ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Monday 24 October 2011
dscn4597
མདང་དགོང་ནམ་གུང་ཞིག་ལ་ གཉིད་ལས་སད་བྱུང་བས་ཆུ་ཚོད་གཅིག་ཙམ་ལ་རྡ་རམ་ས་ལར་ཡོད་པའི་ཨ་མདོའི་ཞི་མོ་ ཀླུ་མོ་མཚོ་ཞེས་པ་ཞིག་དང་མཉམ་དུ་ཐ་སྙད་ཅིག་གི་སྐོར་བགྲོ་གླེང་བྱས། དེ་ཡང་ཟླ་ཤས་སྔོན་ཞིག་ལ་མོ་དང་མཉམ་དུ་ཁ་བརྡ་བྱེད་དུས་མོའི་འདྲ་པར་ཞིག་གི་ རྒྱབ་ལྗོངས་གཞིར་བཞག་སྙན་ངག་འདི་འདྲ་ཞིག་བྲིས་པ་ཡིན།
བསྐལ་པར་བརྩེགས་པའི་རྡུལ་ཚོགས་དཀར་པོའི་བྱེ་མ་དགུ་ཚིགས་མུ་ཁྱུད་ལས་འཐོར་ཏེ། །
བསིལ་ལྡན་གངས་ཀྱི་ས་འཛིན་མཐོན་པོའི་རྨི་ལམ་མཛེས་པའི་རྒྱན་གཅིག་ཉིད་གྱུར་པ། །
སྨན་ལྗོངས་མཐའ་ཡི་ལྕགས་རི་ཅི་བཞིན་གནམ་སྔོན་བསྙེགས་པའི་གཟི་བརྗིད་དྲག་པོ་འདིས། །
དམར་པོ་ཁྲག་གིས་ལོ་རྒྱུས་བྲིས་པའི་བདག་གི་མེས་པོ་འབུམ་ཕྲག་དེ་རིང་དྲན། །
དེ་ནས་མར་ཉལ་བས་ཆུ་ཚོད་ དགུ་བ་བར་དུ་གཉིད་ལས་མ་སད། ཞོགས་པ་འདིར་མཁའ་དབྱིངས་སུ་ཆར་སྤྲིན་རྡོག་པོ་ཁྱུ་ཞིག་རྒྱུ་བའི་བར་གསེང་ནས་ གནམ་སྔོན་ཏོག་ཙམ་རེ་མཐོང་རྒྱུ་འདུག་ཅིང་། སྒེའུ་ཁུང་ལས་ལོ་མ་སེར་པོ་དག་གང་སར་སྟོན་རླུང་གི་ཁྲོད་དུ་འཕུར་བཞིན་པ་མཐོང་ བའི་མོད་ལ་སེམས་ནང་སྐྱོ་གདུང་དྲག་པོ་ཞིག་དབང་མེད་དུ་སྐྱེ་ཡོང་།

ཆུ་ཚོད་བཅུ་པར་ཚོགས་མི་ དག་མཉམ་དུ་འཛོམས་ནས་སྨོན་ལམ་བཏོན་ཅིང་། མཇུག་ཏུ་མི་འགའ་ཡར་ལངས་ནས་མཆོད་མེ་དང་སྤོས་ཏེ་སྤར་རྗེས་ངའི་གྲོགས་པོ་འདི་ དང་འདི་འདྲ་ཞིག་གྲོངས་སོང་བས་བསྔོ་བ་སྨོན་ལམ་ཏེ་གསུང་རོགས་ཟེར་བ་དང་། ཁོ་བོས་དང་པོར་བོད་པའི་གྲྭ་བཙུན་རང་ལུས་མེ་རུ་བསྒྲོན་མཁན་དེ་དག་དང་། གཉིས་པ་དེ་རྒྱ་ནག་གི་བུ་མོ་ཆུང་ཆུང་ལོ་གཉིས་ཅན་རླངས་འཁོར་གྱིས་བརྫིས་པ་དེ། གསུམ་པ་དེ་མདང་དགོང་ཁྲིར་ཁེའི་ལུང་པར་ས་ཡོམ་བདུན་དང་ཚེག་གཉིས་ཅན་ཞིག་བརྒྱབ་ སྟེ་མི་སྟོང་ཕྲག་བསད་རྨས་བཏང་བ་ཚོར་དེ་རིང་གི་དགེ་རྩ་འདི་བསྔོ་རོགས་ཞེས་ བརྗོད་པ་ཡིན། དེ་རྗེས་བླ་མ་ཚང་གིས་མི་དྲུག་ལ་སྐྱབས་འགྲོའི་སྡོམ་པ་གནང་བའི་ཁྲོད་དུ་བུ་ ཆུང་ལོ་བཞི་ཅན་ཞིག་ཀྱང་ཡོད། ཁོའི་ཨ་ཕ་གྲོངས་ནས་ཟླ་བ་རེ་ཟུང་ལས་ཕྱིན་མེད་པས་སྙིང་རྗེས་སོང་།
དེ་ནས་བླ་མ་དང་མཉམ་དུ་ཁོ་ རི་ཡའི་ཟ་ཁང་ནང་དུ་སོང་ཡང་དེ་རིང་གཟའ་ཉི་མ་ཡིན་པས་ཞབས་ཞུ་བ་མཛེས་མ་དེ་མི་ འདུག་པས་ཟ་མ་ཞིམ་ཡང་སེམས་པ་མི་སྐྱིད་ཀི་ཡ། རྩེད་མོ་ཡིན། དེ་རིང་གི་སྦྱིན་བདག་ནི་ཝེ་ནི་ནམ་གྱི་མི་མིང་ལ་ཐོ་ལོ་ཞེས་པ་ཞིག་ཡིན་ཞིང་། ཁོས་རྒྱན་རྩེད་ཁང་ཞིག་གི་འགན་འཛིན་བྱེད་བཞིན་ཡོད། ཁོས་སང་ལོའི་ཟླ་བ་བཞི་པ་ལྔ་པ་ཙམ་ཞིག་ལ་ཁོ་བོ་ཝེ་ཐི་ནམ་རྒྱལ་ཁབ་ཏུ་ཡོད་པའི་ ལྷ་ཁང་ཞིག་གི་ནང་དུ་ཆོས་བཤད་པར་གདན་འདྲེན་གྱི་ཡིན་ཟེར་ལ། ཡང་ཝེ་ཐི་ནམ་མི་རིགས་ཚོ་རྒྱ་མིའི་དབང་སྒྱུར་འོག་ཏུ་ལོ་ངོ་གཅིག་སྟོང་དང་དེ་ རྗེས་ཧྥ་རན་སིའི་དབང་སྒྱུར་འོག་ཏུ་ལོ་བརྒྱ་ལ་བསྡད་དེ་མཐར་རང་བཙན་ཐོབ་པ་ཡིན་ པས། བོད་པ་ཚོའི་སེམས་ཤུགས་ནམ་ཡང་ཆགས་ཉན་ནི་མ་རེད་ཟེར་བས་ལོས་བདེན་འདོད་སོང་།
ནང་ལ་ལོག་དུས་ཨ་མདོའི་ཞི་ མོ་ཞིག་གིས་མོའི་ངོ་ཤེས་ཤིག་གི་བཟའ་འཐོར་སྙན་ཞུ་བོད་ཡིག་ཏུ་ཡོད་པ་ཤོག་ལྷེ་ གཅིག་ཅན་ཞིག་ཁྱེར་ཡོང་ནས་དབྱིན་སྒྱུར་བྱེད་རོགས་ཟེར་ཡང་། ངས་དབྱིན་ཡིག་ཏུ་འབྲི་མི་ཤེས་པས་ངོ་ཤེས་ཤིག་ལ་རེ་བ་ཞུ་ཆོག་ལབ། ཉལ་ཁང་ནས་བསླེབས་མ་ཐག་འགྱེལ་མ་ལོག་གིས་ཉལ་ཁྲིའི་སྟེང་ཉལ་ནས་ཡུན་རིང་བསྡད། ཁོ་རི་ཡའི་ཟ་མ་དེ་ཚོ་ཕར་བལྟས་ན་གཙང་མདོག་དང་ཞིམ་མདོག འཕྲོད་བསྟེན་ལ་ཕན་མདོག་ཁ་བོ་ཡོད་ཀྱང་ཁོ་བོར་མཚོན་ན་དེ་ཚོ་ཟོས་ནས་ཅང་མ་འགོར་ བར་གཉིད་བྲོ་ནས་མི་བཟོད་པ་ཞིག་བསླེབ་རྒྱུ་འདུག
དེ་རྗེས་ཁོ་རི་ཡའི་གློག་ བརྙན་སྨན་པ་གཅེན་གཅུང་ཞེས་པ་ཞིག་གི་མགོ་ནས་ཏོག་ཙམ་མར་བལྟས། དེ་ཚོའི་གློག་བརྙན་འཁྲབ་མཁན་ཕོ་གཞོན་མོ་གཞོན་དེ་ཚོ་རྣམ་པ་རྫིག་པོ་དཔེ་མེད་ ཡོད་པ་དང་། བར་བཅུག་རོལ་དབྱངས་དང་གླུ་གཞས་དག་ཀྱང་ཚད་ལྡན་ཡིན་པས་ཡིད་དབང་འཕྲོག་པོ་ བྱུང་། དེ་ནས་མི་ཞིག་གིས་སྒོ་བརྡུངས་བྱུང་སོང་བས་སྒོ་ཕྱེས་པ་ན་ངོ་ཤེས་རྒྱ་མོ་ལོ་ གཞོན་ཞིག་ཡོད་པ་དེ་རེད། མོ་དང་མཉམ་དུ་ཁ་བརྡ་ཏོག་ཙམ་བྱས་ཤིང་ཁ་བརྡའི་བརྗོད་བྱ་དག་ནི་འདིར་གསང་བ་ཡིན། dscn46311
ཅང་མ་འགོར་བར་འདི་གར་ཨ་ རིའི་སྐྱེས་སྨན་གྱི་ཚོིགས་པ་ཞིག་གི་ས་རྗེ་བཙུན་སྒྲོལ་མའི་ཞབས་བྲོ་འཁྲབ་ སྟོན་བྱེད་བཞིན་ཡོད་པ་དེའི་འཁྲབ་གོས་དང་འཁྲབ་སྟངས་དེ་ཚོར་འདྲ་པར་འགའ་ལེན་ དུ་ལྷ་ཁང་ནང་དུ་སོང་། ཕྱིར་ལོག་ནས་གྲོགས་པོ་ཞིག་གི་རྩོམ་ཡིག་ལ་ཞུ་དག་བྱེད་རོགས་ཆུ་ཚོད་ཕྱེད་ཀ་ཙམ་ བྱས་རྗེས་དེ་རིང་གི་ཉིན་ཐོ་འདི་འབྲི་མགོ་བརྩམས་ཤིང་། ད་ནི་མུན་ཡོངས་སུ་རུབ་ནས་འཇིག་རྟེན་འདི་གཉིད་དུ་ཡུར་རན་འདྲ། བརྙན་འཕྲིན་ལས་ཨ་རི་བ་སྐོར་ཞིག་གིས་ཐ་ཡེ་ལན་སྒྲི་རུ་འགྲུལ་བཞུད་རྒྱན་པོ་ འགྱེད་བཞིན་འདུག དེ་ཡང་མི་གཉིས་རེ་གཉིས་རེ་བྱས་ནས་ས་ཆ་འདི་ནས་ས་གནས་གཞན་ཞིག་ཏུ་སུ་སྔོན་མར་ བསླེབས་ཐུབ་མིན་འགྲན་སྡུར་བྱེད་བཞིན་འདུག བུ་མོ་གཉིས་ཀྱི་དངུལ་ཚང་མ་རྫོགས་ཏེ་ཆུ་ཚོད་ལྔའི་རིང་གི་ལམ་ཁར་གོམ་པ་རྒྱག་ ལམ་དུ་གླ་འཁོར་ཁ་ལོ་བ་ཞིག་གིས་ཁོ་གཉིས་རིན་མེད་དུ་རྒྱལ་ས་སྦེན་ཁོག་ལ་བསྐྱལ་ སོང་།
ཆུ་ཚོད་དགུ་པའི་སྟེང་མུན་ ཁྲོད་དུ་འཆམ་འཆམ་ལ་ཕྱིན། ཆར་པ་ཟམ་ཟིམ་ཞིག་འབབ་བཞིན་ཡོད་ཅིང་གློག་གཞུ་གསལ་ལ་མི་གསལ་བ་ཞིག་ལམ་ཁའི་གཡས་ གཡོན་དུ་སྤར་བའི་འོད་སྣང་གི་ཁྲོད་དུ། སྔ་ས་ནས་སེར་པོར་གྱུར་ཚར་བའི་ལོ་མ་མང་པོ་ཞིག་མཐོང་ཐུབ་ཅིང་། དེ་དག་གིས་དཔྱིད་ཀ་དང་དབྱར་ཁའི་དུས་ཚིགས་སུ་ལྗང་མདོག་གི་ལང་ཚོའི་སྒེག་ཉམས་ ཤིག་བརྒྱུད་ནས་སྟོན་དུས་བར་དུ་བསླེབས་པ་རེད་ཨང་སྙམ་པ་ཞིག་ཀྱང་བྱུང་། ཆར་སྤྲིན་དག་གི་བར་གསེང་ནས་རྒྱང་རིང་གི་སྐར་མ་འོད་ཆེན་རེ་ཟུང་མཐོང་ཐུབ་ ཅིང་། རང་ཉིད་ལ་ཁེར་རྐྱང་དང་སྐྱོ་གདུང་གི་སྣང་བ་ཞིག་ཀྱང་དབང་མེད་དུ་སྐྱེས་བྱུང་། ཕྱི་དྲོར་རྒྱ་མོ་ངོ་ཤེས་དེས་ཁོ་མོར་མིང་སྲིང་གཅིག་ཀྱང་མེད་པར་ད་ལྟ་བར་དུ་ ཁེར་རྐྱང་གི་གདུང་བ་མྱོང་བཞིན་བསླེབས་པ་ཡིན་ཞེས་པའི་སྐད་ཆ་དེ་ཡང་དྲན་བྱུང་།
བརྙན་འཕྲིན་ལས་ཉེ་འདབས་ གྲོང་ཁྱེར་དུ་མེ་མདའ་བརྒྱབ་སྟེ་མི་བསད་པའི་དོན་རྐྱེན་ཞིག་སྟོན་བཞིན་འདུག་ ཅིང་། ཕལ་ཆེར་ཉིན་རེ་བཞིན་མེ་མདའ་གཞུས་པའི་དོན་རྐྱེན་འབྱུང་རྒྱུ་ནི་ཨ་རིའི་རིག་ གཞུང་གི་ཆ་ཤས་ཤིག་ཡིན་པ་དང་། རྒྱུ་མཚན་གཙོ་བོ་གཅིག་ནི་མི་ཞིག་གིས་མེ་མདའ་ཆེ་ཆུང་གང་ཞིག་ཉོ་ན་འདོད་ཀྱང་ ལམ་སང་ཚོང་ཁང་དུ་སོང་སྟེ་མདེའུ་དང་བཅས་པ་ཉོ་ཆོག་ཆོག་ཡིན་པས། ཆ་སྙོམས་བྱས་ན་ཨ་རིའི་མི་རེའི་ལག་ཏུ་མེ་མདའ་རེ་ཡོད་ཅེས་རྗོད་བཞིན་འདུག་ ཅིང་། ཨ་མེ་རི་ཁར་མེ་མདའ་གང་འདོད་དུ་འཚོང་ཆོག་པའི་ཁྲིམས་གཞི་གཏན་འབེབ་བྱེད་དགོས་ དོན་ནི། གཅིག་ནས་མི་མང་གི་རང་ལུས་སྲུང་སྐྱོབ་གྱི་ཆེད་དུ་ཡིན་པ་དང་། གཉིས་ནས་གལ་སྲིད་སྲིད་གཞུང་གིས་མི་མང་ལ་དྲག་གནོན་བྱེད་པའི་དུས་ཚོད་ཅིག་ཤར་ བ་ཡིན་ན་མི་དམངས་ལ་མེ་མདའ་ཡོད་པས་སྲིད་དབང་ལ་ངོ་རྒོལ་བྱེད་རྒྱུ་ལས་སླ་བོ་ ཡོང་ཆེད་ཡིན་རབས་ཟེར།

0 བསམ་ཚུལ་འདོན་པ།:

Post a Comment