང་རང་གི་ཁང་པའི་ར་སྐོར་གཙང་མ་བཟོ་མཁན་ཁྱིམ་བདག་འགའ་རེ་སོགས་འཆར་ཅན་བཞིན་ མཐོང་རྒྱུ་ཡོད་ཅིང་། ལྗོན་ཤིང་མང་པོ་ཞིག་གི་ལོ་མ་དག་སེར་པོ་དང་དམར་སེར་དུ་གྱུར་འདུག་ཅིང་། ས་འདིའི་ལྗོན་ཤིང་སྐོར་ཞིག་གི་ལོ་མ་ལྗང་ཁུ་ནས་སེར་པོ་དང་སེར་པོ་ནས་དམར་པོར་ འགྱུར་བའི་སྐད་གྲགས་ཡོད་ཅིང་། ལོ་མ་དམར་པོ་དེ་རིགས་ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་ཁེ་ན་སྒྲའི་རྒྱལ་དར་གྱི་རི་ མོར་ཡང་བཞག་འདུག
གནས་ཚུལ་ཆེན་པོའམ་ཆུང་ ཆུང་གང་ཡིན་མི་ཤེས་ཀྱང་རང་ཉིད་ལ་ཚོར་སྣང་ཆེན་པོ་བྱུང་བ་ཞིག་ནི། གྲོགས་པོ་ཚེ་བརྟན་རྡོ་རྗེའི་ཟིན་བྲིས་ལས་ཨི་ཟི་རལ་གྱི་ཕོ་གསར་ཞིག་ཕ་ལི་སི་ ཐན་རང་བཙན་རྩོད་ལེན་པས་མི་གཏའ་རུ་ཁྲིད་དེ་ལོ་ལྔ་འགོར་བའི་དེ་རིང་གློད་གྲོལ་ བཏང་ཡོད་ཅིང་། ཁོ་རང་གི་རྒྱལ་ཁབ་ཏུ་ལོག་ནས་ལུང་པའི་སྲིད་འཛིན་ཚུན་ཆད་ཀྱིས་བསུ་བ་རྒྱ་ཆེན་ བྱས་འདུག རྒྱལ་ཁབ་འདིའི་ནང་དུ་མི་ལ་འདི་ལྟར་རིན་ཐང་ཆེ་ཞིང་། རྒྱ་ནག་དང་བོད་དུ་མི་ལ་འདི་འདྲའི་རིན་ཐང་མེད་པ་ནི་ག་རེ་ཡིན་ནམ།
ནང་ལ་ལོག་སྟེ་བརྙན་འཕྲིན་ གྱི་སྒོ་ཕྱེས་པ་ན། ལྷོ་ཁོ་རི་ཡའི་རྒྱལ་ས་སོའུ་ཡི་ཉ་རིགས་ཁྲོམ་ར་སྐད་གྲགས་ཅན་ཞིག་ཏུ་ཤ་གསོན་ པོའི་པགས་པ་དམར་བཤུ་བྱེད་པའི་ལག་རྩལ་དང་། ཁོ་ཚོའི་ཟ་མ་བཟོ་སྟངས་སོགས་ངོ་སྤྲོད་ཀྱི་ཚུལ་དུ་སྟོན་བཞིན་འདུག ཁོ་རི་ཡའི་མི་རིགས་འདིའི་པགས་པའི་མདངས་དྭངས་ཤིང་མཉེན་ལྕུག་ལྡན་པ་ཞིག་ཡིན་པ་ ནི་ཉིན་རྒྱུན་མཚོ་ཟས་ལོངས་སྤྱད་པས་ཡིན་ཞིང་། འཇར་པན་དང་ཁོ་ཚོའི་མིའི་ཚེ་ཐག་རིང་བ་ཡང་ཉ་རིགས་རྗེན་པ་བཟའ་བའི་རིག་གཞུང་ དེས་བསྐྱེད་པ་ཞིག་རེད། ང་རང་འདི་གར་ཐོག་མར་འབྱོར་དུས་ཉ་ཤ་རྗེན་པ་དེ་བཟའ་མ་ཐུབ་པར་དཀའ་ངལ་བྱུང་ཡང་། གོམས་ན་སླ་བར་མི་འགྱུར་བ་ཞིག་མེད་པའི་ཆོས་ཉིད་དེས་རང་དབང་མེད་པར་དེད་དེད་ པའི་མཐའ་མར། ལོ་མང་སྔོན་ནས་བཟུང་སུའུ་ཤི་ཞེས་པའི་ཉ་ཤ་རྗེན་པ་དེ་ཟོས་ན་སྐད་གྲགས་ཡོད་པ་ ཞིག་ཏུ་གྱུར་པས། དབྱར་ཁ་ཤར་ཐེངས་རེ་རེ་བཞིན་ཡོང་སྒོ་ཉུང་བའི་སྒོར་རྡོག་དེ་དག་ཉ་ཤ་རྗེན་བཟའ་ ལ་སྟིམ་བཞིན་ཡོད་ཀྱང་། ལོ་གཅིག་གི་སྔོན་ནས་བཟུང་དྲ་ཐོག་ནས་དྲ་གྲོགས་མ་ཞིག་གིས་རེ་སྐུལ་བྱས་པ་བཞིན་ རེ་ཞིག་ཉ་ཤ་རྗེན་བཟའ་དེ་མཚམས་བཞག་ཡོད།
དེ་ནས་ཚོགས་པའི་ཟླ་རེའི་ ཚོགས་འདུར་ཕྱིན་ཏེ་རང་གི་བསམ་ཚུལ་ཁག་ཅིག་བརྗོད་ཅིང་།
ཚོགས་ཞུགས་པ་ཞིག་གིས་ཁོའི་བུ་མོ་ཡོད་སའི་སློབ་གྲྭ་ཆེན་མོའི་ནང་དུ་ཡེ་ཤུ་དང་ཁ་ཆེ། ནང་ཆོས་དང་རྗེའུ་སོགས་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གང་ཞིག་སློབ་འདོད་ཀྱང་རང་རང་གི་འདོད་པ་བཞིན་འདེམ་ཆོག་གི་ཡོད་ཅིང་། མོའི་འཛིན་གྲྭའི་ནང་གི་སློབ་ཕྲུག་ཡོངས་རྫོགས་ཀྱིས་ནང་ཆོས་འདེམས་སོང་ཞེས་བརྗོད།
ཨ་རི་བ་རྒན་མོ་ཞིག་གིས་ཁོ་བོར་གཟའ་འཁོར་རེར་ཉི་མ་ལྔ་རེར་དབྱིན་ཇི་སློབ་ཀི་ ཡིན་ཟེར། མོ་ལ་ཟ་ཁང་ཞིག་ཡོད་པ་དེ་དེང་སང་འགྲོ་རྒྱུགས་ཆེན་པོ་འདུག་པས། དགོང་མོར་ཟ་མ་བཟའ་གི་སོང་ཚེ་ཕྱི་ལོགས་ནས་གྲལ་རིང་པོ་ཞིག་བསྒྲིགས་དགོས་ཀྱི་ ཡོད། མོ་ནང་པ་ཆགས་ནས་དེ་ཙམ་སོང་མེད་ཀྱང་། ཟ་ཁང་གི་ནང་དུ་སྟོན་པ་དང་གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་བཤམས་འདུག
བརྙན་འཕྲིན་ལས་སེ་མེན་ ཞེས་པའི་ཡུལ་འདིའི་ཉ་སྐད་གྲགས་ཅན་དེ་ཚོར་ནད་འབུ་ཞིག་གིས་རྒོལ་རྡུང་གཏོང་ བཞིན་པ་དང་། ཨ་རིར་སྐྱེས་པའི་ཕོ་གསར་འཇར་མན་པ་ཞིག་གིས་རྗེའུ་ཞི་གསོད་པའི་ལས་འགུལ་ཞིག་ བརྩམས་ཏེ་མི་བཞི་བསད་རྗེས་འཛིན་བཟུང་བྱས་འདུག

0 བསམ་ཚུལ་འདོན་པ།:

Post a Comment